http://zw.xzqnb.cn/Content/weixinlogo.png
མི་ཚེ་རིང་མོ་གྱ་གྱུའི་གཙང་པོ་དང་འདྲ་བར་ལ་དང་ལ་མོ་ཇི་ཙམ་བརྒལ་
http://zw.xzqnb.cn/m/content/2025-10/24/001454.html
《汉文版》 《藏文版》

第04版:རྩོམ་རིག་དགའ་ཚལ།

༄༅། །དཀའ་ངལ་ལ་སྐྲག་མི་རུང་།

༄༅། །སྤོ་བོ།

༄༅། །ལག་མཐིལ་གྱི་འཇིག་རྟེན།

༄༅། །རང་བྱུང་ཁམས་ཀྱི་འབོད་སྒྲ།

等待处理…

༄༅། །དཀའ་ངལ་ལ་སྐྲག་མི་རུང་།

作者 བློ་རྡོར།
2025年10月24日

མི་ཚེ་རིང་མོ་གྱ་གྱུའི་གཙང་པོ་དང་འདྲ་བར་ལ་དང་ལ་མོ་ཇི་ཙམ་བརྒལ་ན་ཡང་ང་ཚོ་ཡི་འདུན་པ་ད་དུང་རྒྱང་ན་ཡོད། སྐྱིད་སྡུག་གི་ལམ་ཁ་ན་འཇིག་རྟེན་འདི་བརྩེ་བས་ཁེངས་པས་སྐྱིད་སྡུག་ལ་འཁང་ར་བྱེད་མི་དགོས་པར་མིག་ཟུང་ནས་རེ་བའི་འོད་སྣང་འཚེར་ཞིང་། རྣམ་དཔྱོད་ཀྱི་རལ་གྲི་འཁྱེར་ནས་དཀའ་བ་ཡི་རྔུལ་ཆུ་དོག་མོ་སར་ལྷུང་ཞིང་ཡིད་ཆེས་ཀྱི་གོམ་སྟབས་བདེ་བའི་གར་གྱིས་གཡུགས་ན། མ་འོངས་ཀྱི་རྒྱལ་ཁའི་དར་དམར་དང་བདེ་སྐྱིད་ཀྱི་འོད་སྣང་ཐོབ་པར་སྨོས་ཅི་དགོས།

དཀའ་བ་ནི་སྐྱེས་པ་ནས་བཟུང་མ་འཆི་བར་ལྡོག་ཏུ་མེད་པའི་བྱ་བ་ཞིག་ཡིན། ལ་ཆེན་ཞིག་དང་མ་འཕྲད་ན། །རྟ་ཕོའི་ཤེད་ཤུགས་གང་ནས་ཤེས། །ཞེས་པ་ལྟར་དཀའ་བ་ནི་བདེ་སྐྱིད་ཀྱི་སྒོ་མོ་འགྲིམས་པའི་གསེར་གྱི་ལྡེ་མིག་དང་མུ་མེད་ཨ་ཆེན་ཐང་ན་རྒྱུགས་པའི་རྟ་ཕོ་གཤོག་ཐོགས་སྐུལ་བར་བྱེད་པའི་རྟ་ལྕག་ལྟ་བུ་ཡིན། དཀའ་བ་ནི་གྲིབ་མས་གཡོགས་པའི་རང་གཤིས་དེ་གསལ་བར་བྱེད་པའི་ཉི་ཟེར་དང་འདྲ། དཀའ་བ་ཡི་མདུན་ན་མི་མང་པོ་ཞིག་སྡུག་བསྔལ་གྱི་སྨྲེ་ངག་ཤོར་མྱོང་ལ། དཀའ་བ་ཡི་མདུན་ན་མགོ་བོ་སྒུར་ཞིང་ལྷ་ང་ས་ལ་ཐིམ་སྟེ་དེ་གར་འགྱེལ་ནས་ཡར་ལངས་མི་ཐུབ་པའི་མི་ཡང་བགྲང་ལས་འདས་པ་ཡོད། འོན་ཀྱང་དོན་ངོ་མའི་འདང་རྒྱག་ལེགས་པ་ཞིག་བྱས་ན་དཀའ་བ་ནི་ཅི་འདྲའི་སྐྲག་དགོས་པའི་བྱ་བ་ཞིག་དང་ཡིད་སྐྱོ་དགོས་པའི་གཞི་མ། སྨྲེ་ངག་གི་དུག་ཆུ་གཏོར་དགོས་པ་ཞིག་ཡིན་ནམ། སློབ་བུ་ཤེས་དམན་ང་ཡི་ངོས་ནས་བརྗོད་ན་འདི་འདྲའི་སྐྲག་དགོས་པ་ཞིག་མ་ཡིན།

