http://zw.xzqnb.cn/Content/weixinlogo.png
དེ་ཡང་ཟང་ཟིང་ཡོ་ལང་གི་རྦ་རླབས་དྲག་ཏུ་འཕྱོ་བའི་གོ་ལའི་ཁམས་འདི
http://zw.xzqnb.cn/m/content/2024-07/05/000738.html
《汉文版》 《藏文版》

第04版:རྩོམ་རིག་དགའ་ཚལ།

༄༅། །བཀའ་དྲིན་ཅན་གྱི་ཡུམ་ཆེན།

༄༅། །ང་ཡི་དགེ་རྒན།

༄༅། །ང་ཡི་ཕུགས་བསམ།

༄༅། །མི་གཤིས་གསེར་གྱི་གཤིས་ཀ་ལྟར་དགོས།

༄༅། །གཅེན་མོར་སྤྲིངས་པའི་གཏམ།

等待处理…

༄༅། །མི་གཤིས་གསེར་གྱི་གཤིས་ཀ་ལྟར་དགོས།

作者 རིན་རྡོར།
2024年07月05日

དེ་ཡང་ཟང་ཟིང་ཡོ་ལང་གི་རྦ་རླབས་དྲག་ཏུ་འཕྱོ་བའི་གོ་ལའི་ཁམས་འདིའི་སྟེང་དུ་སྐྱེ་བོ་སོ་སོའི་ཁམས་དང་མོས་པ་སྣ་ཚོགས་པའི་དབང་གིས་མི་གཤིས་ཀུན་སྤྱོད་ཀྱང་འདྲ་མིན་སྣ་ཚོགས་ཤིག་ཆགས་ཡོད། མི་གཤིས་ཟེར་བ་ནི་ཡུན་ཐུང་གི་འབད་པས་གྲུབ་པ་ཞིག་མ་ཡིན་པར་དེར་ཡུན་རིང་གི་ཉམས་ལེན་བྱས་ཏེ་འདུས་བྱས་ཀྱི་རྒྱུ་འབྲས་སུ་གྲུབ་པ་ཞིག་ཡིན་ལ། དེ་ནི་མི་ཚེའི་ལམ་བུའི་སྟེང་གི་བྱ་བའི་ལེགས་ཉེས་དང་ལུགས་ཀྱི་བླང་དོར་འབྱེད་པའི་མིག་ཟུང་ལྟ་བུ་ཞིག་ཡིན་པས། གོམས་གཤིས་བཟང་པོས་མི་ཚེ་དོན་ལྡན་བྱེད། གོམས་གཤིས་ངན་པས་མི་ཚེ་སྡུག་ལ་སྦྱར་ཞེས་གསུངས་པ་ལྟར་མི་གཤིས་གསོ་བར་གོམས་གཤིས་ནི་མེད་དུ་མི་རུང་བའི་ངེས་མཁོའི་ཆ་རྐྱེན་ཞིག་ཡིན་ལ། གོམས་གཤིས་དེས་སྐྱེད་པ་ནི་ལྟོས་བཅས་ཀྱི་མི་གཤིས་ཟེར་བ་དེ་ཡིན་པའོ། །

བསིལ་ལྡན་ཁ་བའི་ལྗོངས་འདིར་ཤེས་རིག་གི་བློ་མིག་ཡངས་པོར་ཕྱེ་མཁན་གྱི་རྒྱ་བོད་ལོ་པན་རྣམས་ཀྱིས་རིམ་གཉིས་གནས་ལུགས་བསྟན་པའི་རྩོམ་པ་ནམ་མཁར་འགྲན་པ་ཡང་གསེར་གྱི་མདངས་ལ་འཁུ་བའི་མི་གཤིས་བཟང་པོ་ཉམས་ལེན་རྒྱུན་འཁྱོངས་མཛད་ནས། དུས་ཀུན་ཆད་མེད་དཀའ་བ་སྤྱད་དེ་དངོས་ཡོད་འཚོ་བའི་བསླབ་བྱ་དང་ཉམས་མྱོང་གསོག་འཇོག་གི་ཉིང་བཅུད་ཡིན་པ་ལས་གློ་བུར་གྱི་བྱ་རྡོ་ལམ་འཕྲད་བཞིན་སྟེས་དབང་གིས་གྲུབ་པ་ནི་ག་ལ་ཡིན། ཉིན་མཚན་ཀུན་ཏུ་ཟས་བརྗེད་གཉིད་བཅག་གིས་ལྟ་སྒོམ་སྤྱོད་གསུམ་ལ་གཅུན་སྡོམ་ནན་པོས་ཀུན་རྟོག་ཡིད་ཀྱི་སྒྲིབ་པ་གསལ་བར་མཛད་དེ་འགྲོ་དོན་གདམས་པར་གཉེར་བས་གཞན་དོན་བླ་ལྷག་གི་མཛད་འཕྲིན་གོང་ནས་གོང་དུ་འཕེལ་བཞིན་ཡོད་པ་ལྟ་བུ་རེད།

