西藏青年报藏文版རྩོམ་རིག་དགའ་ཚལ། ༄༅། །འཚོ་བའི་ནོར་བུ། ༄༅། །དེང་རབས་ཀྱི་གཞོན་ནུ། ༄༅། །ཕ་ཡུལ་གྱི་རྣམ་པ། ༄༅། །ཞེ་ལ་ཐོགས་པའི་ཁྱོད། ༄༅། །བདེ་སྐྱིད་ཕྲན་བུ།

放大 缩小 默认

༄༅། །འཚོ་བའི་ནོར་བུ།

□ 作者 བསོད་བསྟན།

འཇིག་རྟེན་འདིའི་ཐོག་ཏུ་གནས་པའི་སྐྱེ་འགྲོ་ཚང་མར་འཚོ་བའི་ནོར་བུ་རེ་ཡོད་ལ་ཡོད་ཀྱང་དགོས། ང་ཚོས་བློ་ཞིབ་མོས་བསམ་བློ་རེ་བཏང་ན་རང་ཉིད་ཀྱི་འཚོ་བའི་ནང་མེད་དུ་མི་རུང་བའི་འཚོ་བའི་ནོར་བུ་མང་དག་ཅིག་ཡོད་ལ། དེ་བས་ཀྱང་འདོར་དུ་མེད་པའི་རང་ཉིད་ཀྱི་ཕ་མ་སྤུན་མཆེད་དང་ཡུལ་མི་ལྷན་རྒྱས་ད་དུང་ཕ་ཡུལ་གྱི་རི་ཀླུང་ལ་སོགས་པ། དེང་དུས་ཀྱི་འཚོ་བའི་ནང་དགོས་མཁོ་ཆེ་བའི་འཚོ་བའི་ཡོ་བྱད་སྣ་ཚོགས་བཅས་པ་དག་ནི་རང་ཉིད་ཀྱི་འཚོ་བའི་ནོར་བུ་ལྟ་བུ་ཞིག་ཏུ་ངོས་འཛིན་གནང་ཤས་ཆེ་ནའང་། རང་ཉིད་གནས་སའི་དྭངས་གཙང་གི་ཁོར་ཡུག་འདི་ནི་རིན་ཐང་བྲལ་བའི་འཚོ་བའི་ནོར་བུ་ལགས། ཁོར་ཡུག་བཟང་པོ་ཞིག་གཏོད་རྒྱུ་འདི་ནི་མི་ཚང་མས་ཁས་མི་ལེན་རང་ལེན་གྱིས་འཚོ་བའི་ནོར་བུ་ཞིག་དང་ཚང་མས་སྲུང་སྐྱོབ་བྱེད་དགོས་པའི་ནོར་བུ་ཞིག་ཡིན་པས་སུས་ཀྱང་དོ་སྣང་མེད་པར་ལྷོད་གཡེངས་བྱེད་མི་རུང་།

དེ་ལས་ཀྱང་ང་ཚོ་མི་རྣམས་ས་གཞི་འདིའི་ཐོག་ཏུ་ཐོག་མར་སླེབས་པ་ནས་རིམ་བཞིན་འཚོར་ལོངས་ཡོང་བའི་བརྒྱུད་རིམ་ཁྲོད་དྭངས་གཙང་གི་ཁོར་ཡུག་ཞིག་དགོས་མཁོ་ཤིན་ཏུ་ཆེའོ། །རང་ཉིད་གནས་སའམ་འཚར་ལོངས་ཡོང་སར་དྭངས་གཙང་གི་ཁོར་ཡུག་ཞིག་དགོས་ན་དང་ཐོག་མར་ང་ཚོ་མི་ཚང་མས་དུས་རྒྱུན་དུ་ནས་རང་ཉིད་ཀྱི་ཉེ་འཁོར་དུ་གནས་པའི་རང་བྱུང་གི་ཁོར་ཡུག་དེར་སེམས་ཁུར་དང་དོ་སྣང་སྲུང་སྐྱོབ་བཅས་བྱེད་རྒྱུ་དེ་ནི་རང་ཉིད་ཀྱིས་རང་ཉིད་ལ་སེམས་ཁུར་བྱེད་པ་དང་གཉིས་སུ་མ་མཆིས། ཟང་ཟིང་ཆེ་བའི་དེང་རབས་ཀྱི་སྤྱི་ཚོགས་འདིའི་ནང་མི་ཉུང་ཤས་ཤིག་གིས་རང་ཉིད་ཀྱི་འཚོ་བའི་ཆེད་དུ་རང་བྱུང་ཁོར་ཡུག་ལ་གཏོར་སྐྱོན་དང་སྦགས་བཙོག་བཟོ་གིན་ཡོད་པ་དེས་རང་ཉིད་ཙམ་མ་ཟད། སྤྱི་ཚོགས་འདིའི་ནང་འཚོ་གནས་བྱེད་པའི་སྲོག་ལྡན་ཡོངས་ལ་གནོད་པ་ཡོང་གི་ཡོད། ད་ལྟ་མ་གཞི་རྒྱལ་ཁབ་ཀྱིས་རང་བྱུང་ཁོར་ཡུག་ལ་སྲུང་སྐྱོབ་བྱེད་པའི་སྲིད་ཇུས་རབ་དང་རིམ་པ་བཏོན་གིན་ཡོད་ལ། ད་དུང་ཁོར་ཡུག་ལེགས་སྐྱོང་ཆེད་གང་ས་གང་དུ་སྤྱི་གླིང་བཟོ་དང་བཟོ་གིན་འདུག་པས་དེས་མིའི་རིགས་ཀྱི་བདེ་ཐང་ལ་ཕན་ཐོག་ཆེན་པོ་ཡོད།

