http://zw.xzqnb.cn/Content/weixinlogo.png
དེང་རབས་ཀྱི་གཞོན་ནུ་ནི་བསམ་བློ་ཆབ་སྲིད་ལ་བརྟེན་ནས་རྒྱལ་གཅེས་
http://zw.xzqnb.cn/m/content/2023-10/20/000319.html
《汉文版》 《藏文版》

第04版:རྩོམ་རིག་དགའ་ཚལ།

༄༅། །འཚོ་བའི་ནོར་བུ།

༄༅། །དེང་རབས་ཀྱི་གཞོན་ནུ།

༄༅། །ཕ་ཡུལ་གྱི་རྣམ་པ།

༄༅། །ཞེ་ལ་ཐོགས་པའི་ཁྱོད།

༄༅། །བདེ་སྐྱིད་ཕྲན་བུ།

等待处理…

༄༅། །དེང་རབས་ཀྱི་གཞོན་ནུ།

作者 བསོད་བཀྲ།
2023年10月20日

དེང་རབས་ཀྱི་གཞོན་ནུ་ནི་བསམ་བློ་ཆབ་སྲིད་ལ་བརྟེན་ནས་རྒྱལ་གཅེས་ཀྱི་འཐབ་ཕྱོགས་གཅིག་གྱུར་རང་བཞིན་དང་། ལས་གཏོད་རང་བཞིན། སྤུས་གཙང་རང་བཞིན་བཅས་སྔར་བས་ལེགས་སུ་གཏོང་བ་དང་རང་ངོས་འཛུགས་སྐྱོང་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་རྒྱག་པ་བཅས་བྱས་ཏེ་གཞོན་ནུ་གཅིག་འདུས་ཀྱིས་ཕུགས་བསམ་འཛུགས་དགོས།

མེས་རྒྱལ་གོང་བུ་གཅིག་སྒྲིལ་ཡོང་ཆེད་གཞོན་ནུ་མཛུབ་ཁྲིད་ནན་ཏན་གྱིས་འཕེལ་རྒྱས་གཏོང་བ་དང་། སྐྱེད་སྲིང་བྱས་ཏེ་རྒྱ་ཆེའི་གཞོན་ནུ་སྐྱོན་བྲལ་ངང་འཚར་ལོངས་ཡོང་རྒྱུར་ལྟ་སྐུལ་དང་གསོ་སྐྱོང་བྱེད་པ། སྔར་ལས་ལྷག་པའི་སྒོ་ནས་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་མེས་རྒྱལ་ཁྱིམ་གཞིས་རྒྱུན་འཛིན་དང་། གཞོན་ནུའི་ལས་དབང་དང་འབྲེལ་བའི་རིགས་པའི་གཞུང་ལུགས་ལ་སྦྱོང་བརྡར་དང་ཞུན་བརྡར་ཡག་པོ་སྤྲོད་དགོས།

དེ་བས་ཀྱང་གཞོན་ནུར་དུས་རབས་ཀྱི་ལས་འགན་དང་འགན་འཁྲི་ལྕི་པོ་སྤྲད་ནས་ཏང་དང་རྒྱལ་ཁབ། མི་དམངས་བཅས་ཀྱིས་མངགས་བཅོལ་དང་རེ་བ་ཆུད་ཟོས་མི་གཏོང་བར་རང་འགན་ལེགས་སྒྲུབ་ཡོང་བ་བྱས་ནས་གཞོན་ནུའི་ལང་ཚོར་དོན་སྙིང་ལྡན་པའི་ཐོག་ནས་ཏང་དང་མི་དམངས་ཀྱི་ཆེད་དུ་བྱ་གཞག་ཆེན་པོ་སྒྲུབ་དགོས། །

西藏青年报

↑ TOP


按日期搜索
12 2022
 
 
 
 

西藏青年报藏文版

分享到

微信

QQ

QQ空间

微博