http://zw.xzqnb.cn/Content/weixinlogo.png
ཁ་པར་ནི་ངོ་མཚར་ཆེ་བའི་སྒམ་ཆུང་ཞིག་དང་འདྲ་བར་འཇིག་རྟེན་ཧྲིལ་པ
http://zw.xzqnb.cn/m/content/2025-10/24/001456.html
《汉文版》 《藏文版》

第04版:རྩོམ་རིག་དགའ་ཚལ།

༄༅། །དཀའ་ངལ་ལ་སྐྲག་མི་རུང་།

༄༅། །སྤོ་བོ།

༄༅། །ལག་མཐིལ་གྱི་འཇིག་རྟེན།

༄༅། །རང་བྱུང་ཁམས་ཀྱི་འབོད་སྒྲ།

等待处理…

༄༅། །ལག་མཐིལ་གྱི་འཇིག་རྟེན།

作者 པ་སངས་ནོར་བུ།
2025年10月24日

ཁ་པར་ནི་ངོ་མཚར་ཆེ་བའི་སྒམ་ཆུང་ཞིག་དང་འདྲ་བར་འཇིག་རྟེན་ཧྲིལ་པོའི་ངོ་རིས་འདིའི་ནང་ནས་རིག་རྒྱུ་ཡོད།

ཞོགས་པ་ཞིག་ང་རང་མལ་ལས་ལངས་པའི་དྲིལ་བརྡ་བསྒྲགས་པས་ང་རང་དབང་མེད་པར་རྨི་ལམ་གྱི་ཞིང་ཁམས་ནས་སད་དེ་འཇིག་རྟེན་ལ་ལྟད་མོར་ཁྲིད། སློབ་གྲྭར་འགྲོ་བའི་ལམ་བར་དུ་ངས་གླུ་གཞས་ཉན་གྱིན་ཞི་ལྷོད་ངང་ནས་ང་རང་གླུ་དབྱངས་ཀྱི་འཇིག་རྟེན་ཐོག་ཏུ་མྱུལ་ནས་སྡོད་ཀྱི་ཡོད།

གཟའ་ཉི་མའི་ཕྱི་དྲོ་སློབ་གྲྭར་སླེབས་རྗེས་ཁ་པར་དེ་འཛིན་བདག་ལ་སྤྲད་ནས་འཇོག་གི་ཡོད་པས། ང་རང་བློ་བདེ་མོར་ལྷིང་འཇགས་ངང་ནས་ཤེས་རིག་གི་ཞིང་ཁམས་མྱུལ་བར་བྲེལ། གཟའ་འཁོར་རེ་རེའི་གཟའ་པ་སངས་ཀྱི་ཕྱི་དྲོ་སློབ་གྲྭ་གྲོལ་རྗེས་མྱུར་དུ་ཁ་པར་འདི་འབྲེལ་གཏུག་གི་ཟམ་ཆེན་ཞིག་ཏུ་གྱུར་ནས་འཕྲིན་ཕྲན་ཐོག་ནས་བདེ་འཇགས་ཡིན་མིན་དང་སློབ་རའི་འཚོ་བའི་སྐོར་ནས་ཕ་མ་དང་རྒྱང་རིང་གི་སྤུན་མཆེད་རྣམས་ལ་འབྲེལ་གཏུག་ཞུས།

ཁ་པར་དེ་ཡང་ངའི་དགེ་རྒན་ཆུང་ཆུང་ཞིག་ཀྱང་ཡིན་ཏེ། འདྲི་གཞིར་དཀའ་གནད་འཕྲད་སྐབས། དཔྱད་གཞི་འཚོལ་ཞིབ་བྱེད་པ་ནི་དགེ་རྒན་ལྟར་ཤེས་བྱའི་སྒོ་མོ་ཕྱེ་བ་དང་འདྲ། ཡང་འདི་ནི་ངའི་ཉིན་རེའི་དཔེ་དེབ་ཀྱང་ཡིན་པས་ངས་དེའི་ཐོག་ནས་དཔེ་ཆ་མང་པོ་ཞིག་ལྟ་ཀློག་བྱེད་ཀྱི་ཡོད།

ལག་མཐིལ་ཙམ་གྱི་གྲོགས་པོ་དེས་ང་རང་གི་འཚོ་བ་སྔར་ལས་སྟབས་བདེ་རུ་ཕྱིན་པ་མ་ཟད་འཛམ་གླིང་གི་ཅ་དངོས་མང་པོ་དང་ཐག་ཉེ་རུ་ཕྱིན་པས། སའི་གོ་ལ་ཇེ་ཆུང་དང་འཛམ་གླིང་ཇེ་ཉེར་འགྲོ་བ་ཞེས་པ་ཡང་དེ་འདྲ་ཞིག་ལ་ཟེར་བ་འདྲ། འོན་ཀྱང་ཁ་པར་བེད་སྤྱོད་ཡག་པོ་མ་བྱས་ན་འདིས་ང་ཚོ་ལམ་ངན་དུ་ཁྲིད་སྲིད་པའི་གནས་ལུགས་ཤིག་ཀྱང་ང་ཚོས་ཤེས་དགོས་པ་འདྲ། །

ལྷ་ས་ཅང་སུའུ་ཚོད་སློབ་ལང་ཚོའི་མེ་ཏོག་རྩོམ་རིག་ཚོགས་པ།

ཟུར་ཁྲིད་དགེ་རྒན། བོན་བསྟན་འཛིན

西藏青年报

↑ TOP


按日期搜索
12 2022
 
 
 
 

西藏青年报藏文版

分享到

微信

QQ

QQ空间

微博