http://zw.xzqnb.cn/Content/weixinlogo.png
སྔོན་བྲག་རི་གཡང་གཟར་ཞིག་གི་སྐེད་སྨད་ཙམ་ན་སྟག་ཁྱོ་ཤུག་གཉིས་དང
http://zw.xzqnb.cn/m/content/2024-09/06/000850.html
《汉文版》 《藏文版》

第04版:རྩོམ་རིག་དགའ་ཚལ།

༄༅། །ཕ་ཡུལ་གྱི་དབྱར་དུས།

༄༅། །ཤེས་བྱའི་ལམ་ལ་ཆས་འགྲོ།

ལས་གནས་ལ་དགའ་ཞེན་ཆེ་བའི་མེ་ཟོན་སྲུང་དམག་ཁུང་ཐའེ་ཐའེ།

༄༅། །ཉིན་ཞིག་གི་ཞོགས་པ།

༄༅། །སྟག་དང་ཝ་མོ།

等待处理…

༄༅། །སྟག་དང་ཝ་མོ།

作者 པད་མ་རྒྱལ་པོ།
2024年09月06日

སྔོན་བྲག་རི་གཡང་གཟར་ཞིག་གི་སྐེད་སྨད་ཙམ་ན་སྟག་ཁྱོ་ཤུག་གཉིས་དང་། དེའི་གཞོགས་ཤིག་ན་ཝ་ཁྱོ་ཤུག་གཉིས་ཡོད།

ཉིན་ཞིག་གི་ཞོགས་པར། སྟག་ཕོ་དེས་ཡར་ལངས་རྗེས་རྐྱོང་ཤད་ཅིག་བྱས་ནས་སྟག་ཚང་གི་སྒོ་རྩར་དོན་ཏེ་མར་ལྟ་སྐབས། དགོ་བ་ཁྱུ་གཅིག་སྟག་ཚང་གནས་སའི་བྲག་རིའི་གཤམ་ནས་འགྲོ་བ་མཐོང་བས། ཁོའི་བསམ་པར། གོ་སྐབས་བཟང་པོ་འདི་འདྲ་ཐོབ་ཁག་པོ་རེད། ལམ་སེང་བྱ་སྤྱོད་སྤེལ་ན་མ་གཏོགས་གོ་སྐབས་ཤོར་ཡོང་བསམས་ནས། རྐང་ལག་དང་སྐེད་པ་སོགས་ཕར་བརྐྱངས་ཚུར་བསྐུམས་ཀྱིས་གྲ་སྒྲིག་ལེགས་པར་བྱས་རྗེས། མཆོང་ཐེངས་གཅིག་ལ་དགོ་བ་ཞིག་གི་སྟེང་དུ་མཆོངས་ནས་བཟུང་བ་དང་། དེ་ནས་དགོ་བའི་ཨོག་མར་སོ་བརྒྱབ་ནས་བསད་པ་རེད། དགོ་བ་དེ་དབུགས་ཡོངས་སུ་ཆད་རྗེས། སྟག་དེས་དགོ་བའི་རོ་དྲུད་ནས་ག་ལེར་རང་གི་ཚང་དུ་ལོག་ཅིང་། རང་གི་བཟའ་ཟླ་དང་མཉམ་དུ་ཤ་མོག་བཟོས་ཏེ་བཟས། ཤ་རྡོག་བཙོས་བརྒྱབ་སྟེ་བཟས། ཤ་སྐམ་གསེང་བཏང་ནས་བཞག་པ་སོགས་ཟས་རིགས་ཕུན་སུམ་ཚོགས་པ་བཟོས་ནས་བདེ་ཞིང་སྐྱིད་པའི་འཚོ་བར་རོལ།

སྟག་གིས་དགོ་བ་བཟུང་ནས་འཚོ་བ་ཕུན་སུམ་ཚོགས་པོ་ཆགས་པའི་གནས་ཚུལ་དེ་ཁྱིམ་མཚེས་ཝ་མོ་དེ་གཉིས་ཀྱིས་ཤེས་རྗེས། སྟག་གི་འཚོ་བ་ཕུན་སུམ་ཚོགས་པོར་ཕྲག་དོག་སྐྱེས། རང་ལ་དེ་འདྲ་མེད་པས་ཁོང་ཁྲོ་ལངས། ཡིན་ནའང་། རང་ལ་ཡང་གོ་སྐབས་དེ་འདྲ་ཞིག་ཐོབ་པར་རེ་སྒུག་བྱས་ནས་སྡོད་པ་ལས་ཐབས་གཞན་མ་རྙེད།

ཉིན་ཞིག ཝ་ཕོ་དེ་ཝ་ཚང་གི་སྒོ་རྩར་འཆམ་འཆམ་བྱེད་པའི་སྐབས། ཏག་ཏག་དགོ་བ་ཁྱུ་གཅིག་བྲག་རིའི་གཤམ་ནས་འགྲོ་བ་མཐོང་བས། ཁོས་ད་ཡིན་ན་ང་རང་ལ་ཡང་གོ་སྐབས་རྙེད་སོང་། ཁོ་སྟག་གིས་འཇོན་སར་ངས་མི་འཇོན་པ་མེད་བསམས་ནས། རྐང་ལག་དང་སྐེད་པ་སོགས་ཕར་བརྐྱངས་ཚུར་བསྐུམས་ཀྱིས་གྲ་སྒྲིག་བྱས་རྗེས། དགོ་བ་ཞིག་ལ་དམིགས་ནས་མཆོངས་པས། ཝ་ཕོ་དེར་སྟག་དང་འདྲ་བའི་མཆོངས་རྩལ་མེད་སྟབས། དགོ་བ་བཟུང་ཐུབ་རྒྱུ་ལྟ་ཅི། ཁོ་རང་བྲག་རྡོ་ཞིག་ལ་བརྡབས་ནས་སྐེད་པ་ཆག་པ་རེད།

ཝ་ཕོ་དེ་ན་ཟུག་ལ་མ་བཟོད་པར་ཁ་ནས། ཨ་རུ། ཨ་རུ་ཞེས་དང་། སྟག་མཆོངས་སར་ཝས་མཆོངས། ཝ་སྐེད་པ་ཆག་ཟེར་བ་དེ་ངས་བྱས་སོང་། ཨ་རུ། ཨ་རུ་ཞེས་སྡུག་སྐད་ཤོར་ཞིང་། ཁོའི་སྡུག་སྐད་དེ་སྟག་ཁྱོ་ཤུག་གཉིས་ཀྱིས་ཐོས་པས། ལམ་སེང་མཆོངས་མ་བབས་ཀྱིས་ཝའི་འགྲམ་དུ་ཡོང་ནས། གཟབ་གཟབ་དང་བཅས་ཝ་དེ་ཝ་ཚང་དུ་བསྐྱལ་བ་རེད། །

西藏青年报

↑ TOP


按日期搜索
12 2022
 
 
 
 

西藏青年报藏文版

分享到

微信

QQ

QQ空间

微博