དཀའ་བ་ནི་བདག་ལ་གནང་བའི་རིན་ཆེན་ནོར་བུ་ཞིག་ཡིན་པར་འདོད། འདི་ནི་རང་ཉིད་རང་གིས་ངོ་ཤེས་པར་བྱེད་པའི་དྭངས་གསལ་གྱི་མེ་ལོང་ཞིག་དང་། རང་ཉིད་ཡར་རྒྱས་ཀྱི་འཕར་རྩ་ལྡིང་བར་བྱེད་པའི་ཟུངས་ཁྲག་ཅིག་རེད་སྙམ། འོན་ཀྱང་མི་སོ་སོར་རང་ངོས་ནས་ལྟ་བ་འཛིན་སྟངས་མི་འདྲ་བ་རེ་ཡོད། ང་ལ་མཚོན་ན་ཆུང་དུས་སུ་དཀའ་བར་སྐྲག་མྱོང་བ་མ་ཟད་དེར་གཡོལ་ཐབས་ཀྱང་བྱེད་མྱོང་ཡང་། རིམ་བཞིན་ལང་ཚོ་དང་ལྷན་དུ་དགེ་རྒན་བཟང་པོའི་གསེར་གྱི་གདམས་ངག་དང་། དྲིན་ཕ་མའི་ཁ་ཏ་བསླབ་བྱ། དཔེ་དེབ་བཅས་ཀྱི་བཀའ་དྲིན་འོག་དཀའ་བ་ལ་ལྟ་སྟངས་གསར་པ་ཞིག་རྙེད་དེ་དེ་ལ་མི་སྐྲག་པའི་ཁར་ད་དུང་དཀའ་བ་ལ་དགའ་བའི་བསམ་པ་ཞིག་ཀྱང་སྐྱེས་ཡོང་། རྒྱུ་མཚན་ནི་འཕྲད་པའི་དཀའ་བ་རེ་རེ་ནི་རང་གི་ནུས་ཚད་ལ་བརྟག་པར་བྱེད་པའི་གཞི་འཛིན་ས་ལེགས་པོ་ཞིག་དང་། དཀའ་བ་རེ་རེས་ང་ཚོ་རང་གི་ནུས་ཚད་གོང་མཐོར་འགྲོ་བར་འཕེལ་རྒྱས་ཀྱི་ལམ་བུ་གཏོད་ཀྱི་ཡོད།

མི་ཞིག་གི་མི་ཚེ་ཡི་གཡང་ཁ་ན་སླེབས་པའི་སློབ་མ་ཞིག་གིས་ངོས་ནས་བརྗོད་ན། མར་ཡིན་ན་བཞུར་ས་དང་ལྕགས་ཡིན་ན་ངར་ས་ཞིག་ལ་སླེབས་ཡོད། དུས་ཚིགས་འདི་ནི་དཀའ་ངལ་དང་ལྡན་པ་ཞིག་ཡིན་པ་བཤད་མི་དགོས་ཞིག་ཡིན་ཀྱང་། ང་ཚོས་དཀའ་བ་ཡི་དྲག་ཆར་འཛུམ་གྱིས་བསུ་ཞིང་། བརྩོན་འགྲུས་ཀྱིས་དམག་འཁྲབ་ལུས་ལ་གྱོན་ནས་རྐང་འོག་གི་དུས་ཀྱི་ལོ་ཟླ་དང་སྐར་ཆ་རེ་རེ་དམ་འཛིན་བྱས་ནས་རིག་པའི་གནས་ལ་སྦྱངས་པ་བྱས་ན་རྒུད་པ་ཆེན་པོས་མནར་བར་མི་འགྱུར་རོ། །

ལྷ་ས་ཅང་སུའུ་ཚོད་སློབ་ལང་ཚོའི་མེ་ཏོག་རྩོམ་རིག་ཚོགས་པ།

ཟུར་ཁྲིད་དགེ་རྒན། ཚེ་བརྟན་རྒྱལ་པོ

西藏青年报

↑ TOP


按日期搜索
12 2022
 
 
 
 

西藏青年报藏文版

分享到

微信

QQ

QQ空间

微博