http://zw.xzqnb.cn/Content/weixinlogo.png
ཕ་ས་ཕ་ཡུལ་ནི་ནང་སེམས་ཀྱི་མཁའ་ནས་ནམ་ཡང་མི་ནུབ་པའི་བརྟན་སྐར་ཞི
http://zw.xzqnb.cn/m/content/2026-11/20/002074.html
《汉文版》 《藏文版》

第04版:རྩོམ་རིག་དགའ་ཚལ།

༄༅། །རྩྭ་འཇག་མའི་ལེགས་སྐྱེས།

༄༅། །བརྗེད་པར་དཀའ་བའི་དམའ་འབྲིང་གི་འཚོ་བ།

༄༅། །ཕ་ས་ཕ་ཡུལ།

༄༅། །སེམས་ཀྱི་ཡིག་འཕྲིན་དམར་པོ།

等待处理…

༄༅། །ཕ་ས་ཕ་ཡུལ།

作者 བསོད་ནམས་བཀྲ་ཤིས།
2026年11月20日

ཕ་ས་ཕ་ཡུལ་ནི་ནང་སེམས་ཀྱི་མཁའ་ནས་ནམ་ཡང་མི་ནུབ་པའི་བརྟན་སྐར་ཞིག་ཡིན་པས། ཕ་ས་ཕ་ཡུལ་གྱི་རྩྭ་རྩི་ཤིང་རེ་རེ་དང་། ཡངས་ཤིང་རྒྱ་ཆེ་ལ་མཛེས་སྡུག་ལྡན་པའི་རི་ཀླུང་དང་། སྤང་ཐང་། སྤང་གཤོངས། ནགས་ཚལ་སྟུག་ཅིང་ལྗང་མདོག་གི་ཁོར་ཡུག་གཙང་ཞིང་མཛེས་པ། འདབ་ཆགས་ཅི་རིགས་ཀྱི་སྐད་སྒྲ་མི་འདྲ་བའི་སྙན་འཇེབས་ཀྱི་གསུང་སྙན་སྒྲོག་པ། གངས་རི་དང་ནགས་རི། རྫ་རི། སྤང་རི་ལ་སོགས་ལས་བཞུར་རྒྱུན་མི་ཆད་པའི་དྭངས་གཙང་གི་རྒྱུགས་ཆུ། འཁྱགས་རོམ་རི་ལྟར་མཐོ་བའི་མི་བཟོས་ཀྱིས་རི་མོ་ལྟར་དུ་སྣང་།

ཕ་ས་ཕ་ཡུལ་གྱི་རི་ཀླུང་ཁོར་ཡུག་རྣམ་པའི་དབྱིབས་དང་ས་ཁམས་ཀྱི་གནས་སྟངས་གཞི་ཁྱོན་གྱི་མཛེས་ལྗོངས་ནི་རི་མོ་མཁས་པའི་པིར་གྱིས་བྲིས་པ་ཇི་བཞིན་སྐྱེ་བོའི་ཡིད་དབང་རབ་ཏུ་འཕྲོག་པར་བྱེད།

ཡུལ་མི་ཚོས་གཡུ་ཡི་གཞོང་པ་ལྟར་གྱི་ཞིང་ཐང་དུ་ལས་ལ་བྲེལ་ཞིང་། དགའ་སྤྲོའི་འཛུམ་མདངས་འཕྲོ་བ་ནི་དུས་ལ་དབྱེར་མེད་ཀྱི་བདེ་སྐྱིད་ཀྱི་ལོ་ཟླ་ཞིག་ལས་མ་འདས། དེ་བས་འབྲོག་མོ་དང་རྫི་བོས་མུ་མཐའ་མེད་པའི་རྩྭ་ཐང་དུ་གནག་ཕྱུགས་དང་། གཡང་དཀར་ལུག་ཁྱུ། འདོ་བ་རྟ་སོགས་ནམ་མཁའི་སྐར་ཚོགས་བཞིན་དུ་གང་འདོད་རྩྭ་ཆུར་འཚོ་བ་དང་། ཐུན་མོང་མ་ཡིན་པའི་ཆེས་དམིགས་བསལ་གྱི་འབྲོག་གླུ་ལེན་བཞིན་དཀར་ཆུ་འོ་མ་དང་། ཤ་མར་ཐུད་སོགས་བཅུད་ལྡན་ཟས་རིགས་ལོངས་སུ་སྤྱོད་པའི་བདེ་སྐྱིད་ཀྱི་འཚོ་བར་རེ་སྨོན་བཅངས་བཞིན་ཡོད་ལ། འབྲོག་མོའི་དམར་སྨུག་ངོ་གདོང་ནས་འཛུམ་མདངས་ཀྱི་འབྲོག་ཡུལ་ཆེས་དམིགས་སུ་མངོན།

ཡུལ་མི་དང་འདས་དོན་རེ་རེ་ཡིས་ཚེ་སྲོག་ཀྱི་ཐོག་མའི་རང་མདངས་དང་སྟེས་དབང་སྒྲུབ་ཡོད་ལ། ཐག་རིང་རྒྱང་ལམ་དང་གཞན་ཡུལ་རྒྱལ་ཁམས་འགྲིམས་པའི་བར་ཐག་རིང་པོར་ཆོད་ཀྱང་། ཕྱིར་མིག་རེ་རེར་མཐོང་ཐུབ་པ་ནི་ཕ་ས་ཕ་ཡུལ་གྱི་རྣམ་པ་དང་། འདས་འདོན་ཙམ་མ་ཡིན་པར་ཆེས་ཐོག་མའི་རང་ཉིད་དང་། ཁ་བརྡ་ལན་ཅིག་བྱེད་པ་དང་མཚུངས་ཤིང་། འགྲུལ་བཞུད་ཡོད་ཚད་ཀྱི་སྣེ་མོ་ཡང་ཕ་སའི་ལམ་ཁ་ནས་གྱེས་དགོས་པ་དེ་ཡིན། །

西藏青年报

↑ TOP


按日期搜索
12 2022
 
 
 
 

西藏青年报藏文版

分享到

微信

QQ

QQ空间

微博