http://zw.xzqnb.cn/Content/weixinlogo.png
ཉེ་ཆར། བྲག་གཡབ་རྫོང་སྤྱི་བདེ་ཅུས་ཏང་ཨུད་ཀྱིས“རྟག་ཏུ་བློ་བཟོད་
http://zw.xzqnb.cn/m/content/2025-08/29/001361.html
《汉文版》 《藏文版》

第03版:ཕྱོགས་བསྡུས།

གཏོགས་ཁོངས་ཁུལ་གྱི་འགྲིམ་འགྲུལ་ཡུན་རིང་བདེ་འཁོད་ཡོང་བར་འགན་སྲུང་བྱས་པ།

གསོན་ཉམས་ལྡན་པའི་ནུབ་རྒྱུད་འཆར་གཞིའི་དང་བླངས་པའི་ལག་ལེན་སློབ་ཚན་ཞིག

པར་རིས་གསར་འགྱུར།

དཔྱ་ཁྲལ་གཟིགས་སྐྱོང་ལོ་ངོ་དྲུག་ཅུའི་རིང་བོད་ཀྱི་ཁྲལ་བསྡུའི་བསྒྱུར་བཅོས་འཕེལ་རྒྱས་ཀྱི་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པ།

བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་ངོ་60འཁོར་བའི་རྟེན་འབྲེལ་ཚོགས་ཆེན་ཚ་ཁ་གྲོང་ཚོར་སྤྲོ་སེམས་འཁོལ་བའི་ཚུར་སྣང་ལན་ཆ་བྱུང་།

等待处理…

གཏོགས་ཁོངས་ཁུལ་གྱི་འགྲིམ་འགྲུལ་ཡུན་རིང་བདེ་འཁོད་ཡོང་བར་འགན་སྲུང་བྱས་པ།

2025年08月29日

ཉེ་ཆར། བྲག་གཡབ་རྫོང་སྤྱི་བདེ་ཅུས་ཏང་ཨུད་ཀྱིས“རྟག་ཏུ་བློ་བཟོད་མི་བདེ་བའི”འགན་འཁྲིའི་སེམས་པ་བཅངས་ཏེ་ལས་འཛོལ་སྔོན་འགོག་གི“འགྲིམ་འགྲུལ་ལས་འཛོལ་ཐོན་ཚད་ཉུང་གཏོང་དང་ལས་འཛོལ་ཆེན་པོ་ཐོན་རྒྱུ་ཚོད་འཛིན་བྱེད་པའི”དམིགས་ཚད་ལ་དམིགས་ཏེ། འགྲན་མེད་བྱེད་ཐབས་ལ་བརྟེན་ནས་བདེ་འཇགས་འགོག་སྲུང་དྲ་བ་དམ་ཚགས་བཟོས་ཏེ། གཏོགས་ཁོངས་ཀྱི་འགྲིམ་འགྲུལ་བདེ་འཇགས་ཁྱོན་ཡོངས་བརྟན་ལྷིང་ཡོང་བར་ནུས་ཤུགས་ཡོད་རྒུས་འགན་སྲུང་བྱས་པ་རེད།

“ཉེན་གསུམ་མཉམ་འགུལ”གྱི་ལས་ཀ་བྱེད་སྟངས་གསར་གཏོད་བྱས་ཐོག“ཉེན་ཟོན་རླངས་འཁོར་གྱིས་སྐོར་གཡེང་དང་། ཉེན་བརྡའི་གློག་སྒྲོན་གྱིས་དྲན་སྐུལ། ཉེན་རྟོག་སྟོབས་ཤུགས་ཀྱིས་ནན་བཤེར་བཅས་བྱས་པ་བརྒྱུད་ཕྱོགས་བསྡུས་རྣམ་པའི་སྔོན་འགོག་ཚོད་འཛིན་མ་ལག་བཙུགས་པ་རེད། སྦག་སྦག་བཞོན་མཁན་གྱིས་རྨོག་ཞྭ་གྱོན་མེད་པ་དང་། ཆང་བཏུངས་འཁོར་གཏོང་དང་ར་བཟི་འཁོར་གཏོང་སོགས་གནད་དོན་མངོན་གསལ་དོད་རིགས་ལ་དམིགས་ནས། གྲོང་ཁུལ་གྱི་གཞུང་ལམ་གཙོ་བོ་དང་། རྒྱལ་ལམ། ཞིང་ཆེན་ལམ་བཅས་སུ་ཁྲིམས་སྒྱུར་ཐེངས་མང་བྱས་པས། གྲོང་ཁུལ་དུ་རྨོག་ཞྭ་གྱོན་ཚད་དེ་སྔའི་60%ཡང་མི་ཟིན་པ་ནས་ད་ཆའི་95%བར་འཕར་ཞིང་། རིམ་རྩིས་བརྒྱབ་ན་འགྲིམ་འགྲུལ་ཁྲིམས་འགལ་གྱི་གྱོད་གཞི་སྣ་ཚོགས་303ཞིབ་བཤེར་ཐག་གཅོད་བྱས་ནས་ཟིལ་གནོན་ཆེན་པོ་ཆགས་ཡོད་པ་རེད།

ཁེ་ལས་དང་། འཁོར་རིགས། ཁ་ལོ་བ་བཅས་འཁོར་འབྲེལ་ཧྲིལ་པོའི་ལྟ་འདོམས་ལམ་སྲོལ་བཙུགས་ཐོག་གཏོགས་ཁོངས་སུ“གཟུགས་བཤེར་རྣམ་པའི”གྲལ་བཤེར་བྱས་ཏེ། མངོན་མེད་རྐྱེན་ངན་ཁག་3བཅོས་སྒྲིག་བྱས་པ་དང་། གཙོ་གནད་མི་དང་གཙོ་གནད་འཁོར་རིགས་ཀྱི་མངོན་མེད་རྐྱེན་ངན་སྐབས་བསྟུན་གཙང་བཟོའི་བྱ་སྤྱོད་ལ་སྐུལ་འདེད་བཏང་བས་གཙང་བཟོ་ཐུབ་ཚད་70%ཟིན་པ་མ་ཟད་ད་དུང་རྒྱུན་མཐུད་འགག་སྒྲོལ་ཡང་ཐུབ་ཡོད་པ་རེད། ཉེན་ཁ་སྔོན་འགོག་ཚོད་འཛིན་གྱི་འགག་སྒོ་སྔོན་སྒྲུབ་བྱས་པ་བརྒྱུད་ལས་འཛོལ་གྱི་མངོན་མེད་རྐྱེན་ངན་འབྱུང་རྩ་ནས་མེད་པར་བཟོས་ཏེ། གཏོགས་ཁོངས་ཀྱི་བགྲོད་ལམ་འགྲིམ་འགྲུལ་བདེ་འཇགས་ཡུན་རིང་བརྟན་པོ་ཡོང་བར་བྱས་ཡོད་པ་རེད།

དམ་ཆོས་མི་ཕམ་གྱིས་བསྒྱུར།

西藏青年报

↑ TOP


按日期搜索
12 2022
 
 
 
 

西藏青年报藏文版

分享到

微信

QQ

QQ空间

微博