http://zw.xzqnb.cn/Content/weixinlogo.png
གཅེན་མོར་སྤྲིངས་པའི་ཡིག་ཆུང་། །ཀློག་ན་ཁ་ཡི་བདུད་རྩི། །ཉན་ན་རྣ
http://zw.xzqnb.cn/m/content/2024-07/05/000739.html
《汉文版》 《藏文版》

第04版:རྩོམ་རིག་དགའ་ཚལ།

༄༅། །བཀའ་དྲིན་ཅན་གྱི་ཡུམ་ཆེན།

༄༅། །ང་ཡི་དགེ་རྒན།

༄༅། །ང་ཡི་ཕུགས་བསམ།

༄༅། །མི་གཤིས་གསེར་གྱི་གཤིས་ཀ་ལྟར་དགོས།

༄༅། །གཅེན་མོར་སྤྲིངས་པའི་གཏམ།

等待处理…

༄༅། །གཅེན་མོར་སྤྲིངས་པའི་གཏམ།

作者 རིན་ཆེན་ཆོས་སྐྱིད།
2024年07月05日

གཅེན་མོར་སྤྲིངས་པའི་ཡིག་ཆུང་། །

ཀློག་ན་ཁ་ཡི་བདུད་རྩི། །

ཉན་ན་རྣ་བའི་བུ་རམ། །

བལྟས་ན་མིག་གི་ལོངས་སྤྱོད། །

སྙིང་ནས་བརྩེ་བའི་གཅེན་མོ། །

ལྷ་ཡི་སྲས་མོ་འདྲ་བྱུང་། །

ང་ཡི་བརྩེ་བའི་གཅེན་མོ། །

ནམ་མཁའི་ནོར་བུ་འདྲ་བྱུང་། །

ཕྱག་ཟུང་མཉེན་ལྕུག་ལྡན་པ། །

གར་མཁན་མ་ཡི་སྟངས་སྟབས། །

ཞལ་རས་དྭངས་བའི་མཛེས་ཉམས། །

མཁའ་དབྱིངས་བཅོ་ལྔའི་ཟླ་བ། །

ངང་རྒྱུད་རིང་བའི་གཤིས་སྤྱོད། །

དལ་འགྲོ་མ་དང་འདྲ་བ། །

གཏིང་གི་སེམས་པ་དཀར་པོ། །

ཀུན་གསལ་མེ་ལོང་འདྲ་བྱུང་། །

དཀའ་སྤྱད་རུས་ལ་བརྩོན་པ། །

ས་མཐོའི་གངས་ལྷ་མེ་ཏོག །

ཕངས་མེད་སྦྱིན་པ་གཏོང་བ། །

ནོར་བུ་དགོས་འདོད་ཀུན་བྱུང་། །

ཚེ་སྔོན་ལས་ཀྱི་འདུས་པའི། །

ཁྱེད་དང་མཇལ་འཕྲད་བྱུང་སོང་། །

བྱ་རྒོད་དབྱིངས་སུ་འཕུར་བའི། །

ལྡེམ་འཁྱུག་གཤོག་རྩལ་ངོམས་ཡོད། །

མ་འོངས་དཀའ་ཚེགས་བྲག་རི། །

འབད་པས་ཨི་ཁུང་འབིགས་དགོས། །

གོང་ལ་བརྗོད་པའི་གཏམ་དག །

ཁ་ཡི་ཀུ་ཅོ་མིན་པས། །

སེམས་འཕྲིན་དྲན་པ་དམར་པོ། །

ཟོལ་མའི་རྒྱུ་དང་བྲལ་ཡོད། །

བཀྲ་ཤིས་གཡང་གི་སྨོན་ལམ། །

ཡང་ནས་ཡང་དུ་ཞུས་ཡོད། །

ལྷ་ས་མཐོ་འབྲིང་གཉིས་པའི་ལོ་རིམ༢(༧)

ཟུར་ཁྲིད་དགེ་རྒན། པ་སངས་ལྷ་སྐྱིད།

西藏青年报

↑ TOP


按日期搜索
12 2022
 
 
 
 

西藏青年报藏文版

分享到

微信

QQ

QQ空间

微博