དུས་ཚོད་ཀྱི་ཆུ་རྒྱུན་རིང་མོའི་ཁྲོད། མཛའ་བརྩེ་ཡི་ས་བོན་ཁ་རོག་གེར་ས་ལ་ལྷུང་ཞིང་། རྩ་བ་ཚུགས་ལ་མྱུ་གུ་འབུས་ནས་མཛེས་སྡུག་ལྡན་པའི་མེ་ཏོག་བཞད་པ་ནི་དྲོད་ཁོལ་ལྡན་པའི་སེམས་ཀྱི་ལོངས་སྤྱོད་ཅིག་ཏུ་གྱུར།
མཉམ་དུ་འགྲོ་མྱོང་བའི་ལམ་ལ་རྐང་རྗེས་ཀྱིས་ཁེངས་ཤིང་། མཉམ་དུ་བལྟ་མྱོང་བའི་ཡུལ་ལྗོངས་སྙིང་ཁོང་རུས་པར་བརྐོས་ཡོད་ལ། དེ་བས་མཉམ་དུ་བཏབ་ཟིན་པའི་སྨོན་ལམ་དེ་སྐར་ཚོགས་སུ་བསྒྱུར་ནས་ཕུགས་བསམ་གྱི་ནམ་མཁའ་རུ་འོད་ཆེམ་ཆེམ་བྱེད།
ང་ཚོ་མཉམ་དུ་བདེ་སྐྱིད་མཉམ་སྤྱོད་བྱེད་པ་དང་དགའ་སྤྲོ་རབ་ཏུ་འཚེར་བ་ནི་ཉི་འོད་ཀྱིས་མུན་ནག་གི་སྤྲིན་པ་བརྟོལ་བ་དང་གཉིས་སུ་མེད་ལ། ང་ཚོ་མཉམ་དུ་སྡུག་བསྔལ་མྱོང་བ་དང་སྐྱོ་སྣང་གི་མཆི་མ་ཤོར་དུས་ཕན་ཚུན་གྱི་དཔུང་གདང་གི་ཕྲག་པ་དེ་ཆེས་སྲ་བརྟན་གྱི་རྒྱབ་རི་སྨུག་པོ་དེ་རུ་འགྱུར།
རྩོད་གླེང་གིས་མཛའ་བརྩེ་ཡལ་མེད་དུ་མ་བཏང་བར། དེ་ལས་ལྡོག་སྟེ་སྔར་ལས་ལྷག་བསམ་རྣམ་དག་ཏུ་གཏོང་། བར་ཐག་གིས་མཛའ་བརྩེར་ཕོག་ཐུག་མེད་པར་དེ་ལས་ལྡོག་སྟེ་ཕྱི་ཐག་དེ་ཇེ་རིང་ཏུ་གཏོང་། དུས་ཚོད་ཀྱིས་དྲན་ཤེས་ཇེ་ཆུང་དུ་མ་བཏང་བར་དེ་ལས་ལྡོག་སྟེ་མཛེས་སྡུག་སྔར་ལས་སྣང་ཆེན་དུ་བརྩིས། མཛའ་བརྩེ་ནི་ནས་ཆང་ཞིམ་པོ་ཞིག་ལྟར་དུས་ཡུན་ག་ཚོད་རིང་ཡང་བྲོ་བཅུད་ནི་དེ་བས་ཟབ་པ་ཞིག་དགོས།
ཕྱིར་དྲན་ནི་སྐར་ཚོགས་ཞིག་དང་འདྲ་བར་མཛའ་བརྩེ་ཡི་བར་སྣང་ཡོངས་སུ་བརྒྱན་པ་དང་། དྲན་པ་ནི་བསིལ་རླུང་ཞིག་དང་འདྲ་བར་མཛའ་བརྩེ་ཡི་ཚ་ནད་ཡོངས་སུ་བཅོས། སྨོན་འདུན་ནི་ལྷུང་ལྷུང་དུ་འབབ་པའི་ཆུ་ཕྲན་ཞིག་དང་འདྲ་བར་མཛའ་བཤེས་དེ་སེམས་ཁོངས་སུ་བཞུར་བཞིན་ཡོད།
མཛའ་བརྩེ་ཡི་མེ་ཏོག་ནམ་ཡང་མཚར་སྡུག་གིས་བཞད་སྲིད་ལ། དེའི་དྲི་བསུང་ནི་བདག་གི་མི་ཚེའི་འགྲུལ་བཞུད་རིང་མོར་ནམ་ཡང་འཐུལ་སྲིད། ཆར་རླུང་ཅི་འདྲ་ཆེ་ན་ཡང་མཛའ་བརྩེ་ཡི་མར་མེ་ནམ་ཡང་འཚེར་བཞིན་ཡོད་ལ། ལོ་ཟླ་ཇི་འདྲ་རྩུབ་ན་ཡང་། མཛའ་བརྩེ་ཡི་མེ་ཏོག་ནམ་ཡང་ང་ཚོའི་སེམས་ཀྱི་ཞིང་སར་མཛེས་སྡུག་རྣམ་པར་ངོམས་ནས་ཡོད་དོ། །
ལྷ་ས་ཅང་སུའུ་ཚོད་སློབ་ལང་ཚའི་མེ་ཏོག་རྩོམ་རིག་ཚོགས་པ།
ཟུར་ཁྲིད་དགེ་རྒན། བོན་བསྟན་འཛིན།