ང་ཚོས་ད་ལྟ་ནས་བཟུང་རང་བྱུང་ཁོར་ཡུག་ལ་སྲུང་སྐྱོབ་བྱས་ནས་མ་འོངས་པའི་རང་ཉིད་ཀྱི་འཚོ་བ་བདེ་ཐང་ལྡན་པ་དང་། བདེ་སྐྱིད་ལྡན་པ། འབྱོར་ཕྱུག་ལྡན་པ་བཅས་ཐོག་རོལ་ཆེད་དུས་རྒྱུན་ནས་ལས་ཀ་ཆུང་ཆུང་དག་ལའང་སྣང་ཆུང་མི་བྱེད་པར་དོ་སྣང་བྱས་ནས། གང་བྱུང་དུ་གད་སྙིགས་དང་བཙོག་སྐྱོན་སོགས་མི་བཟོ་བར་དེ་ལས་དད་ཁོམ་ལ་ཤིང་འཛུགས་དང་ཁོར་ཡུག་ལ་གཙང་སྦྲ་བྱེད་པ། ས་གནས་གང་ཞིག་ཏུ་སླེབས་ཀྱང་གནས་དེར་རང་ཉིད་ཀྱི་ཁྱིམ་ལྟར་གཅེས་སྐྱོང་དང་འཛུགས་སྐྲུན་བྱེད་པ། གལ་སྲིད་མི་ཚང་མས་འཚོ་བའི་ནོར་དུ་ལྟ་བུའི་རང་བྱུང་ཁོར་ཡུག་ལ་སྲུང་སྐྱོབ་མ་བྱས་ན་མཐར་རང་ཉིད་གནས་ས་དེ་སྦགས་བཙོག་དང་དྲི་ངན་ལྡན་པའི་ཁོར་ཡུག་ངན་པོ་ཞིག་འགྱུར་ནས་རང་ཉིད་ལའང་ནད་གཞི་འབྱུང་སླའོ། །

སླད་མ་འོངས་པའི་གསེར་ལས་ལྷག་པའི་དུས་ཚོད་ནང་ང་ཚོ་མི་ཚང་མས་རང་བྱུང་ཁོར་ཡུག་ལ་སྲུང་སྐྱོབ་བྱས་ནས་མཐར་རང་ཉིད་གནས་སའི་ཁོར་ཡུག་འདིར་དྭངས་ཤིང་གཙང་ལ་དྲི་ངན་ཅི་ཡང་མི་ལྡན་པའི་ས་གནས་ཤིག་ཏུ་སྐྲུན་འགྱུར་འབད་བརྩོན་གྱིས། དྭངས་གཙང་ཁོར་ཡུག་ནི་གསེར་དངུལ་ལས་ལྷག་པའི་ལེགས་བཤད་སེམས་སུ་བཅངས་ཏེ་ས་ཕྱོགས་ཀུན་གྱི་རི་ཀླུང་སྔོ་ལྗང་དང་དྭངས་གཙང་ཁོར་ཡུག་ཞིག་བསྐྲུན་རྒྱུར་འབད་བརྩོན་བྱེད་ཐུབ་ན། གཞི་ནས་རང་ཉིད་ཀྱི་ཕུགས་བསམ་ཡོད་ཚད་ལྷོད་ལྷོད་ངང་མངོན་འགྱུར་བྱེད་ཐུབ་ལ། ཕ་ཡུལ་གྱི་ཕ་མ་སྤུན་མཆེད་དང་འཛམ་གླིང་ས་ཕྱོགས་གང་སར་གནས་པའི་གྲོགས་པོ་ཚང་མར་སྤོབས་སེམས་ཆེན་པོས་རང་ཉིད་ཀྱི་མི་ཚེའི་ཕུགས་བསམ་གླེང་ཆོག་གི་རེད། གལ་སྲིད་འཚོ་བའི་ནང་གི་ནོར་བུ་ལྟ་བུའི་རང་བྱུང་ཁོར་ཡུག་དེར་སྲུང་སྐྱོབ་ཡག་པོ་མ་ཐུབ་ཚེ་མི་ཚེའི་ཕུགས་བསམ་གླེང་རྒྱུ་ཕར་ཞོག་དེ་ལས་རང་ཉིད་ལ་ནད་གཞི་གང་བྱུང་ཕོགས་ནས་བདེ་ཐང་ངང་འཚོ་རྒྱུར་ཡང་དཀའ་བའི་ལས་རང་རེད། བྱས་ཙང་འཇིག་རྟེན་འདིར་གནས་པའི་མི་ཚང་མས་རང་ཉིད་གནས་སའི་རང་བྱུང་ཁོར་ཡུག་དེར་སྲུང་སྐྱོབ་བྱས་ནས་མ་འོངས་མི་ཚང་མ་བདེ་སྐྱིད་དང་བདེ་ཐང་ལྡན་པའི་ངང་འཚོ་བར་རོལ་རྒྱུར་རང་ཉིད་ཀྱི་སྟོབས་ཤུགས་ཆུང་ཆུང་དེ་ལེགས་སྐྱེས་སུ་འབུལ་བར་གནང་རོགས། །

放大 缩小 默认
西藏青年报社出版  |  国内统一刊号:CN54—0006  |  邮发代号:67—11
制作单位:中国西藏青年报  |  所有内容为中国西藏青年报版权所有,未经授权不得复制转载或建立镜像  |  藏ICP备2022000062号
声明