འོན་ཀྱང་། འཕེལ་རྒྱས་དང་འགྲན་རྩོད་ཀྱིས་ཁེངས་པའི་ཁོར་ཡུག་ནང་དབང་ཆ་དང་རྒྱུ་ནོར། ངོ་བསྟོད་དང་མཚན་སྙན་ཁོ་ན་དོན་དུ་གཉེར་བའི་ནད་ཡམས་དེས་སྤྱི་ཚོགས་ཧྲིལ་པོར་ལྷག་བསམ་དང་བྱམས་བརྩེ། དེ་བཞིན་སྙིང་རྗེ་སོགས་ཆར་རྗེས་ཀྱི་འཇའ་མཚོན་བཞིན་ཡལ་འགྲོ་བ་ནི་ཡིད་སྐྱོ་དགོས་པའི་དོན་དངོས་ཞིག་ཀྱང་ཡིན།

བསྟོད་པས་དགའ་བར་མི་འགྱུར་ཞིང་། །སྨད་པས་མི་དགར་མི་འགྱུར་བ། །སྐྱེས་བུ་དམ་པའི་མཚན་ཉིད་ལགས། །ཞེས་པ་ལྟར་ཐོལ་བྱུང་གི་ང་རྒྱལ་དང་ཞེ་སྡང་སོགས་གཅུན་སྡོམ་གང་ཐུབ་བྱས་ན་རིང་པོར་མ་ལོན་པར་རང་རྒྱུད་ཀྱི་མི་གཞི་ཀུན་སྤྱོད་ཀྱང་ཇེ་ལེགས་ཇེ་བཟང་དུ་འགྲོ་རྒྱུ་ནི་བསྙོན་དུ་མེད་པའི་ཆོས་ཉིད་ཅིག་ཡིན་པས། རང་ཚུགས་ཐུབ་པའི་གཤིས་ཀ་གསོ་སྐྱོང་བྱེད་ཤེས་ན་ན་མཉམ་གྱི་སློབ་གྲོགས་ཚོ་དང་ལྷན་དུ་བདེ་སྐྱིད་ཀྱི་ལས་ལ་ཅི་དགར་རོལ་ཐུབ།

དེ་བཞིན་གནའ་མིའི་གཏམ་ལས། ཀུན་སྤྱོད་གཙང་བས་གཞན་གྱི་ཡིད་དུ་འཐད། །སྨྲ་བརྗོད་ཉུང་བས་ཕོག་ཐུག་གཡེལ་བ་མེད། །ཞེས་གསུངས་པ་བཞིན་འཚོ་བའི་ཁྲོད་དུ་རང་ཉིད་ཀྱི་བསམ་སྤྱོད་ལ་བསམ་གཞིག་ནན་དུ་བྱས་ནས་མི་འདང་བའི་ཆ་རྣམས་ལེགས་བཅོས་སུ་གཏོང་ཐུབ་ན་ད་གཟོད་ཀུན་སྤྱོད་ཀྱིས་མཛེས་པའི་སྐྱེ་བོ་ཞིག་དང་བྱ་གཞག་ཅི་ཞིག་བརྩམས་ཀྱང་འགལ་རྐྱེན་བར་ཆད་མེད་པར་ལམ་ལྷོང་ངང་བསྒྲུབ་ཐུབ་ཅིང་། རང་ཉིད་དྲིན་གྱིས་བསྐྱངས་པའི་བརྩེ་ལྡན་ཡབ་ཡུམ་གཉིས་ཀྱང་རང་ཉིད་ཀྱི་དཔལ་དང་ཕུན་སུམ་ཚོགས་པའི་ཡོན་ཏན་གྱིས་སེམས་དབུས་ཀྱི་ཞིང་སར་རེ་འདོད་ཀྱི་སྦྲང་ཆར་འཇོ་བ་ལྟ་བུར་ཡོང་ངེས་སོ། །

西藏青年报

↑ TOP


按日期搜索
12 2022
 
 
 
 

西藏青年报藏文版

分享到

微信

QQ

QQ空间

微博