པར་ཆས་ཆུང་ཆུང་ཞིག་ཁྱེར་ནས་འཛམ་གླིང་ཡོངས་ལ་ཡུལ་སྐོར་དུ་འགྲོ་རྒྱུ་ནི་ཤིན་ཏུ་སྐྱིད་པའི་དོན་དག་ཅིག་ཡིན་ལ། ངའི་ཕུགས་བསམ་ཡང་དེ་ཡིན།
ལོ་ཞིག་གི་རྟ་རྒྱུག་དུས་ཆེན་སྐབས་སུ། ཚ་གདུང་ཧ་ཅང་ཆེ་བའི་རྐྱེན་གྱིས་ང་རང་ཚོང་ཁང་ཞིག་ཏུ་འཐུང་ཆ་ཉོ་བར་འགྲོ་བའི་ལམ་བར་དུ། ངས་མདུན་གྱི་སྦྲ་གུར་ནག་པོ་ཆེན་མོ་ཞིག་གི་འགྲམ་དུ་མི་མང་པོ་ཞིག་ཚོགས་ཡོད་པ་མཐོང་། ངས་མཚར་སྣང་གི་བསམ་བློ་ཞིག་ཁྱེར་ཏེ་མུ་མཐུད་མདུན་ཕྱོགས་སུ་བལྟ་བར་ཕྱིན། མི་ཚོགས་དེའི་འགྲམ་དུ་སླེབས་རྗེས་ཁོང་ཚོ་ནི་ཐག་རིང་ནས་ཡོང་བའི་ཡུལ་སྐོར་བ་རྐྱང་རྐྱང་ཡིན་པ་རྟོགས། ཁོ་ཚོའི་ལག་ཏུ་པར་ཆས་རེ་ཁྱེར་འདུག་པ་དང་། ཁོང་ཚོའི་ལྭ་བ་ནི་ཧ་ཅང་མཛེས་ཤིང་སྤུས་གཙང་བས། ཕར་བལྟས་པ་ཙམ་གྱིས་རྫིག་ཉམས་ཀྱིས་ཕྱུགས་པ་ཤ་སྟག་རེད་འདུག ང་གློ་བུར་དུ་ཁོང་ཚོར་ཡིད་སྨོན་ཚད་མེད་སྐྱེས་པ་དང་། རང་ཉིད་ཁོང་ཚོ་བཞིན་ཕྱོགས་བཞིའི་ཡུལ་གྲུ་འགྲིམ་པའི་ཡུལ་སྐོར་པ་ཞིག་ཏུ་གྱུར་ན་དགའ་བ་ལ་ཨང་བསམ་བྱུང་།
ནམ་རྒྱུན་ངས་བརྙན་འཕྲིན་དང་ཁ་པར་སོགས་ཀྱི་ཐོག་ནས་མཛེས་ལྗོངས་ཡིད་དུ་འོང་བ་རེ་མཐོང་དུས་འགྲོ་འདོད་ཀྱི་བསམ་པ་དྲག་ཏུ་ལྡིང་ལ། ལོ་རེའི་གུང་གསེང་གི་སྐབས་སུ་ཨ་ཕ་རྒྱ་ནག་ཏུ་འགྲོ་གི་ཡོད་པས། ཁོ་རང་ཕ་ཡུལ་དུ་ལོག་ཐེངས་རེར་ངས་ཁོང་གི་ཁ་པར་ནང་གི་འདྲ་པར་དེ་དག་ཡར་སློག་མར་སློག་བྱེད་པ་དང་། ཡུལ་ལྗོངས་སྐྱིད་པོ་རེ་མཐོང་འཕྲལ་དེ་མ་ཐག་ཏུ་བདག་གི་སེམས་པ་ཡོངས་སུ་འཕྲོག་འགྲོ།
ང་རང་ཡུལ་སྐོར་ལ་དགའ་བའི་རྒྱུ་མཚན་ནི། ཡུལ་སྐོར་ནི་རང་དབང་གིས་ཕྱུག་པའི་འགྲུལ་བཞུད་ཅིག་ཡིན་ལ། དེས་རང་གི་མཐོང་རྒྱ་བསྐྱེད་ནུས་པ་མ་ཟད། ད་དུང་རང་བྱུང་ཁམས་ཀྱི་མཛེས་སྡུག་གིས་མི་ལ་འཛད་དུ་མེད་པའི་སྤྲོ་སྣང་སློང་ཐུབ་ཀྱི་ཡོད་པས་ཡིན།
ང་རང་ཡུལ་སྐོར་དུ་འགྲོ་རྒྱུར་དགའ། སྔོན་ཆད་ཡུལ་སྐོར་ལ་ཐེངས་མང་པོ་འགྲོ་མྱོང་མེད་ན་ཡང་། ད་ལྟ་རང་ཉིད་ལོ་ན་ཆུང་དུས་སུ་སློབ་སྦྱོང་ལ་འབད་བརྩོན་བྱས་ཚེ་མ་འོངས་པར་ཡུལ་སྐོར་དུ་འགྲོ་རྒྱུའི་གོ་སྐབས་ཧ་ཅང་འབེལ་པོ་རག་ངེས་རེད་སྙམ། །
འབྲི་རུ་རྫོང་སློབ་འབྲིང་དང་པོའི་ལོ་རིམ༧(༣)
ཟུར་ཁྲིད་དགེ་རྒན། དགའ་བཟང་།