http://zw.xzqnb.cn/Content/weixinlogo.png
བྱིས་དུས་ཀྱི་སྣང་ངོར། ཕ་ཡུལ་ནི་སྐྱ་ཐེར་ཐེར་གྱི་གྲོང་པ་དང་། རྡ
http://zw.xzqnb.cn/m/content/2025-04/18/001151.html
《汉文版》 《藏文版》

第04版:རྩོམ་རིག་དགའ་ཚལ།

༄༅། །གཅེས་པར་འོས་པའི་སློབ་གྲྭ།

༄༅། །ང་ཡི་ཞི་མི།

༄༅། །ཕ་ཡུལ་དང་འབྲེལ་བའི་སེམས་འགྱུ།

༄༅། །དཔྱིད་ཀ་སླེབས་བྱུང་།

ལང་ཚོར་བརྟེན་ནས་ལེགས་སྐྱེས་ཀྱི་གླུ་དབྱངས་བརྩམས།

等待处理…

༄༅། །ཕ་ཡུལ་དང་འབྲེལ་བའི་སེམས་འགྱུ།

作者 ཞུམ་མེད་ར་མདའ།
2025年04月18日

བྱིས་དུས་ཀྱི་སྣང་ངོར། ཕ་ཡུལ་ནི་སྐྱ་ཐེར་ཐེར་གྱི་གྲོང་པ་དང་། རྡོ་ཁང་སྨུག་པོའི་ཐོག་ཁ་ལས་འཕྱུར་བའི་སྔོ་ལྷོག་ལྷོག་གི་དུ་བའི་འཇའ་རིས་དེ་ཡིན་ཞིང་། སྐབས་དེ་དུས་སྲང་ཟུར་དུ་ཉི་མ་ལྡེ་བའི་ཡུལ་མི་སྤུན་མཆེད་ཚོས་བག་ཕེབས་ཀྱི་ལོ་ཟླའི་ལྷིང་འཇགས་ཁྲོད་དུ་བདེ་སྐྱིད་ལ་གཡབ་མོ་ཡང་ཡང་བྱེད།

ཕ་ཡུལ་དུ་རྩེད་འཇོར་རོལ་བའི་བྱིས་པའི་དགོད་སྒྲ་དང་ངུ་ངག་ཡོད་ལ། ཕ་ཡུལ་དུ་གཞོན་དུས་ཀྱི་གྲོགས་པོ་ཚོའི་ལྷད་མེད་ཀྱི་དམ་ཚིག་ཡོད། ཕ་ཡུལ་དུ་ཨ་མའི་བྱམས་བརྩེ་ཡི་འོད་སྣང་ཡོད་ལ། ཕ་ཡུལ་དུ་ཨ་ཕའི་རྒྱབ་གཟུགས་ཀྱི་མེ་ལོང་ཡོད།

ཕ་ཡུལ་ཞེས་པའི་ཡིག་འབྲུ་གཉིས་པོ་འདིར་བསམས་ན། ཕ་ཡུལ་ནི་ཆེས་ཤིན་ཏུ་ཆུང་ཆུང་ལྟ་བུ་ཞིག སུ་དང་གང་ཞིག་ཡིན་རུང་། རང་རང་ལ་ཆེས་མཛེས་སྡུག་ལྡན་པའི་ཕ་ཡུལ་རེ་ལོས་ཡོད། དོན་ངོ་མར། ཕ་ཡུལ་ནི་བརྗེད་པར་དཀའ་བའི་ཡུལ་ཞིག་སྟེ། ང་ཚོའི་བྱིས་དུས་ཀྱི་ཕྱིར་དྲན་ཡོངས་རྫོགས་གནས་དེར་ལུས་ཡོད་པས་ཡིན།

ཕ་ཡུལ་ནི་ངའི་ཚེ་འདིའི་ཆེས་ཐོག་མའི་གནས་མལ་དང་། ཆེས་མཐའ་མཇུག་གི་ཕྱི་མིག་འཕེན་ས་དེའང་ཡིན། ཕ་ཡུལ་དུ་ངའི་དགའ་ཤོས་ཀྱི་མི་ཡོད་ལ། ང་ལ་བརྩི་ཤོས་གནང་མཁན་གྱི་ཕ་མ་སྤུན་མཆེད་ཀྱང་ཡོད་པས། ཕ་ཡུལ་ནི་ངའི་གོམ་པ་དང་པོ་སྤོ་ཡུལ་དང་ངའི་ཕུགས་བསམ་གྱི་མྱུ་གུ་སྦྲུམ་སའང་ལོས་ཡིན། །

西藏青年报

↑ TOP


按日期搜索
12 2022
 
 
 
 

西藏青年报藏文版

分享到

微信

QQ

QQ空间

微博