http://zw.xzqnb.cn/Content/weixinlogo.png
ཟླ་3ཚེས་14ཉིན་གྱི་ཕྱི་དྲོར། རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་ཞི་ཅི
http://zw.xzqnb.cn/m/content/2025-03/21/001096.html
《汉文版》 《藏文版》

第02版:གལ་ཆེའི་གསར་འགྱུར།

ལྗོངས་སྲིད་གྲོས་ཀྱི་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་གི་བཞུགས་མོལ་ཚོགས་ཆུང་ཙུའུ་གཉིས་པས་2025ལོའི་དུས་ཚིགས་དང་པོའི་སློབ་སྦྱོང་ཚོགས་འདུ་འཚོགས

བརྩེ་སེམས་རི་ཆུ་བརྒལ་ནས་སློབ་རོགས་ཀྱི་བྱ་སྤྱོད་ལ་བརྟེན་ཏེ་མི་སེམས་ལ་དྲོ་སྐྱིད་རྒྱུ་ཆ་ལྡན།

ཅིང་བོད་སེམས་པ་གཅིག་ཏུ་སྦྲེལ་ནས་སློབ་འགོ་ཚུགས་པའི་སློབ་ཚན་དང་པོ་མཉམ་དུ་འཚོགས་པ།

“བུད་མེད་ཀྱི་སེམས་པ་ཏང་ལ་ཕྱོགས་ནས། རྒྱང་སྐྱོད་ལམ་བུ་གསར་པར་འབད་བརྩོན་བྱེད།”

等待处理…

ལྗོངས་སྲིད་གྲོས་ཀྱི་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་གི་བཞུགས་མོལ་ཚོགས་ཆུང་ཙུའུ་གཉིས་པས་2025ལོའི་དུས་ཚིགས་དང་པོའི་སློབ་སྦྱོང་ཚོགས་འདུ་འཚོགས

2025年03月21日

ཟླ་3ཚེས་14ཉིན་གྱི་ཕྱི་དྲོར། རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་གི་བཞུགས་མོལ་ཚོགས་ཆུང་ཙུའུ་གཉིས་པས་2025ལོའི་དུས་ཚིགས་དང་པོའི་སློབ་སྦྱོང་ཚོགས་འདུ་འཚོགས་ཏེ། རྒྱལ་ཡོངས་ཚོགས་འདུ་གཉིས་རིང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དང་རྒྱལ་ཡོངས་ཚོགས་འདུ་གཉིས་ཀྱི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་དང་། གྲོས་འགོ་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་དང་རིགས་ཁོངས་ཨུ་ཡོན་གྱིས་སྤེལ་རེས་གཏམ་བཤད་བྱས་པ་རེད།

རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་སྒྲོལ་དཀར་ཚོགས་འདུར་ཕེབས་ནས་གསུང་བཤད་གནང་བ་རེད།

ཚོགས་འདུའི་ཐོག་ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་ལ་བརྟེན་ནས་བློ་སྒྲིལ་སེམས་སྐྱེད་མཐའ་འཁྱོངས་བྱས་ཏེ། མི་དམངས་སྲིད་གྲོས་ལས་དོན་ལ་ཤུགས་སྣོན་རྒྱག་པ་དང་ལེགས་སུ་གཏོང་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དགོངས་པ་གལ་ཆེན་དང་ལྷག་པར་དུ་ཚོགས་འདུ་གཉིས་རིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ཟབ་སྦྱོང་མཐིལ་རྟོགས་བྱེད་དགོས་པ་དང་། ཚུགས་གནས་མཐོ་རུ་གཏོང་བ་དང་། འགན་འཁྲིའི་འདུ་ཤེས་ཟབ་ཏུ་གཏོང་བ། སློབ་སྦྱོང་དང་ཞིབ་འཇུག་ལ་ཤུགས་སྣོན་རྒྱག་པ། འགན་སྒྲུབ་ནུས་པ་ཆེ་རུ་གཏོང་བ། སློབ་སྦྱོང་གི་ཕན་འབྲས་དེ་འགན་འཁྲི་གཙང་སྒྲུབ་ཀྱི་ཡང་དག་པའི་བསམ་ཕྱོགས་དང་དངོས་སྒྲུབ་བྱེད་ཐབས་སུ་བསྒྱུར་བ་བཅས་བྱས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དང་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ཁག་སྲིད་གྲོས་ལས་དོན་ནང་ལག་བསྟར་དོན་འཁྱོལ་བྱེད་དགོས་པ། ཞབས་ཞུའི་འདུ་ཤེས་ཟབ་ཏུ་གཏོང་བ་དང་། ལས་ཀའི་ཕན་ནུས་ཆེ་རུ་གཏོང་བ། གྲོས་འགོའི་ལས་དོན་གྱི་ཆུ་ཚད་ཡག་པོར་བརྟེན་ནས་འགན་འཁྲི་ཡག་པོ་སྒྲུབ་པ་བཅས་བྱས་ཏེ། བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད་སྲིད་གྲོས་ཀྱི་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་དགོས་པའི་ནན་བཤད་བྱས་པ་རེད།

བོད་ལྗོངས་ཉིན་རེའི་ཚགས་པར་ལས་དྲངས།

西藏青年报

↑ TOP


按日期搜索
12 2022
 
 
 
 

西藏青年报藏文版

分享到

微信

QQ

QQ空间

微博