http://zw.xzqnb.cn/Content/weixinlogo.png
ཉེ་ཆར་བོད་ཀྱིས“བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་ངོ་60འཁོར་བ
http://zw.xzqnb.cn/m/content/2025-08/29/001364.html
《汉文版》 《藏文版》

第03版:ཕྱོགས་བསྡུས།

གཏོགས་ཁོངས་ཁུལ་གྱི་འགྲིམ་འགྲུལ་ཡུན་རིང་བདེ་འཁོད་ཡོང་བར་འགན་སྲུང་བྱས་པ།

གསོན་ཉམས་ལྡན་པའི་ནུབ་རྒྱུད་འཆར་གཞིའི་དང་བླངས་པའི་ལག་ལེན་སློབ་ཚན་ཞིག

པར་རིས་གསར་འགྱུར།

དཔྱ་ཁྲལ་གཟིགས་སྐྱོང་ལོ་ངོ་དྲུག་ཅུའི་རིང་བོད་ཀྱི་ཁྲལ་བསྡུའི་བསྒྱུར་བཅོས་འཕེལ་རྒྱས་ཀྱི་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པ།

བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་ངོ་60འཁོར་བའི་རྟེན་འབྲེལ་ཚོགས་ཆེན་ཚ་ཁ་གྲོང་ཚོར་སྤྲོ་སེམས་འཁོལ་བའི་ཚུར་སྣང་ལན་ཆ་བྱུང་།

等待处理…

དཔྱ་ཁྲལ་གཟིགས་སྐྱོང་ལོ་ངོ་དྲུག་ཅུའི་རིང་བོད་ཀྱི་ཁྲལ་བསྡུའི་བསྒྱུར་བཅོས་འཕེལ་རྒྱས་ཀྱི་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པ།

2025年08月29日

ཉེ་ཆར་བོད་ཀྱིས“བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་ངོ་60འཁོར་བར་རྟེན་འབྲེལ་ཞུ་རྒྱུའི”བརྗོད་བྱ་གཙོ་བོའི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་ཐེངས་བཅུ་བདུན་པ་འཚོགས་ནས་ལོ་ངོ་60ཡི་རིང་དང“ལོ་ལྔའི་འཆར་གཞི་བཅུ་བཞི་པའི”དུས་སྐབས་ཀྱི་བོད་ལྗོངས་ཀྱི་ཁྲལ་བསྡུའི་སྒྱུར་བཅོས་དང་འཕེལ་རྒྱས་ངོ་སྤྲོད་བྱས་པ་རེད།

ལོ་ངོ་60ཡི་རིང་བོད་ཀྱི་ཁྲལ་བསྡུའི་ཡོང་འབབ་གཞི་ཁྱོན་བརྟན་པོའི་ངང་འཕར་བ་དང་གྲུབ་ཆ་རྒྱུན་མཐུད་ལེགས་སུ་ཕྱིན་ཡོད། 1965ལོར་བོད་རང་སྐྱོང་ལྗོངས་དབུ་བརྙེས་སྐབས་ཁྲལ་བསྡུའི་ཡོང་འབབ་སྒོར་ཁྲི་སྟོང་རིམ་པ་ཡིན། 1994ལོར་ཁྲལ་བགོ་བཤའི་ལམ་ལུགས་ཀྱི་ནོར་སྲིད་དོ་དམ་སྒྲིག་སྲོལ་བསྒྱུར་བཅོས་བྱེད་སྐབས། སྒོར་དུང་ཕྱུར་2ཡི་འགག་སྒོ་ཆེན་པོ་བརྒལ་ཡོད། “ལོ་ལྔའི་འཆར་གཞི་བཅུ་གསུམ་པའི”དུས་སྐབས་སུ། ལྗོངས་ཡོངས་ཀྱི་སྒྲིག་འཛུགས་ཁྲལ་བསྡུའི་ཡོང་འབབ་བསྡོམས་འབོར་སྒོར་དུང་ཕྱུར་2036.44ཟིན་པ་དེ“ལོ་ལྔའི་འཆར་གཞི་བཅུ་གཉིས་པའི”དུས་སྐབས་ཀྱི་ལྡབ་2.6ཡིན་པ་དང་། “ལོ་ལྔའི་འཆར་གཞི་བཅུ་བཞི་པའི”དུས་སྐབས་སུ། ལྗོངས་ཡོངས་ཀྱི་དཔལ་འབྱོར་བརྟན་པོའི་ངང་འཕར་བ་དང་། རིམ་རྩིས་ཁྲལ་བསྡུའི་ཡོང་འབབ་སྒོར་དུང་ཕྱུར་3100ལས་བརྒལ་རྒྱུ་ཡིན་པ་དང་དེའི་ནང་ཁྲལ་བསྡུའི་ཡོང་འབབ་(ཕྱིར་གཏོང་ཁྲལ་སློག་མ་འཐེན་པ)སྒོར་དུང་ཕྱུར་1600ལས་བརྒལ་རྒྱུ་རེད།

