http://zw.xzqnb.cn/Content/weixinlogo.png
ཟླ་8ཚེས་22ཉིན་བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་ངོ་60འཁོར་བའི་
http://zw.xzqnb.cn/m/content/2025-08/29/001365.html
《汉文版》 《藏文版》

第03版:ཕྱོགས་བསྡུས།

གཏོགས་ཁོངས་ཁུལ་གྱི་འགྲིམ་འགྲུལ་ཡུན་རིང་བདེ་འཁོད་ཡོང་བར་འགན་སྲུང་བྱས་པ།

གསོན་ཉམས་ལྡན་པའི་ནུབ་རྒྱུད་འཆར་གཞིའི་དང་བླངས་པའི་ལག་ལེན་སློབ་ཚན་ཞིག

པར་རིས་གསར་འགྱུར།

དཔྱ་ཁྲལ་གཟིགས་སྐྱོང་ལོ་ངོ་དྲུག་ཅུའི་རིང་བོད་ཀྱི་ཁྲལ་བསྡུའི་བསྒྱུར་བཅོས་འཕེལ་རྒྱས་ཀྱི་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པ།

བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་ངོ་60འཁོར་བའི་རྟེན་འབྲེལ་ཚོགས་ཆེན་ཚ་ཁ་གྲོང་ཚོར་སྤྲོ་སེམས་འཁོལ་བའི་ཚུར་སྣང་ལན་ཆ་བྱུང་།

等待处理…

བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་ངོ་60འཁོར་བའི་རྟེན་འབྲེལ་ཚོགས་ཆེན་ཚ་ཁ་གྲོང་ཚོར་སྤྲོ་སེམས་འཁོལ་བའི་ཚུར་སྣང་ལན་ཆ་བྱུང་།

2025年08月29日

ཟླ་8ཚེས་22ཉིན་བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་ངོ་60འཁོར་བའི་རྟེན་འབྲེལ་ཚོགས་ཆེན་ཚ་ཁ་གྲོང་ཚོར་སྤྲོ་སེམས་འཁོལ་བའི་ཚུར་སྣང་ལན་ཆ་བྱུང་། ཟླ་8ཚེས་21ཉིན་བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་ངོ་60འཁོར་བའི་རྟེན་འབྲེལ་ཚོགས་ཆེན་གཟབ་རྒྱས་ངང་འཚོགས་པ་རེད། བཞད་མཐོང་སྨོན་རྫོང་ཚ་ཁ་གྲོང་ཚོར་གསར་དུ་བསྐྲུན་པའི་གྲོང་མིའི་བྱེད་སྒོ་ལྟེ་གནས་སུ་བཞད་མཐོང་སྨོན་རྫོང་ཚ་ཁ་གྲོང་ཚོར་བཅའ་སྡོད་བོད་ལྗོངས་དངུལ་རྩའི་ལྟ་སྐུལ་དོ་དམ་ཅུས་ཀྱི་ལས་དོན་རུ་ཁག་དང་ཏང་ཡོན། མང་ཚོགས་འཐུས་མི་མཉམ་དུ་འཛོམས་ནས་འཕྲོ་གྲིབ་ཐད་གཏོང་བརྒྱུད་རྟེན་འབྲེལ་མཛད་སྒོའི་གནས་ཚུལ་གཟབ་རྒྱས་ལ་ཐུན་མོང་ཐོག་བལྟས་པས་ཡུལ་དངོས་ལ་ཚུར་སྣང་ལན་ཆ་ཡག་པོ་བྱུང་བ་དང་། ཁྱིམ་ཚང་དང་རྒྱལ་ཁབ་ཀྱི་བརྩེ་དུང་ཟབ་མོ་འཕྱུར་ཡོད།

སྔ་དྲོའི་ཆུ་ཚོད་10པར་བྱེད་སྒོ་ལྟེ་གནས་སུ་འདུག་སྟེགས་ཁེངས་ནས་གྲོང་མི་ཚོས་རེ་སྒུག་ཆེན་པོས་ཁ་བཏགས་གཡུག་གཡུག་བྱས་ནས་ལོ་རྒྱུས་རང་བཞིན་གྱི་དུས་སྐབས་དེར་ཐུན་མོང་ཐོག་བསུ་བ་ཞུས། རྒྱལ་གླུ་དཀྲོལ་བ་དང་བསྟུན་ནས། ཚོགས་ཆེན་ཡོངས་ཀྱིས་གཟབ་ནན་ངང་ཡར་ལངས་ཤིང་མིག་མདངས་འཆར་ཤེལ་ལ་འཕྲོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་རྟེན་འབྲེལ་མཛད་སྒོའི་ཡུལ་དངོས་སུ་ཐོན་སྐབས། སྤྲོ་སེམས་འཁོལ་བའི་ཐལ་མོ་རྡེབ་པ་དང་དགའ་འབོད་ཀྱི་སྐད་སྒྲ་ཚོམས་ཆེན་གང་སར་གྲགས་ཤིང་ཚ་ཁ་གྲོང་ཚོ་དང་ལེ་དབར་སྟོང་གི་ཐག་རིང་གི་རྟེན་འབྲེལ་མཛད་སྒོའི་ཡུལ་དངོས་དབར་འཕྲིན་ལམ་གཅིག་དང་མཉམ་འདར་གཏོང་བ་མངོན་འགྱུར་བྱུང་།

