ཤར་ཕྱོགས་རི་བོའི་རྩེ་ནས། །རྟ་བདུན་དབང་པོ་ཕེབས་བྱུང་། །
ཡིད་ལ་དྲོ་སྐྱིད་སྦྱིན་པས། །ང་རང་སེམས་པ་དགའ་སོང་། །
མི་ཡུལ་ས་མཐར་སླེབས་ཀྱང་། །ཕ་ཡུལ་བློ་ལ་དྲན་སོང་། །
ཡུལ་གྱི་རྣམ་པ་གསར་པོས། །སེམས་གསོ་ཅུང་ཟད་གནང་བྱུང་། །
སློབ་གཉེར་ལམ་དུ་ཆས་དུས། །དགེ་བའི་བཤེས་གཉེན་འཕྲད་བྱུང་། །
ཤེས་རབ་རྣམ་དཔྱོད་འཛོམས་ན། །ཤི་ཡང་འགྱོད་པ་ཅི་ཡོད། །
གང་བསམ་ལྷུན་འགྲུབ་མིན་ཡང་། །ཡར་ངོའི་ཟླ་ལྟར་འཕེལ་བའི། །
རེ་བ་རྩོམ་དུ་བཀོད་ཚེ། །འཆར་སྣང་ཅི་ཞིག་ཡོང་ངམ། །
ཨ་མའི་མདུན་དུ་ཆས་འགྲོ། །དྲིན་ཅན་མ་ཡུམ་དྲུང་ན། །
ཤེས་མེད་བྱིས་པ་ཡིན་པས། །སྡུག་བསྔལ་ཅི་ཡང་མེད་རེད། །
སྲིད་ཇུས་བཟང་པོའི་བདུད་རྩི། །ཁ་བའི་ལྗོངས་ལ་དར་སོང་། །
འགྲོ་འདུག་སྐོམ་པ་སེལ་དུས། །དེ་ལས་སྐྱིད་པ་མི་འདུག །
ལྷ་ས་ཅང་སུའུ་ཚོད་སློབ་ལང་ཚོའི་མེ་ཏོག་རྩོམ་རིག་ཚོགས་པ།
ཟུར་ཁྲིད་དགེ་རྒན། ཚེ་བརྟན་རྒྱལ་པོ།