http://zw.xzqnb.cn/Content/weixinlogo.png
མིའི་མི་ཚེ་ནི་གཅེར་བུར་གནས་པའི་སྐྱེ་བོ་ཞིག་དང་འདྲ་བས་ང་ཚོས་ད
http://zw.xzqnb.cn/m/content/2025-01/24/001043.html
《汉文版》 《藏文版》

第04版:རྩོམ་རིག་དགའ་ཚལ།

༄༅། །ཕ་མའི་བྱམས་བརྩེ།

༄༅། །མཛའ་བརྩེ།

༄༅། །ཤེས་བྱའི་གནས་ལ་བརྩོན།

༄༅། །ལམ་དང་ཕུགས་བསམ།

等待处理…

༄༅། །ཤེས་བྱའི་གནས་ལ་བརྩོན།

作者 རྣམ་རྒྱལ་མཚོ་མོ།
2025年01月24日

མིའི་མི་ཚེ་ནི་གཅེར་བུར་གནས་པའི་སྐྱེ་བོ་ཞིག་དང་འདྲ་བས་ང་ཚོས་དེར་མཛེས་སྡུག་ལྟ་བས་མི་མངོན་པའི་ཤེས་བྱ་རིག་གནས་ཀྱི་མཛེས་རྒྱན་སྤྲོད་དགོས།

འུ་ཅག་ཚོ་སློབ་གྲྭ་འགྲིམས་ནས་ཤེས་བྱ་རིག་གནས་སྦྱོང་བར་ཡོང་བའི་དགོས་པ་གང་ཞིག་ཡིན། ཁྱེད་ཚོས་དོན་དག་འདི་ལ་མནོ་བསམ་ཞིག་བཏང་མྱོང་ཡོད་དམ། སློབ་ཐོན་ལག་ཁྱེར་ལེན་པའི་ཆེད་དུ་ཡིན་ནམ་ཁྱེད་ཀྱི་དངོས་པོའི་སྟེང་གི་དགོས་མཁོ་སྐོང་ཆེད་ཡིན། ཡང་ན་མིག་རྒྱང་རིང་བའི་ཕུགས་འདུན་ནམ་རེ་བ་དེ་ཚོ་མངོན་འགྱུར་བྱ་ཆེད་ཡིན། བདག་གིས་བལྟས་ན་ཤེས་བྱ་རིག་གནས་སྦྱངས་པའི་ཆེས་མཐའ་མའི་དམིགས་ཡུལ་ནི་ལེགས་ཉེས་བརྡར་ཤ་གཅོད་པའི་བློ་གྲོས་ལྡན་པའི་ཆེད་དུ་ཡིན་སྙམ། རིག་གནས་སྦྱངས་པ་དེས་ཁྱེད་ལ་རོགས་རམ་བྱས་ནས་གནད་དོན་ཡོད་ཚད་ཐག་གཅོད་བྱེད་མི་ཐུབ་རུང་ཁྱོད་ལ་དེ་ལས་བཟང་བའི་ལྟ་ཕྱོགས་ཤིག་འདོན་སྤྲོད་བྱེད་ཐུབ། ད་དུང་ང་ཚོར་མི་བྱེད་སྟངས་ཀྱི་ཚད་གཞི་ཞིག་ཀྱང་བསླབས་ཀྱི་ཡོད། ཤེས་བྱ་རིག་གནས་སྦྱངས་པའི་ཐབས་ཤེས་ཡག་ཤོས་ནི་དཔེ་དེབ་བལྟ་བ་དེ་ཡིན། དཔེ་དེབ་ནི་འཇིག་རྟེན་ལྟ་བའི་འདྲེན་བྱེད་ལྟ་བུ་ཞིག་ཡིན། སློབ་སྦྱོང་མ་བྱས་ན་ལས་དོན་ཆེ་ཆུང་ཕྲ་རགས་གང་རུང་ཞིག་ཀྱང་སྒྲུབ་མི་ཐུབ། འོ་ན་གང་འདྲ་བྱས་ནས་ཤེས་བྱར་བརྩོན་དགོས་ཤེ་ན། ས་པཎ་གྱིས“རིག་པ་ནངས་པར་འཆི་ཡང་བསླབ། །ཚེ་འདིར་མཁས་པར་མི་འགྱུར་ཡང་། །སྐྱེ་བ་ཕྱི་མར་བཅོལ་བ་ཡི། །ནོར་ལ་རང་ཉིད་ལེན་དང་མཚུངས། །"ཞེས་པའི་ཚིགས་བཅད་དེས་ང་ཚོར་རིག་གནས་སྦྱང་བརྩོན་བྱེད་དགོས་པ་མ་ཟད་སློབ་སྦྱོང་ལ་ཉིན་གཅིག་གི་དཔེ་བླངས་པ་ལྟར་གསོག་འཇོག་དང་རྒྱ་སྐྱེད་བྱེད་དགོས་པ་བསྟན། སྐབས་འགར་ཧུར་བརྩོན་བྱེད་པ་དང་སྐབས་འགར་མ་བྱས་ན་མི་འགྲིག་པས་སང་སང་གནངས་གནངས་ཟེར་ནས་བར་མེད་དུ་རྒྱུགས་པའི་དུས་ཚོད་དེ་ཆུད་ཟོས་སུ་མ་བཏང་བར། ཤེས་བྱའི་ཐང་ཆེན་ཡངས་པོའི་སྐྱེད་ཚལ་དུ་བརྩོན་འགྲུས་ཀྱིས་ནམ་འཕང་གཅོད་པར་བྱེད།

ཤེས་བྱ་རིག་གནས་མ་སྦྱངས་ན་དྲིན་ཕ་མའི་བཀའ་དྲིན་ཇི་ལྟར་འཇལ། ཕུགས་བསམ་མངོན་འགྱུར་ཇི་ལྟར་བྱེད། མི་ཚེའི་རིན་ཐང་ཇི་ལྟར་མངོན། རྒྱུ་རིན་ཆེན་ཇི་ལྟར་འཚོལ། ཤེས་བྱར་བརྩོན་ཅིག་དུས་རབས་གསར་པའི་ན་གཞོན་ཚོ། ང་ཚོ་ནི་ཤེས་བྱའི་ཆེད་དུ་འདི་གར་ཡོང་བ་ཡིན། །

ལྷ་ས་ཅང་སུའུ་ཚོད་སློབ་ལང་ཚོའི་མེ་ཏོག་རྩོམ་རིག་ཚོགས་པ།

ཟུར་ཁྲིད་དགེ་རྒན། ཚེ་བརྟན་རྒྱལ་པོ།

西藏青年报

↑ TOP


按日期搜索
12 2022
 
 
 
 

西藏青年报藏文版

分享到

微信

QQ

QQ空间

微博