http://zw.xzqnb.cn/Content/weixinlogo.png
གཉིད་མི་ཁུག་པའི་མཚན་མོ་རེ་རེར། ངས་འདས་ཟིན་པའི་དགའ་སྐྱོ་གཉིས་ལ
http://zw.xzqnb.cn/m/content/2023-10/20/000321.html
《汉文版》 《藏文版》

第04版:རྩོམ་རིག་དགའ་ཚལ།

༄༅། །འཚོ་བའི་ནོར་བུ།

༄༅། །དེང་རབས་ཀྱི་གཞོན་ནུ།

༄༅། །ཕ་ཡུལ་གྱི་རྣམ་པ།

༄༅། །ཞེ་ལ་ཐོགས་པའི་ཁྱོད།

༄༅། །བདེ་སྐྱིད་ཕྲན་བུ།

等待处理…

༄༅། །ཞེ་ལ་ཐོགས་པའི་ཁྱོད།

作者 ཨོ་རྒྱན་སྒྲོལ་མ།
2023年10月20日

གཉིད་མི་ཁུག་པའི་མཚན་མོ་རེ་རེར། ངས་འདས་ཟིན་པའི་དགའ་སྐྱོ་གཉིས་ལྡན་གྱི་ལོ་ཟླ་གང་མང་ཞིག་གི་ཕྱིར་དྲན་གྱི་ཀློང་ནས་ཁྱོད་རང་དྲན།

གཉིད་མི་ཁུག་པའི་མཚན་མོ་རེ་རེར། དུས་ད་ལྟ་ཁོ་མོས་ཇི་ཙམ་བཙལ་རུང་རྙེད་དུ་མེད་པའི་ཁྱོད་རང་བཞུད་ཟིན་པར། བཟོད་མེད་ཀྱི་ཕངས་སེམས་སྐྱེ་བཞིན་ཁྱོད་ཉིད་དྲན།

གཉིད་མི་ཁུག་པའི་མཚན་མོ་རེ་རེར། ངས་མ་འོངས་པའི་བཀྲ་ཤིས་པའི་ལོ་ཟླ་གང་རུང་ཞིག་གི་དུས་ལ་སླར་ཡང་ཁྱོད་དང་མཉམ་དུ་འཛོམས་ཏེ། སྔར་བཞིན་བདེ་སྐྱིད་ཀྱི་དཔལ་ལ་རོལ་བའི་སྟོང་བསམ་མངོན་དུ་འགྱུར་བའི་འཆར་ཡན་གྱི་ཀློང་ནས་རང་སེམས་རང་གིས་གསོས།

གཉིད་མི་ཁུག་པའི་མཚན་མོ་རེ་རེར། ངས་ཁྱོད་ཀྱི་བྱམས་དང་བརྩེ་བ། དགའ་བ་དང་དུང་བ། བཀའ་དྲིན་བླ་ལྷག་གིས་བསྐྱངས་པའི་དྲོད་ཁོལ་དྲན། ལྷག་ཏུ་ང་ལ་གྱེས་ཁའི་བཀའ་མོལ་ཚིག་གཅིག་དང་བཅོལ་གཏམ་ཚིག་གཅིག་ཀྱང་མེད་པར་བཞུད་སོང་བར། སྨྲ་མི་ཤེས་པའི་ཕངས་སེམས་ཤིག་དང་བརྗོད་པར་དཀའ་བའི་དྲན་གདུང་གིས་བཅིངས་ཡོད།

འཛོམས་པ་མི་ཡི་ལས་དབང་ཡིན་ལ་བྲལ་བ་འཁོར་བའི་ཆོས་ཉིད་དེ། འདི་ནི་མི་ཚེ་རེད་དེ། མི་ཚེའི་བགྲོད་རིམ་ཡང་རེད། འདི་ནི་འཁོར་བ་ཡིན་ལ། འཁོར་བའི་ཆོས་ཉིད་དོ། །

西藏青年报

↑ TOP


按日期搜索
12 2022
 
 
 
 

西藏青年报藏文版

分享到

微信

QQ

QQ空间

微博