http://zw.xzqnb.cn/Content/weixinlogo.png
ངལ་གསོ་བཞག་མ་ཐག་ང་རང་ལོག་འདོད་ཀྱི་གནས་ནི་ང་རང་ཆུང་དུས་ནས་ཆེས
http://zw.xzqnb.cn/m/content/2025-11/07/001476.html
《汉文版》 《藏文版》

第04版:རྩོམ་རིག་དགའ་ཚལ།

༄༅། །ང་རང་ཆེས་དགའ་བའི་ཕ་ཡུལ།

༄༅། །ང་རང་དགེ་རྒན་ཡིན་པས་བདེ་སྐྱིད་ཆེ།

༄༅། །དཔྱིད།

༄༅། །ཚིགས་བཅད་འཆར་སྣང་ལད་མོ། །

等待处理…

༄༅། །ང་རང་ཆེས་དགའ་བའི་ཕ་ཡུལ།

作者 ཨ་ཆེ་བསམ་མེད།
2025年11月07日

ངལ་གསོ་བཞག་མ་ཐག་ང་རང་ལོག་འདོད་ཀྱི་གནས་ནི་ང་རང་ཆུང་དུས་ནས་ཆེས་དགའ་སའི་གནས་ཞིག་སྟེ། དེ་ནི་ངའི་ཕ་ཡུལ་ཡིན། གནས་དེར་སླེབས་པ་དང་ངའི་སེམས་གློ་བུར་དུ་བདེ་ལ་བབས་པ་དང་རང་བཞིན་གྱིས་སེམས་པ་ཧ་ཅང་སྐྱིད་པོར་འགྱུར།

ངའི་ཕ་ཡུལ་གྱི་མིང་ལ་སྟག་ལྷས་ཟེར། དེའི་མིང་དེ་ནི་རྒྱུ་མཚན་མེད་པར་བཏགས་པ་མ་ཡིན་པར། ཨ་ཕ་ལགས་ཀྱིས་སྔོན་མ་ང་ལ་སྟག་ལྷས་ཞེས་པའི་མིང་དེ་ཇི་ལྟར་ཐོགས་མིན་སྐོར་འགྲེལ་བཤད་བྱེད་མྱོང་ཡོད། དེ་ནི“གནའ་སྔ་མོའི་དུས་སུ་ང་ཚོའི་གྲོང་ཚོའི་ཤར་དུ་ཡོད་པའི་རྒྱབ་རིའི་བྲག་ཅེས་པའི་རི་དེའི་ཕག་གི་ཉིན་ཁུག་དེར། སྟག་ཉལ་བའི་ཚང་ཡོད་པར་གྲགས་པས་དེ་ལྟར་ཐོགས་པ་རེད”ཅེས་གསུངས་མྱོང་། ད་དུང་ངག་སྒྲོས་ལ། “སྟག་ལྷས་སྟག་ཐང་ཁྲ་མོ་ལ། །བུ་ནི་སྟག་ཤར་འཁོར་ལོ་རེད། །བུ་མོ་སྟག་མའི་མེ་ཏོག་རེད། །”ཅེས་རང་གིས་རང་ལ་རང་བསྟོད་ཀྱང་བྱས་ཡོད།

དཔྱིད་ཀའི་དུས་སུ་ཁོར་ཡུག་གི་མཛེས་ལྗོངས་ནི་ངག་ནས་བརྗོད་དཀའ་བ་ཞིག་ཡིན། སྔོ་ལྗང་གི་སྤང་ལྗོངས་ཐོག་ཏུ་ཕྲུ་གུ་ཚོ་ཁྱུ་དང་ཁྱུ་བྱས་ནས་རྩེད་མོ་རྩེ་བར་བསྐྱོད་ཅིང་། མི་ཚང་མའི་གདོང་ལས་འཛུམ་མདངས་ཤར་བ་ནི་སྤང་ལྗོངས་སྟེང་གི་མེ་ཏོག་སེར་ཆེན་དང་འདྲ། སྤང་ལྗོངས་ཐོག་ནས་ཡུལ་གཞན་ལ་མེད་པའི་དྲི་ཞིམ་ཞིག་ཁྱབ་པ་ནི་ཕ་ཡུལ་གྱི་ལུག་སོས་མེ་ཏོག་དང་ཡར་སོས་མེ་ཏོག་ལྷན་དུ་བསྡེབས་པའི་དྲི་ཞིམ་ཡིན།