གྲོང་ཚོའི་ཏང་ཀྲི་པུའུ་ཧྲུའུ་ཅི་ཝུའུ་ཅན་གྱིས་སེམས་འགུལ་ཆེན་པོས་“སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་སྐུ་ངོ་མས་རུ་སྣེ་ཁྲིད་དེ་རྟེན་འབྲེལ་བྱེད་སྒོར་ཞུགས་པ་དེའི་ཐོག་ནས་ཏང་ཀྲུང་དབྱང་གིས་བོད་ཀྱི་མི་རིགས་ཁག་གི་མི་དམངས་ལ་ཐུགས་ཁུར་ཟབ་མོ་བྱེད་པ་གང་ལེགས་མཚོན་ཡོད། ཏང་གི་འགོ་ཁྲིད་འོག་བོད་ལ་ལོ་ངོ་སྟོང་ལས་བརྒལ་བའི་འགྱུར་ལྡོག་ཆེན་པོ་བྱུང་བས་ང་ཚོར་དྲོ་སྐྱིད་ཆེན་པོ་དང་སྐུལ་མ་ཆེན་པོ་ཐོབ། ང་ཚོས་ནམ་ཡང་ཏང་གི་བཀའ་ལ་ཉན་པ་དང་། ཏང་གི་བཀའ་དྲིན་ཚོར་བ། ཏང་གི་རྗེས་སུ་བསྐྱོད་པ་བཅས་བྱ་རྒྱུ་ཡིན་ཞེས་གསུངས་པ་རེད།

དེ་རྗེས་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་གིས་ཏང་ཀྲི་པུའུ་དང་མཉམ་འབྲེལ་བྱས་ནས་ཆེད་དོན་བཞུགས་མོལ་ཚོགས་འདུ་འཚོགས་པ་རེད། ཏང་ཡོན་དང་གྲོང་མིའི་འཐུས་མིས་ཧུར་བརྩོན་ཆེན་པོས་གཏམ་བཤད་གནང་བ་དང་། རང་ཉིད་ཀྱི་ཉམས་མྱོང་དང་ཟུང་འབྲེལ་བྱས་ནས་བོད་ཀྱི་ལོ་ངོ་60རིང་གི་འཕོ་འགྱུར་ཆེན་པོ་གླེང་བ་རེད། ཏང་ཡོན་རྒན་གྲས་བཀྲ་རྡོ་ཡིས་“བོད་རྙིང་པའི་སྐབས་གྲོང་ཚོའི་ནང་ལམ་བུ་ཡག་པོ་ མེད་ཀྱང་ད་ཆ་ཨར་འདམ་གྱི་ལམ་སྒོ་དང་འབྲེལ་ཞིང་། སྔོན་ཆད་སྣུམ་སྒྲོན་ལ་བརྟེན་ནས་གློག་སྒྲོན་བྱེད་དགོས་ཀྱང་ད་ཆ་གློག་དང་དྲ་རྒྱ་དང་ཆུཀ་ལ་སོགས་འཁྲིད་ཡོད། ཕྲུ་གུར་སློབ་ཡོན་མི་དགོས་པར་སློབ་གྲྭར་འགྲོ་བ་དང་གྲོང་མི་རྣམས་ལ་སྨན་བཅོས་འགན་བཅོལ་ལོངས་སུ་སྤྱོད་བཞིན་ཡོད་པས།འགྱུར་ལྡོག་དེ་དག་ནི་བསམ་ཡུལ་ལས་འདས་པ་ཞིག་རེད།”ཅེས་གསུངས་བ་རེད།

ཚང་མས་གཅིག་མཐུན་གྱིས་བོད་ཀྱི་བྱ་གཞག་ཁག་གི་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ནི་ཏང་ཀྲུང་དབྱང་གི་བློ་གྲོས་ལྡན་པའི་འགོ་ཁྲིད་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱིས་སྒེར་སེམས་མེད་པའི་རོགས་སྐྱོར་བྱས་པ་ལས་བྱུང་བ་ཡིན་ལ། རང་སྐྱོང་ལྗོངས་ཏང་ཨུད་སྲིད་གཞུང་གིས་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་། མང་ཚོགས་སྣེ་ཁྲིད་ནས་དཀའ་སྤྱད་འབད་འཐབ་དང་བློ་བརྟན་འགྱུར་མེད་ཀྱི་འབད་འཐབ་བྱས་པ་ལས་བྱུང་བ་ཞིག་ཀྱང་ཡིན་པའི་ངོས་འཛིན་བྱེད་ཀྱི་ཡོད། གྲོང་མི་ཚོས་མིག་སྔའི་བདེ་སྐྱིད་འཚོ་བར་སྔར་བས་གཅེས་སྤྲས་བྱེད་པ་དང་། རང་རྟོགས་ངང་མེས་རྒྱལ་གཅིག་གྱུར་དང་མི་རིགས་མཐུན་སྒྲིལ་སྲུང་སྐྱོང་བྱེད་པ་དང་། སེ་འབྲུ་རྡོག་དང་འདྲ་བར་དམ་པོར་འཇུས་ནས་ཏན་ཏན་ཏིག་ཏིག་གིས་འབད་བརྩོན་བྱས་ཏེ་ཕ་ཡུལ་སྔར་ལས་མཛེས་སྡུག་ལྡན་པའི་སྒོ་ནས་འཛུགས་སྐྲུན་བྱས་ཏེ། གངས་ལྗོངས་ཐུན་མོང་ཐོག་ས་མཐོའི་ཡུན་རིང་བདེ་སྐྱིད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལེའུ་གསར་པ་འབྲི་རྒྱུ་ཡིན་ཞེས་གཅིག་རྗེས་གཉིས་མཐུད་ངང་བཤད་པ་རེད།

ཚེ་རིང་ཐར་གྱིས་བསྒྱུར།

西藏青年报

↑ TOP


按日期搜索
12 2022
 
 
 
 

西藏青年报藏文版

分享到

微信

QQ

QQ空间

微博