http://zw.xzqnb.cn/Content/weixinlogo.png
ངའི་ཁྱིམ་དུ་མཛེས་སྡུག་ལྡན་ལ་སྤྱང་གྲུང་དོད་པའི་ཞི་མི་ཆུང་ཆུང་
http://zw.xzqnb.cn/m/content/2025-04/18/001150.html
《汉文版》 《藏文版》

第04版:རྩོམ་རིག་དགའ་ཚལ།

༄༅། །གཅེས་པར་འོས་པའི་སློབ་གྲྭ།

༄༅། །ང་ཡི་ཞི་མི།

༄༅། །ཕ་ཡུལ་དང་འབྲེལ་བའི་སེམས་འགྱུ།

༄༅། །དཔྱིད་ཀ་སླེབས་བྱུང་།

ལང་ཚོར་བརྟེན་ནས་ལེགས་སྐྱེས་ཀྱི་གླུ་དབྱངས་བརྩམས།

等待处理…

༄༅། །ང་ཡི་ཞི་མི།

作者 བསྟན་འཛིན་འཛོམས་སྐྱིད།
2025年04月18日

ངའི་ཁྱིམ་དུ་མཛེས་སྡུག་ལྡན་ལ་སྤྱང་གྲུང་དོད་པའི་ཞི་མི་ཆུང་ཆུང་ཞིག་ཡོད། ཞི་མི་དེ་སྤུ་མདོག་ལི་སེར་ཡིན། ཞི་མི་དེའི་མིང་ལ་ཧྥ་ཧྥ་ལི་ལི་ཟེར། མིང་འདི་བཏགས་པའི་རྒྱུ་མཚན་ནི་ཁོའི་སྤུ་མདོག་ལི་སེར་ཡིན་པས་ལི་ལི་ཞེས་བཏགས། ཞི་མི་དེ་གཤིས་ཀ་འཇམ་ཞིང་སྤུ་མདོག་ཧ་ཅང་སྙིང་རྗེ་པོ་ཡོད།

ཉིན་ཞིག་ལ་ཞི་མི་དེ་ལ་ཞིམ་ཕྲུག་དྲུག་སྐྱེས་འདུག ཞིམ་ཕྲུག་གསུམ་གྱི་ཚོན་མདོག་ནི་དཀར་པོ་དང་དེ་མིན་གསུམ་དེ་ནི་ཁྲ་ཁྲ་ཡིན། ཁོ་ཚོ་ཧ་ཅང་སྙིང་རྗེ་པོ་འདུག་པས་ང་ཚོ་ཧ་ཅང་དགའ་པོ་ཡོད།

ཉིན་གསུམ་བཞི་ཡི་རྗེས་སུ་ཞིམ་ཕྲུག་དྲུག་པོ་ཆ་ཚང་ཤི་འདུག ང་སེམས་ཧ་ཅང་སྡུག་བྱུང་། ཁོ་ཚོ་མིག་ཀྱང་མདངས་མེད་པས་དེ་འདྲ་ཤི་འདུག ཞིམ་ཕྲུག་ཟ་མཁན་ནི་ཞི་མི་གཞན་ཞིག་ཡིན། ང་སློབ་གྲྭ་གྲོལ་ནས་ནང་ལ་སླེབས་རྗེས། གཅུང་མོས་ང་ལ་ནང་གི་ཞི་མི་ཆ་ཚང་ཤི་འདུག་ཞེས་ཟེར། ང་ཡིད་མི་ཆེས་པས་ཕར་ཕྱིན་དུས་ཞིམ་ཕྲུག་ཚང་མ་ཤི་འདུག་ཞིམ་ཕྲུག་ཟ་མཁན་གྱི་ཞི་མི་དེ་ཨ་མ་ལགས་ཀྱི་ཞིམ་ཕྲུག་དྲུག་གི་མདུན་དུ་འཁྲིད་ནས་མགོ་བོ་སྟེང་དུ་གཞུ་བཞིན་འདུག དེ་དུས་སུ་ང་སེམས་ཧ་ཅང་སྡུག་བྱུང་།

འོན་ཀྱང་། ཞིམ་ཕྲུག་ཟ་མཁན་གྱི་ཞི་མི་དེ་ནི་ང་ཚོ་མཐོང་བ་དང་ཞེད་སྣང་ཆེན་པོ་སྐྱེས་ནས་ལུས་པོ་འདར་བཞིན་འདུག་པས། ཁོ་རང་གི་ནོར་འཁྲུལ་ངོས་ལེན་ཞུ་བ་ལྟར་བྱེད་ཀྱི་འདུག་པས་ངས་ཀྱང་ཞི་མི་དེ་གུ་ཡངས་ལ་གཏོང་བར་འདོད་བྱུང་ངོ་། །

ལྷ་ས་གྲོང་ཁྱེར་སློབ་འབྲིང་གསུམ་པའི་ལོ་རིམ༩(༤)

ཟུར་ཁྲིད་དགེ་རྒན། དབང་གྲགས།

西藏青年报

↑ TOP


按日期搜索
12 2022
 
 
 
 

西藏青年报藏文版

分享到

微信

QQ

QQ空间

微博