西藏青年报藏文版རྩོམ་རིག་དགའ་ཚལ། ༄༅། །ཕ་མའི་བྱམས་བརྩེ། ༄༅། །མཛའ་བརྩེ། ༄༅། །ཤེས་བྱའི་གནས་ལ་བརྩོན། ༄༅། །ལམ་དང་ཕུགས་བསམ།

放大 缩小 默认

༄༅། །ཕ་མའི་བྱམས་བརྩེ།

□ 作者 བཀྲ་ཤིས་ལྷ་གཡང་།

འཇིག་རྟེན་འདིར་རང་ལ་དངོས་གནས་དྲང་གནས་ཡག་པོ་བྱེད་མཁན་མི་གཉིས་ཡོད་དེ་རང་གི་ཕ་མ་གཉིས་སོ། །

ངའི་ཨ་མ་ནི་སྐྲ་རིང་ཞིང་ངོ་གདོང་དཀར་བ་དང་གཟུགས་འབྲིང་ཙམ་ཡོད། ངའི་ཨ་ཕ་ནི་ཤ་སྐམ་ཞིང་གཟུགས་རིང་བ་དང་མིག་ཀྱང་ཆེ་ལ་སྒོར་བ་ཞིག་ཡིན། ཁོང་ནམ་རྒྱུན་ང་ཚོར་དངུལ་མང་པོ་སྤྲད་ཀྱི་ཡོད། ནམ་རྒྱུན་ང་དང་གཅེན་པོ་ངལ་གསོ་རེ་ཐུག་སྐབས་ངེད་གཉིས་ཁོང་གིས་སྤྲད་པའི་དངུལ་ཁྱེར་ནས་རྩེད་མོ་རྩེ་རྒྱུར་འགྲོ་རྒྱུ་དགའ་པོ་ཡོད་མོད། ཡིན་ཡང་ཨ་མས་ང་གཉིས་ལ་ཟ་མ་ཟ་བའམ་གྱོན་ཆས་ཉོ་བ་ལས་དངུལ་གང་བྱུང་དུ་མི་གཏོར་བའི་མངགས་བཅོལ་ཡང་ཡང་གནང་།

ནམ་རྒྱུན་ང་དང་གཅེན་པོས་ཨ་མའི་ཁ་ལ་ཉན་ནས་ནམ་ཡིན་ཡང་ཁྲོམ་ལ་འགྲོ་སྐབས་གྱོན་ཆས་ཉོ་བའམ་ཟ་མ་ཟ་བ་ཕུད་རྩེད་མོ་རྩེ་བར་འགྲོ་ནུས་ཀྱི་མེད། ངས་ཁོང་ཁྲོའི་ངང་ནས“གཅེན་པོ་རང་བུ་གཞན་དང་མི་འདྲ་བ་གང་ཡིན་ནམ། རྩེད་མོ་རྩེ་རྒྱུར་མི་དགའ་འམ”ཞེས་སྐད་ཆ་དྲིས། གཅེན་པོས་ལན་གང་ཡང་བརྒྱབ་མ་བྱུང་། དེའི་རྗེས་ངས་རོགས་པ་དང་མཉམ་དུ་རྩེད་མོ་རྩེ་ས་ཞིག་ཏུ་འགྱིག་ཕྲུག་འཛིན་པའི་རྩེད་མོ་རྩེ་བར་ཕྱིན་པ་ཡིན། དེ་རུ་རྩེད་མོའི་རིགས་སྣ་ཚོགས་རྩེ་རྒྱུ་འདུག་ཅིང་། རྩེད་མོ་རྩེ་སྐབས་མི་དམངས་ཤོག་སྒོར་རེ་དང་གནའ་སྔ་མོའི་སྒོར་མོ་ལྟ་བུའི་ལྕགས་ལེབ་སྒོར་མོ་ཆུང་ཆུང་རེ་བརྗེས་ནས་སྒོར་མོ་གཉིས་རེ་འཕྲུལ་འཁོར་གྱི་ཁོག་པའི་ནང་བླུགས་རྗེས་གཞི་ནས་རྩེད་མོ་ཐེངས་རེ་རྩེ་ཆོག་གི་འདུག ང་ཚོས་སྔ་དྲོ་གཅིག་གི་དུས་ཚོད་བེད་སྤྱད་རུང་འགྱིག་ཕྲུག་དྲག་པ་ཞིག་ལེན་མ་ཐུབ། ང་ཚོས་སྒོར་ག་ཚོད་འགྲོ་སོང་ཕྱིན་ཡོད་མེད་བརྩི་སྐབས་ཁྱོན་སྐོར་སུམ་བརྒྱ་ལྷག་ཙམ་ཕྱིན་འདུག ནང་ལ་སླེབས་རྗེས་ཕ་མ་གཉིས་ཀྱིས་ང་ལ“གང་དུ་ཕྱིན་པ་ཡིན་ནམ”ཟེར་བས། ངས“རོགས་པ་མཉམ་དུ་རྩེད་མོ་རྩེ་བར་ཕྱིན་པ་ཡིན”ཞེས་བཤད། ཁོང་གཉིས་ཀྱིས་སྐད་ཆ་དེ་ཙམ་ལས་དངུལ་གྱི་སྐོར་སྐད་ཆ་ཚིག་གཅིག་ཀྱང་མ་དྲིས་པས། ང་ཡང་གཞི་ནས་སེམས་པ་ལྷོད་ལ་བབས། ཁོང་གཉིས་ཀྱིས་ང་རང་རྩེད་མོ་སྐྱིད་པོ་བྱུང་བ་མཐོང་རྗེས་སེམས་པ་དགའ་ཐག་ཆོད་ནས་གཞན་ལ་སྣང་བ་གང་ཡང་གཏོང་གི་མི་འདུག

