西藏青年报藏文版རྩོམ་རིག་དགའ་ཚལ། ༄༅། །འཚོ་བའི་ནོར་བུ། ༄༅། །དེང་རབས་ཀྱི་གཞོན་ནུ། ༄༅། །ཕ་ཡུལ་གྱི་རྣམ་པ། ༄༅། །ཞེ་ལ་ཐོགས་པའི་ཁྱོད། ༄༅། །བདེ་སྐྱིད་ཕྲན་བུ།

放大 缩小 默认

༄༅། །ཕ་ཡུལ་གྱི་རྣམ་པ།

□ 作者 བསོད་བསྟན།

བདག་གི་ཕ་ཡུལ་ནི་བརྗིད་ཆགས་ཡིད་དུ་འོང་བའི་བོད་ལྗོངས་ལྷོ་ཁ་སྣེ་གདོང་རྫོང་དུ་ཆགས་ཡོད།

ང་ཚོའི་ཕ་ཡུལ་གྱི་རི་ཀླུང་དང་དྭངས་གཙང་གི་ཆུ་རྣམས་ནི་གཏེར་ངོ་མ་ཡིན་པས། འཐུང་ན་གཟུགས་གཞི་ལ་ཕན་ཐོགས་ཆེན་པོ་ཡོད། རི་ནི་ཤིན་ཏུ་མཐོ་ཞིང་བརྗིད་ཉམས་ལྡན་ལ་ངོ་མཚར་ཤིན་ཏུ་ཆེ། དགུན་ཁ་སླེབས་སྐབས། བདག་གི་ཕ་ཡུལ་གྱི་ས་གཞི་ཡོངས་ལ་གངས་ཀྱིས་གཡོགས་ཤིང་བྱ་སྤུའི་སྟོད་ཐུང་ཞིག་གོན་པ་དང་འདྲ། སྟོན་ཁ་ས་གཞི་ཐམས་ཅད་སེར་ལྷང་ངེར་གྱུར་ཞིང་། ལམ་འགྲམ་གཡས་གཡོན་གྱི་ལྕང་མའི་ལོ་མ་རྣམས་སེར་པོར་གྱུར་ནས། ས་ལ་ལྷུང་བས་དུས་བྱ་རྣམས་ཕྱོགས་གཞན་ལ་དགུན་སྐྱེལ་བར་འགྲོ་བཞིན་ཡོད། སྟོན་ཁའི་ལྷག་པ་ནི་དེ་འདྲའི་བསིལ་བ་ལ་ཨང་། བསིལ་རླུང་རྒྱབ་མ་ཐག་ལོ་མ་རྣམས་ཚག་ཚག་ཅེས་སྡོང་པོ་ལས་མར་ལྷུང་བས། མི་སེམས་ལ་སྤྲོ་སྣང་བྱིན་གྱི་ཡོད།

ཨེ་མ། བདག་གི་ཕ་ཡུལ་གྱི་རྣམ་པ་ནི་དེ་འདྲའི་མཛེས་པ་ཞིག་རེད་ཨང་། དེར་བརྟེན་དུས་ཚོད་སྐར་ཆ་གཅིག་ལ་ཡང་དམ་འཛིན་བྱས་ཏེ། རང་རེའི་ལས་ལ་འབད་པས་བརྩོན་ནས་མ་འོངས་རང་གི་ཕ་ཡུལ་གི་རྣམ་པ་དེ་ལས་མཛེས་པ་དང་། འཛུགས་སྐྲུན་དེ་ལས་བརྗིད་ཆགས་པ་བྱ་རྒྱུའི་སེམས་ཤུགས་ཡོད་དོ། །

放大 缩小 默认
西藏青年报社出版  |  国内统一刊号:CN54—0006  |  邮发代号:67—11
制作单位:中国西藏青年报  |  所有内容为中国西藏青年报版权所有,未经授权不得复制转载或建立镜像  |  藏ICP备2022000062号
声明