ད་དུང་ངའི་ཕ་ཡུལ་གྱི་སྤང་ལྗོངས་ཐོག་ལ་སྒོག་པ་དང་སེར་ཤ་སོགས་ཟས་སུ་སྤྱོད་ཆོག་པའི་སྐྱེ་དངོས་རྩ་ཆེན་མང་པོ་སྐྱེ་བས། ང་དང་ངའི་རྩེད་རོགས་ཚོ་ལྷན་དུ་ཟས་རིགས་དེ་དག་འཐུ་བར་འགྲོ། དབྱར་གཞུང་གི་དུས་སུ་ཞིང་ནང་གི་ལོ་ཏོག་སྐྱེ་འཚར་ཡག་པོ་བྱུང་བ་དང་། ང་ཚོ་དགའ་ཤོས་ཀྱི་སྲན་མ་ཡང་ཧ་ཅང་མང་པོ་འཐོག་རྒྱུ་ཡོད། ང་དང་རྩེད་རོགས་ཚོ་ལྐོག་ལྐོག་སུད་སུད་ངང་སྲན་མ་བརྐུ་བར་འགྲོ་སྐབས། ཞིང་རྫི་ནི་ཆུང་དུས་སུ་ང་ཚོ་སྐྲག་སྣང་སྐྱེ་ས་གཙོ་བོ་དེ་ཡིན། མ་གཞི་ང་ཚོ་ཞིང་རྫིར་སྐྲག་མོད་ཞིང་ནང་གི་སྲན་མ་རྒྱག་རིལ་དེ་དག་མཐོང་སྐབས་རང་སེམས་དབང་མེད་དུ་ཤོར་ནས་གཅིག་གིས་གཅིག་ལ་དཔའ་སློང་ནས“ཉེན་མཆོངས”བྱེད་ཀྱི་ཡོད།

ཐེངས་ཤིག་ང་ཚོ་སྲན་མ་འཐུ་བར་ཕྱིན་པ་དང་། ཅུང་ཙམ་ནས་ཞིང་རྫི་དེ་ཁ་པར་རྒྱག་གིན་ང་ཚོའི་ཕྱོགས་སུ་ཡོང་གི་འདུག་པས། ང་ཚོ་ཚང་མ་ཞེད་ནས་སྙེ་མའི་གསེང་དུ་གབ་པ་ཡིན། ཏག་ཏག་ཞིང་རྫི་ང་ཚོ་ཡོད་སའི་ཞིང་ཁ་དེའི་ཁ་གཏད་དུ་སླེབས་པ་དང་དེ་གར་བསྡད་སོང་། ཁ་པར་བརྒྱབ་ཚར་རྗེས་དེ་རུ་ཅུང་ཟད་བསྡད་པ་དང་། ང་ཚོའི་ཕྱོགས་སུ་ལྟ་བཞིན་གད་མོ་ཞིག་བགད་དེ་ཕྱིན་སོང་། གཅིག་བྱས་ན་དེ་དུས་ཁོང་གིས་མཐོང་ཡོད་སྲིད་མོད། ང་ཚོས་མ་མཐོང་ཤག་ཤག་གིས་ཡིད་ཚིམས་སྣང་དང་བཅས་སྲན་མ་རྒྱག་ཚད་འཁྱེར་ཏེ་ནང་ལ་ལོག་པ་ཡིན།

མི་ཚེ་འདིར་ས་ཆ་མང་པོ་མཐོང་མྱོང་མོད། དེ་དག་ལས་ཆེས་མཛེས་སྡུག་ལྡན་པ་ནི་རང་གི་ཕ་ཡུལ་རེད་འདུག དེར་བརྟེན། ང་རང་རང་གི་ཕ་ཡུལ་ལ་ལོག་རྒྱུར་ཤིན་ཏུ་དགའ། །

འབྲི་རུ་རྫོང་སློབ་འབྲིང་དང་པོའི་ལོ་རིམ༩(༦)

ཟུར་ཁྲིད་དགེ་རྒན། དགའ་བཟང་།

西藏青年报

↑ TOP


按日期搜索
12 2022
 
 
 
 

西藏青年报藏文版

分享到

微信

QQ

QQ空间

微博