ཆུང་རྒྱུགས་དམག་སར་འགྲོ་བའི་བུ། །
སྨྱུ་གུའི་མཚོན་ཆ་ཕྲག་ཏུ་ཁུར། །
ནང་སའི་བོད་ལྗོངས་དམའ་འབྲིང་ལ། །
སློབ་སྦྱོང་བྱེད་པའི་བསྐལ་བ་འདུག །
ཆུང་རྒྱུགས་གཡུལ་སར་ཆས་པའི་བུ། །
རྒྱལ་ཕམ་གང་འདྲ་བྱུང་ན་ཡང་། །
རྒྱལ་ཁབ་སྲིད་ཇུས་བཟང་པོ་ཡིས། །
འོས་འགན་སློབ་གསོའི་གོ་སྐབས་བསྩལ། །
འབྲིང་རྒྱུགས་རྒྱུགས་རར་ཆས་པའི་དུས། །
གནས་ཚད་དཔོག་པའི་རྒྱུགས་གཞི་མང་། །
སྣ་མང་ཤེས་ཡོན་ཚད་ལོན་གྱིས། །
མཐའ་མའི་གྲུབ་འབྲས་མི་གཅིག་པ། །
འབྲིང་རྒྱུགས་སྐྱེས་བུ་རབ་འབྲིང་ཐ། །
རབ་ནི་གཙོ་གནད་མཐོ་འབྲིང་འགྲིམ། །
འབྲིང་གིས་དཀྱུས་མའི་སློབ་འབྲིང་ཞུགས། །
ཐ་མས་ཨ་མའི་པང་དུ་ལོག །
མཐོ་རྒྱུགས་རྒྱུགས་རར་འགྲན་དུས་སུ། །
དུས་དང་རྣམ་ཀུན་བརྩོན་འགྲུས་ཀྱི། །
ཅང་ཤེས་རྟ་ཕོ་སྐུལ་བྱེད་ན། །
སློབ་ཆེན་སྒོ་ལ་བདག་པོ་མེད། །
གཞུང་ཞབས་མི་ཚེའི་རྒྱུགས་ཆེན་འདི། །
སློབ་ཆེན་སློབ་མའི་འགྲན་ར་ཡིན། །
རང་རང་ཤེས་འཇོན་མི་འདྲ་བ། །
མི་ཚེའི་འཚོ་ཐབས་སྣ་མང་ཡིན། །
རྒྱུགས་གང་ལེགས་འབྲས་མ་བྱུང་ཡང་། །
སེམས་ཤུགས་ཆག་ནས་མ་བསྡད་པར། །
མི་ཚེའི་སྣ་མང་ལམ་བུ་རུ། །
རང་འཚམ་འཇོན་ནུས་འཚོལ་ཞིག་ཨང་། །
གཞོན་ནུའི་དུས་བཟང་ལང་ཚོའི་རྒྱན། །
ཕ་མ་ཁོ་ནར་རེ་བ་ཁྲེལ། །
རང་ལམ་རང་གིས་གཏོད་བཞིན་དུ། །
རང་མགོ་ཐོན་པར་གྱིས་ཤིག་ཨང་། །
ལྷ་ས་ཅང་སུའུ་ཚོད་སློབ་ལང་ཚོའི་མེ་ཏོག་རྩོམ་རིག་ཚོགས་པ།
ཟུར་ཁྲིད་དགེ་རྒན། བོན་བསྟན་འཛིན།


