西藏青年报藏文版རྩོམ་རིག་དགའ་ཚལ། ༄༅། །ཕ་ཡུལ་གྱི་དབྱར་དུས། ༄༅། །ཤེས་བྱའི་ལམ་ལ་ཆས་འགྲོ། ལས་གནས་ལ་དགའ་ཞེན་ཆེ་བའི་མེ་ཟོན་སྲུང་དམག་ཁུང་ཐའེ་ཐའེ། ༄༅། །ཉིན་ཞིག་གི་ཞོགས་པ། ༄༅། །སྟག་དང་ཝ་མོ།

放大 缩小 默认

༄༅། །ཉིན་ཞིག་གི་ཞོགས་པ།

□ 作者 ཆུང་མཚོ་སྐྱིད།

ཐོ་རངས་ཆུ་ཚོད་ལྔ་པར་བདག་གི་ཡབ་ཡུམ་གཉིས་བྲེལ་འཚུབ་ངང་རླངས་འཁོར་ལ་བསྡད་ནས་འུར་སྒྲ་ལྡིར་སྒྲ་དང་བཅས་རྒྱང་རིང་དུ་ཆོས་མཇལ་ལ་ཕེབས་སོང་། ཞོགས་པའི་སྐྱ་རེངས་བཏང་ནས་ནམ་ལངས་ཀྱང་ཕག་ཕྲུག་དང་འདྲ་བའི་ང་ནི་ཉལ་ས་ཚ་པོའི་ནང་དུ་ཨ་སློག་ཐེངས་འགའ་ཤས་བརྒྱབ་ནས་མུ་མཐུད་གཉིད་ལ་ཡུར།

ཡུན་རིང་མ་སོང་བར་གུས་མོ་ནི་གཉིད་ཀྱི་ཞིང་ཁམས་སུ་ཡུར་ནས་རྨི་ལམ་ཡང་མཛེས་སྡུག་ལྡན་པ་ཞིག་བཏང་བྱུང་། གློ་བུར་དུ་གཅུང་པོས་ཡར་ལོངས་ཤོག་ཟེར་བའི་བརྡ་ཞིག་བཏང་བྱུང་བས་ངའི་མཛེས་སྡུག་ལྡན་པའི་རྨི་ལམ་ཡང་གར་སོང་ཆ་མེད་དུ་གྱུར་སོང་། ཁོང་ཁྲོའི་མེ་ལྕེ་རབ་ཏུ་འབར་ནས་གཅུང་པོ་དང་མཉམ་དུ་ཁ་རྩོད་ཡང་རང་དབང་མེད་པར་ཤོར། ཉལ་ཁང་ནས་ཐོན་ཏེ་སྡོད་ཁང་དུ་སོང་བས་གཅེན་པོས་ང་ལ་རྩེད་མོའི་ཁུལ་དུ་ཉིན་གུང་བདེ་ལེགས་ཞེས་ཟེར། ངས་མི་འདོད་པའི་རྣམ་འགྱུར་ཞིག་བསྟན་ནས་གཅེན་པོ་ལ་མིག་ལོག་གཅིག་བལྟས། ངས་སྤྱོད་ཚུལ་དེ་ལྟ་བུ་མི་འགྲིག་པ་ཞིག་ཡིན་པ་ཤེས་ནའང་རང་དབང་མི་འདུག རང་ཉིད་ཀྱི་དགྲ་བོ་རང་ཉིད་ཡིན་ཟེར་བའི་ཁ་དཔེ་དེ་དངོས་གནས་བདེན་པ་རེད། ནམ་རྒྱུན་ཁང་པ་གྲུ་བཞི་ཚ་སོབ་སོབ་ཀྱི་ནང་དུ་ཟ་ཅི་འདོད་ཀྱི་རྒྱ་ཟས་བཅོ་བརྒྱད་དང་གཡས་གཡོན་དུ་དྲིན་ཆེན་ཕ་མའི་འོད་སྣང་། གཅེན་གཅུང་ཚོའི་འཛུམ་མདངས་ཀྱི་དགོད་སྒྲས་ཁེངས། དེ་ཉིན་ཁོང་རྣམ་གཉིས་བཞུགས་མེད་པས་ང་ལ་ཚོར་སྣང་ཞིག་སྐྱེས་པ་སྟེ། མཐོ་འབྲིང་ལ་སླེབས་ཀྱང་ཁ་ལག་བཟོ་བའི་ལག་རྩལ་ང་ལ་མེད། འབྲོག་ཕྲུག་ཞིག་ཡིན་ཡང་འབྲོག་པའི་དོན་དངོས་ཀྱི་འཚོ་བའི་རྒྱུས་མངའ་ང་ལ་མེད། ཉིན་གང་ཉལ་ཐ་དང་འདྲ་བའི་ཁ་པར་ལག་ཏུ་བཟུང་ནས་འཁྲུལ་སྣང་གི་གཡོ་འོག་ཏུ་ཚུད།

ལྟོགས་ལྷང་ལྷང་། གྲང་ཤུར་ཤུར། སྟོང་ལྷང་ལྷང་གི་ཉིན་འདི་འགྲོ་དཀའ། ང་ཚོ་མི་སུ་ཞིག་ཡིན་ཡང་ཚེ་གང་ཡབ་ཡུམ་གཉིས་ཀྱི་མདུན་དུ་སྡོད་ཐབས་བྲལ་བའི་ལས་དབང་འདི་ཧ་ཅང་སྐྱོ་སྣང་ཆེ་བའི་ཚོར་བ་ཞིག་འདུག་གོ །

ལྷ་ས་ཅང་སུའུ་ཚོད་སློབ་ལང་ཚོའི་མེ་ཏོག་རྩོམ་རིག་ཚོགས་པ།

ཟུར་ཁྲིད་དགེ་རྒན། ཚེ་བརྟན་རྒྱལ་པོ།

放大 缩小 默认
西藏青年报社出版  |  国内统一刊号:CN54—0006  |  邮发代号:67—11
制作单位:中国西藏青年报  |  所有内容为中国西藏青年报版权所有,未经授权不得复制转载或建立镜像  |  藏ICP备2022000062号
声明