http://zw.xzqnb.cn/Content/weixinlogo.png
ལམ་དེར་ཕུགས་བསམ་གྱི་ལམ་བུ་ཞེས་ཟེར་ཡང་ཆོག་ལ། ལམ་དེར་ཕ་ཁྱིམ་དུ་
http://zw.xzqnb.cn/m/content/2025-01/24/001044.html
《汉文版》 《藏文版》

第04版:རྩོམ་རིག་དགའ་ཚལ།

༄༅། །ཕ་མའི་བྱམས་བརྩེ།

༄༅། །མཛའ་བརྩེ།

༄༅། །ཤེས་བྱའི་གནས་ལ་བརྩོན།

༄༅། །ལམ་དང་ཕུགས་བསམ།

等待处理…

༄༅། །ལམ་དང་ཕུགས་བསམ།

2025年01月24日

ལམ་དེར་ཕུགས་བསམ་གྱི་ལམ་བུ་ཞེས་ཟེར་ཡང་ཆོག་ལ། ལམ་དེར་ཕ་ཁྱིམ་དུ་ལོག་པའི་ལམ་བུ་ཞེས་སྨྲས་ཀྱང་ཆོག གང་ལྟར་ཡང་། ལམ་དེ་ནི་མི་ཚེར་འོད་སྣང་སྦྱིན་པའི་ལམ་བུ་དེ་ཡིན་ངེས།

ལམ་འདི་ནས་ཆས་དུས། ཁོ་བོས་འདས་པའི་དུས་ཀྱི་སྣང་བརྙན་རགས་ཙམ་མཐོང་ཐུབ་ལ། འབྱུང་འགྱུར་གྱི་འཚོ་བའི་ཁ་ཕྱོགས་ཀྱང་མག་མོག་ཙམ་ཤེས་ཐུབ། ལམ་གྱིས་མི་ལ་གནང་བ་ནི་དགའ་སྐྱོ་ཆགས་སྡང་ཡིན་རུང་ལམ་དུ་སྦྲུམ་པ་ནི་མི་ཕོ་རང་ཉིད་ཀྱི་ཕུགས་བསམ་ལགས། ལམ་གྱི་ལེའུ་རེ་རེར་ཟགས་པ་ནི་མིག་ཆུ་དང་ལུས་པ་ནི་རྐང་རྗེས་ཡིན་ཡང་། ལམ་ཉིད་རྡོག་པས་བརྫིས་ཏེ་སྙིང་རུས་ཆེན་པོས་མདུན་དུ་བསྐྱོད་ན། ལམ་གྱིས་ང་ཚོར་བསྩལ་བ་ནི་བདེ་སྐྱིད་དང་དགོད་སྒྲ་འབའ་ཞིག་གོ །

བདག་གི་ལམ་དེ་གནམ་གྱི་མཚམས་དང་སྤྲིན་པའི་གསེབ་ན་ཡོད་ཆོག་ལ། བདག་གི་ལམ་དེ་མཚོ་དང་གངས་རིའི་མཚམས་སུའང་ཡོད་སྲིད། ལམ་ནས་རྙེད་པའི་ནོར་བུ་རེ་རེར་ང་ཡི་ཕུགས་བསམ་དང་རེ་སྨོན་སྦྲུམ་ཡོད།

སྨྲ་སྒོ་ནས་བཤད་འདོད་པ་ནི་རྐང་ལམ་ཕྲ་མོ་ཡིན་ཡང་ཆོག་ལ། གཞུང་ལམ་དང་མཁའ་ལམ་གང་ཡིན་ཡང་ཆོག གང་ལྟར་ལམ་གྱི་མཚམས་ཚིགས་ཀུན་ཏུ་བསླུ་བ་མེད་པའི་བདེན་དོན་གྱིས་ཁེངས་ན། དེ་ནི་ཁོ་བོར་དབང་བའི་ལམ་ཞིག་ཡིན་པར་འདོད་ལ། ཕུགས་བསམ་གྱི་གཤོག་ཟུང་ངོམ་རིན་ཆོག་པའི་ལམ་ཞིག་ཡིན་པའང་སྨོས་མི་དགོས། །

ང་རོའི་འཚེར་སྒྲ།

西藏青年报

↑ TOP


按日期搜索
12 2022
 
 
 
 

西藏青年报藏文版

分享到

微信

QQ

QQ空间

微博