http://zw.xzqnb.cn/Content/weixinlogo.png
སྐྱེ་འགྲོ་སུ་ཞིག་ཡིན་རུང་ཚེ་སྲོག་ལས་རིན་ཐང་ཆེ་བའི་དངོས་པོ་ཅི
http://zw.xzqnb.cn/m/content/2024-07/05/000735.html
《汉文版》 《藏文版》

第04版:རྩོམ་རིག་དགའ་ཚལ།

༄༅། །བཀའ་དྲིན་ཅན་གྱི་ཡུམ་ཆེན།

༄༅། །ང་ཡི་དགེ་རྒན།

༄༅། །ང་ཡི་ཕུགས་བསམ།

༄༅། །མི་གཤིས་གསེར་གྱི་གཤིས་ཀ་ལྟར་དགོས།

༄༅། །གཅེན་མོར་སྤྲིངས་པའི་གཏམ།

等待处理…

༄༅། །བཀའ་དྲིན་ཅན་གྱི་ཡུམ་ཆེན།

作者 སྒྲོལ་དཀར་ལྷ་འཛིན།
2024年07月05日

སྐྱེ་འགྲོ་སུ་ཞིག་ཡིན་རུང་ཚེ་སྲོག་ལས་རིན་ཐང་ཆེ་བའི་དངོས་པོ་ཅི་ཡང་མེད་ཅིང་། ཚེ་སྲོག་འདི་སུ་ཞིག་གིས་སྤྲད་མིན་ཁྱེད་ཀྱིས་མནོ་བསམ་གྱིས་མྱོང་ངམ།

དེ་རིང་ཁྱེད་ལ་བརྗོད་འདོད་པ་ནི། བཀའ་དྲིན་རྒྱ་མཚོ་ལས་ཟབ་པའི་ཡུམ་ཆེན་ལགས་ཡིན། ང་དང་མ་ཡུམ་བར་ལ་ཆེས་བརྗེད་པར་དཀའ་བའི་གཏམ་རྒྱུད་མང་པོ་ཡོད་ཨང་།

ལོ་ཟླ་ནི་མགྱོགས་འགྲོའི་རྗེས་སུ་སྙེགས་ལ། འཇའ་ཚོན་དང་འདྲ་བར་རླབས་ཆེན་མ་ཡུམ་ཡང་དཀའ་སྡུག་གི་མནར་བའི་མི་ཚེའི་ཁྲོད། སྔར་གྱི་ལང་ཚོའི་དཔལ་འབར་བའི་བུད་མེད་དེ། ད་ལྟ་འཁར་རྒྱུག་ལག་ཏུ་ཐོགས་པའི་རྒས་འཁོགས་ཤིག་ཏུ་གྱུར་ཟིན། ངས་ངེས་གསལ་ལ། ཉིན་ཞིག་ང་དང་གཅེན་མོ་གཉིས་ཐག་རིང་ཡུལ་དུ་དབྱར་རྩྭ་བརྐོ་བར་སོང་། དེ་ཉིན་དྲག་ཆར་ཤག་ཤག་ཏུ་བབས་ཤིང་། འབྲུག་སྒྲ་ལྡིར་ལྡིར་དུ་གྲགས་ལ། གློག་དམར་དང་ཐོག་བརྒྱབ་པའི་གནས་ཚུལ་གྱིས། མི་རེ་ཟུང་རྐྱེན་ལམ་དུ་ཤོར་བའི་གཏམ་ཨ་མས་གོ་ཐོས་བྱུང་སྟེ། དངངས་སྐྲག་ཆེན་པོས་ང་གཉིས་གང་སར་འཚོལ་བར་སོང་རུང་མ་རྙེད།

མི་གཞན་རྣམས་ཁྱིམ་དུ་ལོག་ནའང་། ང་གཉིས་ད་དུང་ལོག་རྒྱུ་མེད་པས། ཨ་མ་སེམས་ཁྲལ་གྱིས་ཆར་ཞོད་ལ་མ་འཛེམས་པར་ང་གཉིས་འཚོལ་བར་རྒྱུག ཆར་པ་ཆད་རྗེས་ང་གཉིས་དལ་བུར་ཁྱིམ་དུ་ལོག ཁྱིམ་གྱི་སྒོ་ཁར་སླེབས་དུས་ཨ་མ་ནི་ཆར་ཆུ་དང་འདམ་བག་འཛར་རེར་ངུ་སྒྲས་ཁེངས་འདུག ང་དང་གཅེན་པོས་གནས་ཚུལ་ཅི་ཞིག་ལྷག་མིན་མ་ཤེས་པར་ཨ་མའི་གམ་དུ་སོང་ཚེ། ཨ་མས་ང་གཉིས་རིག་པ་དང་མིག་མདངས་དམར་པོར་གྱུར་ཅིང་། ལུས་པོ་འདར་སིག་སིག་གིས་སྐེ་ལ་འཐམས་ནས་ངུས་བྱུང་། ང་གཉིས་ཀྱང་ཨ་མར་འཐམས་ནས་མཉམ་དུ་ངུས། ཨ་མས་འདར་བཞིན་པའི་ཕྱག་གིས་གདོང་ལ་བྱིལ་བྱིལ་བྱེད་ཀྱིན། སྐད་ཆུང་ངུས་ཁྱེད་གཉིས་གང་དུ་སོང་བ་ཡིན། ཨ་མས་སེམས་ཁྲལ་ག་ཚོད་བྱས་ཡོད་མེད་ཤེས་མ་བྱུང་ངམ་ཟེར། ང་རང་ནི་མགྲིན་པ་བརྣངས་ནས་སྐད་ཆ་ཅི་ཡང་བརྗོད་མ་ཐུབ།

ཡུམ་ཆེན་ལགས། ཁྱེད་ནི་ངའི་མི་ཚེའི་ཁྲོད་ཀྱི་ལམ་སྟོན་སྒྲོན་མེ་དང་། ང་ལ་རིན་ཐང་བྲལ་བའི་ཚེ་སྲོག་གནང་མཁན་དེ་ཡིན་ལ། ད་བར་དཔྲལ་བའི་མིག་དང་ཁོག་པའི་སྙིང་བཞིན་ང་རང་བསྐྱངས། ཨ་མ་ལགས། ཁྱེད་ཀྱི་བྱམས་བརྩེའི་འཛུམ་མདངས་དང་གཞུང་དྲང་ལྡན་པའི་བློ་སེམས་དེ་བུ་མོ་ངས་དུས་ནམ་ཡང་ཡི་རངས་ཞུ་བཞིན་ཡོད། ཁྱེད་སྐུ་ལས་ཁག་སོང་། ངས་སློབ་ལ་འབད་བརྩོན་བྱས་ནས་མ་འོངས་པར་ཁྱེད་ཀྱི་དྲིན་ལན་འཇལ་བར་བརྩོན་འདོད། །

འབྲི་རུ་རྫོང་སློབ་འབྲིང་དང་པོའི་ལོ་རིམ༩(༡༣)

ཟུར་ཁྲིད་དགེ་རྒན། རྒྱ་ལོད།

西藏青年报

↑ TOP


按日期搜索
12 2022
 
 
 
 

西藏青年报藏文版

分享到

微信

QQ

QQ空间

微博