http://zw.xzqnb.cn/Content/weixinlogo.png
གུས་མོའི་སྤོ་བོ་ནི་དགུང་གྲངས་བདུན་ཅུ་ལྷག་ཙམ་ཡིན་པ་དང་། ཁོང་ནི
http://zw.xzqnb.cn/m/content/2025-10/24/001455.html
《汉文版》 《藏文版》

第04版:རྩོམ་རིག་དགའ་ཚལ།

༄༅། །དཀའ་ངལ་ལ་སྐྲག་མི་རུང་།

༄༅། །སྤོ་བོ།

༄༅། །ལག་མཐིལ་གྱི་འཇིག་རྟེན།

༄༅། །རང་བྱུང་ཁམས་ཀྱི་འབོད་སྒྲ།

等待处理…

༄༅། །སྤོ་བོ།

作者 སྐྱིད་སྒྲོལ་མ།
2025年10月24日

གུས་མོའི་སྤོ་བོ་ནི་དགུང་གྲངས་བདུན་ཅུ་ལྷག་ཙམ་ཡིན་པ་དང་། ཁོང་ནི་སྐུ་གཟུགས་རིང་ལ་གདོང་གི་ཤ་མདོག་ཤིན་ཏུ་དཀར་པོ་ཡོད། ངའི་བག་ཆགས་སུ། སྤོ་བོ་ཁྱིམ་ལ་སླེབས་སྐབས་ག་དུས་ཡིན་ཡང་སྔོན་ལ་ཞྭ་མོ་དེ་མར་ཕུད་ནས་ཨ་ཕ་དང་ཨ་མ་གཉིས་ལ་གདོང་གཏུགས་པ་དང་། ཕྲུ་གུ་ཚོ་དང་འཚམས་འདྲི་ཞུ་སྐབས་རྟག་པར་པང་དུ་བླངས་ཏེ་ངོ་གདོང་ཁ་སྤུའི་ཐོག་ལ་བརྡར་བརྡར་བྱེད་པ་དང་། “རྗེས་མ་ཕ་མའི་ཁ་ལ་མ་ཉན་ན་ངས་ཁ་སྤུ་གདོང་ལ་བརྡར་གྱི་ཡིན། ཁ་སྤུ་འདི་ཁྱོད་ཚོའི་གདོང་ལ་བརྡར་དྲགས་ན་གདོང་ལ་ལམ་སེང་སྤུ་སྐྱེ་ཡོང་གི་རེད”ཅེས་འཇིགས་སྣང་སྐུལ་བ་དེ་ཡིན།

ཉིན་ཞིག་གུས་མོའི་གཅུང་པོ་ན་ནས་ང་ཨ་མས་སྤོ་བོའི་འཁྲིས་སུ་སྨན་ལེན་པར་བཏང་བྱུང་། དེའི་རིང་ངས་སྤོ་བོའི་ཕྱག་གཡས་པ་དེ་ཙམ་འགུལ་རྒྱུ་མེད་པ་རྟོགས་བྱུང་། ངས་སྤོ་བོར་འདྲི་སྐབས་ཁོང་ཆུང་དུས་སུ་ཨ་མའི་ཁ་ལ་མ་ཉན་པར་རྟ་བཞོན་ནས་ས་ལ་ལྷུང་པ་དང་། ལག་པ་ཡ་གཅིག་དེ་དེ་དུས་ཆག་པ་ཡིན་ཟེར།

ང་སྤོ་བོའི་ནང་ལ་སྡོད་རིང་ཁོང་གིས་སློབ་གསོ་མང་པོ་བརྒྱབ་པ་དང་། ཁོང་གིས་ང་ལ་སློབ་གསོ་རྒྱག་སྐབས་སྤྱན་མིག་གཉིས་པོ་སྤྱན་ཆབ་ཀྱིས་ཁེངས་པ་མཐོང་བྱུང་བས། ངའི་སེམས་པར་གྲི་བཙུགས་པ་ལྟ་བུའི་ན་ཟུག་ལངས་བྱུང་། ད་ལྟའི་དུས་ན་སྤོ་བོ་ལོ་ན་བགྲེས་པའི་སྟབས་ཀྱིས་ང་ཚོ་དང་དེ་ཙམ་ཐུག་གི་མེད། གང་ཡིན་ཞེ་ན་ཁོང་ལྷ་ས་རུ་བཞུགས་ཅིང་། ང་ད་དུང་དམའ་རིམ་སློབ་འབྲིང་གསུམ་པ་ཡིན་པས། གཟའ་ཉི་མ་གཅིག་པུ་ལས་ངལ་གསོ་མེད།

ཨེ་མ། ད་ལྟ་སྤོ་བོ་ལ་ལྟ་སྐབས་སྔོན་དང་བསྡུར་ན་སྐྲ་ལོ་ཞོགས་པའི་རྩྭ་རྩེའི་བ་མོ་ལྟར་སྐྱ་ཐིང་ངེར་འགྱུར་པ་དང་། གཞན་གྱི་ངག་ལས་ཐོས་པ་ལྟར་ན། སྤོ་བོ་ལགས་ཆུང་ངུའི་དུས་སུ། ཕོ་རྒོད་རྫིག་ཉམས་ལྡན་པ་ཞིག་ཡིན་ལ། ཤོད་སྲོལ་ལ་མི་ཞིག་གིས་སྤོ་བོ་མཐོང་བ་ན། “ང་མགྱོགས་པོ་ལུས་ཕུང་བརྗེས་ཏེ། སྦོ་བོ་ལགས་འདི་ལྟ་བུའི་ལུས་རྟེན་ཞིག་ལེན་རྒྱུ་བྱུང་ན་ཅི་མ་རུང”ཞེས་ཁ་མཚར་དང་སྦྲགས་སྤོ་བོ་ལགས་ལ་ཡིད་སྨོན་ཆེན་པོ་བྱེད་ཀྱི་ཡོད་པར་གྲགས། རྗེས་སུ་བུ་རྒྱུད་རྣམས་ལྟ་སྐྱོང་བྱེད་པའི་ཆེད་དུ་དཀའ་ལས་ཚད་མེད་བརྒྱབ་པས་ད་ལྟའི་ཚུགས་ཀ་འདི་ལྟ་བུར་གྱུར་པ་རེད།

སྤོ་བོ་ལགས་ང་ཁྱེད་ལ་དགའ། དུས་ཚོད་ཁོམ་དུས་ཤིག་ལ་ངེས་པར་དུ་ངས་ཁྱེད་ལ་འཚམ་འདྲི་ཞུ་བར་བཅར་ངེས་ཡིན། །

འབྲི་རུ་རྫོང་སློབ་འབྲིང་དང་པོའི་ལོ་རིམ༨(༦)

ཟུར་ཁྲིད་དགེ་རྒན། དགའ་བཟང་།

西藏青年报

↑ TOP


按日期搜索
12 2022
 
 
 
 

西藏青年报藏文版

分享到

微信

QQ

QQ空间

微博