http://zw.xzqnb.cn/Content/weixinlogo.png
གྲང་རླུང་འུར་འུར་དུ་ལྡང་བའི་དགུན་ཁ་ཡོལ་ནས་རླུང་འཇམ་བསིལ་བསིལ
http://zw.xzqnb.cn/m/content/2025-04/18/001152.html
《汉文版》 《藏文版》

第04版:རྩོམ་རིག་དགའ་ཚལ།

༄༅། །གཅེས་པར་འོས་པའི་སློབ་གྲྭ།

༄༅། །ང་ཡི་ཞི་མི།

༄༅། །ཕ་ཡུལ་དང་འབྲེལ་བའི་སེམས་འགྱུ།

༄༅། །དཔྱིད་ཀ་སླེབས་བྱུང་།

ལང་ཚོར་བརྟེན་ནས་ལེགས་སྐྱེས་ཀྱི་གླུ་དབྱངས་བརྩམས།

等待处理…

༄༅། །དཔྱིད་ཀ་སླེབས་བྱུང་།

作者 བསམ་སྐྱིད་སྒྲོལ་མ།
2025年04月18日

གྲང་རླུང་འུར་འུར་དུ་ལྡང་བའི་དགུན་ཁ་ཡོལ་ནས་རླུང་འཇམ་བསིལ་བསིལ་དུ་ལྡང་བའི་དཔྱིད་ཀ་སླེབས། དུས་ཚོད་ཀྱི་འཁོར་ལོ་བར་མེད་དུ་འཁོར་བས་ང་ཚོར་དྲན་སྐུལ་གྱི་ཅོང་བརྡ་མཚམས་མི་ཆད་པར་སྒྲོག ཨེ་མ། ཡང་གནམ་ལོ་གསར་པ་ཞིག་གི་དཔྱིད་འགོ་འདི་ལྟར་ཚུགས་སོང་།

དཔྱིད་ཀར་རི་བོར་གཡུ་ཡི་གོས་བཟང་བཀླུབས། དགུན་དུས་ཀྱི་འཁྱགས་རོམ་བཞུར་ནས་ཆུ་བོ་དག་མདོག་ཁམ་པར་གྱུར། རྩྭ་དང་རྩི་ཤིང་རྒྱས་ཤིང་ཕྱུགས་རིགས་འཕེལ་ཁ་དར།

གཟའ་མཇུག་དེར་ང་རང་ཕ་ཡུལ་དུ་ལོག་པ་ཡིན། ལམ་བར་དུ་གངས་མ་ཆར་བབས་པས་ཨ་ཕས་དེ་ལ་ང་ཚོའི་སྐད་དུ“ཁུ་འཕང”ཞེས་འབོད་ཟེར། ངའི་སེམས་སུ་ད་ནི་དཔྱིད་ཀ་སླེབས་འདུག་བསམ་ནས་དགའ་ཚོར་ཆེན་པོ་སྐྱེས། ཕྱི་ཉིན་ང་རང་སྔ་པོར་ལངས་ནས་ནོར་ལྷས་ནང་དུ་ཕྱིན། ང་ཚོའི་ནང་ལ་ད་ལོ་བེའུ་སྐྱེ་རྒྱུ་ཡོད་པའི་འབྲི་ཁེར་རྐྱང་ཞིག་ཡོད་པ་དེར་བེའུ་སྐྱེས་ཡོད་པ་མཐོང་དུས། སེམས་པ་སྤྲོ་སྣང་གིས་ཁེངས་ལ། དཔྱིད་ཀ་སླེབས་པའི་ཚོར་སྣང་ཡང་སྔར་བས་ཤུགས་ཆེ་རུ་ཕྱིན། དྲོ་ཡོལ་ཙམ་ལ་ང་ཚོ་ལྕི་བ་འདོན་སའི་ཐང་ས་རུ་ལྕི་ཁེབས་རྒྱག་པར་ཕྱིན། ངས་གྱང་ཁུག་དང་ལྕི་ལུད་ཁྲོད་དུ་རྩྭ་སྔོན་མང་པོ་སྐྱེས་ཡོད་པ་མཐོང་ཞིང་། ཐང་སའི་རྣམ་པ་དགུན་དུས་དང་མི་འདྲ་བར་འགྱུར་ལྡོག་ཆེན་པོ་ཕྱིན་འདུག དགུན་དུས་སུ་གྱང་ཁུག་ཏུ་འཁྱགས་པ་རྒྱས་པ་དང་། སད་རྒྱག་པ། ས་རྒོད་དུ་གྱུར་པ། གངས་ཀྱིས་བཀབ་པ་སོགས་ཀྱིས་རྩྭ་སྔོན་གྱི་ཤུལ་ཙམ་ཡང་མཐོང་དུ་མེད་ན་ཡང་། ད་ནི་ས་དྲོད་རིམ་བཞིན་འཕེལ་བ་དང་བསྟུན་རྩྭ་སྔོན་གསར་པའི་ཡོ་ལང་རབ་ཏུ་རྒྱས། མི་རྣམས་ཀྱི་བློ་ངོར་རང་དབང་མེད་པར་དཔྱིད་ཀ་ཤར་བའི་ཚོར་སྣང་སྦྱིན།

ཕྱི་དྲོར་ང་རང་བེའུ་རྫིར་ཕྱིན་པ་ཡིན། ངས་རི་སྟེང་དུ་མདོག་ཟིང་སྐྱ་ཅན་གྱི་མེ་ཏོག་ཞིག་སྐྱེས་ཡོད་པ་མཐོང་བྱུང་བས་ད་ནི་ནམ་དུས་དཔྱིད་ཀ་སླེབས་པ་ཤེས་བྱུང་།

ཉིན་གསུམ་པར་ང་རང་སློབ་གྲྭ་རུ་ལོག ལམ་བར་དུ་གཡང་རོང་དང་གྲོང་ཚོའི་འཁྲིས་ལ་སླེབས། གྲོང་མི་དག་གིས་ལམ་འགྲམ་དུ་ཡོད་པའི་ཞིང་ཁ་ཆུང་ཆུང་ཞིག་གི་ཐོག་ལ་ནང་དུ་ཅི་ཞིག་བླུགས་པའི་འགྱིག་སྒྱེ་འགའ་དྲུད་དེ་ཕར་འགྲོ་ཚུར་འོང་བྱེད་བཞིན་འདུག ཨ་ཕས་དེའི་རྣམ་པ་མཐོང་བ་དང་འུ་ཐུག་མདོག་གིས“ཨ། ད་ཡང་ཞིང་རྨོ་དགོས་རེད”ཟེར།

དཔྱིད་ཀ་སླེབས་སོང་། རེ་སྒུག་ཡུན་རིང་བྱས་པའི་དཔྱིད་ཀ་སླེབས་སོང་། བདག་གི་སེམས་པ་དཔྱིད་ཀ་ལྟར་རེ་བ་དང་གསོན་ཤུགས་ཀྱིས་ཁེངས། །

འབྲི་རུ་རྫོང་སློབ་འབྲིང་དང་པོའི་ལོ་རིམ༧(༣)

ཟུར་ཁྲིད་དགེ་རྒན། དགའ་བཟང་།

西藏青年报

↑ TOP


按日期搜索
12 2022
 
 
 
 

西藏青年报藏文版

分享到

微信

QQ

QQ空间

微博