ཡང་ཐེངས་ཤིག་ང་གཅེན་པོའི་འགྲམ་དུ་ཕྱིན་ནས་གཅེན་པོར་རྩེད་ཆས་གསར་པ་ཞིག་འདུག་པས། དེ་ཉོ་རོགས་གྱིས་ཞེས་བཤད་པས། གཅེན་པོས་ང་ལ། “ངེད་གཉིས་ཀྱིས་དངུལ་གྲོན་ཆུང་བྱེད་དགོས། གང་ཡིན་ཟེར་ན། ཕ་མ་གཉིས་པོས་དངུལ་གསོག་དུས་དཀའ་ལས་ཡོད་ལ། ཁོང་གཉིས་ཀྱིས་ཀྱང་དངུལ་དེ་ཙམ་མི་གཏོར་བ་ཁྱོད་ཀྱིས་ཚོར་གྱི་མི་འདུག་གམ”ཟེར།

ངས་བསམ་བློ་ཡང་ཡང་གཏོང་སྐབས། དངོས་གནས་དེ་འདྲ་ཡིན་ཏེ། ཕ་མ་གཉིས་ཀྱིས་གྲོན་ཆུང་བསྲི་ཚགས་བྱས་ཏེ་དཀའ་ལས་བརྒྱབ་ནས་བསགས་པའི་དངུལ་ང་ཚོས་ཅི་འདོད་དུ་གཏོར་ན་ག་ལ་འགྲིག །འཇིག་རྟེན་ཐོག་རང་ཉིད་ལ་བྱམས་སྐྱོང་གནང་མཁན་ཕ་མ་ལས་གཞན་དཀོན་པས། ང་ཚོས་ཕ་མ་ལ་བསམ་ཤེས་དང་བརྩི་བཀུར་བྱས་ནས་བསྲི་ཞུ་སྒྲུབ་ཅི་ཐུབ་བྱེད་པ་ལས། རྟག་པར་ཁོང་ཚོའི་འགྲམ་ནས་ཁེ་ཕན་ལེན་ཐབས་བྱས་ན་ག་ལ་འགྲིག །མ་གཞི་ཁོང་ཚོས་ཕྲུ་གུའི་ཆེད་དུ་ཡོད་ཚད་བློས་གཏོང་བར་ཕངས་སེམས་མི་བྱེད་མོད། འོན་ཀྱང་ང་ཚོས་ཡིན་གཅིག་རང་ཉིད་འདོད་ཆུང་ཆོག་ཤེས་བྱེད་ཤེས་པ་བྱེད་དགོས་སྙམ་མོ། །

འབྲི་རུ་རྫོང་སློབ་འབྲིང་དང་པོའི་ལོ་རིམ༨(༦)

ཟུར་ཁྲིད་དགེ་རྒན། དགའ་བཟང་།

放大 缩小 默认
西藏青年报社出版  |  国内统一刊号:CN54—0006  |  邮发代号:67—11
制作单位:中国西藏青年报  |  所有内容为中国西藏青年报版权所有,未经授权不得复制转载或建立镜像  |  藏ICP备2022000062号
声明