ཁྲལ་འཇལ་ཞབས་ཞུའི་ཐད། 2016ལོར་རང་ལྗོངས་ཀྱིས“དྲ་སྦྲེལ་+ཁྲལ་དོན”ཁྱབ་སྤེལ་བཏང་སྟེ། དྲ་ཐོག་རེ་ཞུ་དེ་དྲ་ཐོག་ནས་བསྒྲུབ་རྒྱུ་མངོན་འགྱུར་བྱུང་ཡོད། 2020ལོར་གློག་རྡུལ་ཁྲལ་དོན་ཅུས་ཀྱི“འབྲེལ་གཏུག་མེད་པའི”དཔྱ་ཁྲལ་སྒྲུབ་པའི་རྣམ་པ་རྒྱུན་ཆད་མེད་པར་རྒྱ་བསྐྱེད་དང་ཁྲལ་སྒྲུབ་པ། གྲོན་དངུལ་འཇོག་པའི་མ་གནས་མངོན་གསལ་དོད་པོས་ཆག་ཡོད། 2025ལོར་“ལས་ཆོད་ཆེ་བའི་སྒོ་ནས་བྱ་བ་གཅིག་སྒྲུབ་པ་”དང“དམངས་ལ་ཕན་པ་ཐོབ་ནས་ཁེ་ལས་ལ་ཕན་པ་ཐོབ་པའི”བླང་བྱ་ལ་དམིགས་ནས། ལྗོངས་ཡོངས་ལ་ཁྱབ་པའི་རིག་ནུས་ཞབས་ཞུའི་དྲ་རྒྱ་བསྐྲུན་པ་དང་ཁྲལ་བསྒྲུབ་དུས་ཡུན་20%ཇེ་ཆུང་དུ་བཏང་བས་ཕན་ནུས་ལྡན་པའི་ཁྲལ་བསྐྲུན་གྱི་ཕན་འབྲས་མངོན་གསལ་དོད་པོ་ཐོན་ཡོད།

གཞན་ཡང་ཁྲལ་བསྡུའི་ཆ་འཕྲིན་ཅན་གྱི་རིམ་འཇུག་རིམ་སྤོར་བྱས་ཡོད། 2016ལོར་ཁྲལ་རིགས་ཚང་མ་ཁེངས་པ་དང་དྲ་ཐོག་ལས་སྒོ་བཀོལ་སྤྱོད་ལ་འདེགས་སྐྱོར་བྱེད་པའི་ལས་སྒོ་ཡོངས་རྫོགས་སྒྲུབ་པའི་ཆ་འཕྲིན་མ་ལག་དྲ་ཐོག་ཏུ་སྤེལ་བ། 2018ལོར་གློག་རྡུལ་ཁྲལ་དོན་ཅུས་སུ་རིམ་སྤོར་བྱས་ཏེ“འབྲེལ་གཏུག་མེད་པའི”ཁྲལ་སྒྲུབ་དང་གྲོན་དངུལ་འཇོག་པའི་རྣམ་པ་གསར་པ་བཏོད་པ། 2024ལོར་རྒྱལ་ཡོངས་ཀྱི་གཅིག་གྱུར་ཚད་ལྡན་གྱི་གློག་རྡུལ་ཁྲལ་དོན་ཅུས་སུ་དྲ་ཐོག་ཏུ་ཞུགས་ཏེ“རིག་ནུས་ལས་གཉེར་”“རིག་ནུས་སྙན་ཞུ་འབུལ་བ”སོགས་སྣང་ཚུལ་ཅན་དང་རིག་ནུས་ཅན་གྱི་ནུས་པ་བརྒྱུད་དཔྱ་ཁྲལ་བསྡུ་བ་དང་གྲོན་དངུལ་འཇལ་བའི་སྟབས་བདེ་ཚད་ལྡན་སྔར་བས་ལེགས་སུ་གཏོང་བ་དང་མཐོ་རུ་བཏང་ཡོད།

ཚེ་རིང་ཐར་གྱིས་བསྒྱུར།

西藏青年报

↑ TOP


按日期搜索
12 2022
 
 
 
 

西藏青年报藏文版

分享到

微信

QQ

QQ空间

微博