http://zw.xzqnb.cn/Content/weixinlogo.png
ལྔ་བཞི་གཞོན་ནུའི་དུས་ཆེན་ནི། ལུས་རྩལ་འགྲན་ཚོགས་ཁོ་ན་ཙམ་མིན་པར
http://zw.xzqnb.cn/m/content/2024-07/12/000751.html
《汉文版》 《藏文版》

第04版:རྩོམ་རིག་དགའ་ཚལ།

༄༅། །ཨ་མ་ལགས།

༄༅། །སྙིང་སྟོབས།

༄༅། །བཅུ་དྲུག་ལང་ཚོའི་དུས་བཟང་དེ་ཇི་ལྟར་བྱས་ནས་བསྐྱལ་དགོས།

༄༅། །ལྔ་བཞིའི་དུས་ཆེན།

༄༅། །དགྲ་བོ།

等待处理…

༄༅། །ལྔ་བཞིའི་དུས་ཆེན།

作者 བཀྲ་ཤིས་དགའ་སྐྱིད།
2024年07月12日

ལྔ་བཞི་གཞོན་ནུའི་དུས་ཆེན་ནི། ལུས་རྩལ་འགྲན་ཚོགས་ཁོ་ན་ཙམ་མིན་པར། སློབ་གྲོགས་དང་འཛིན་གྲྭ་མཐུན་སྒྲིལ་བརྩོན་ལེན་བྱེད་པའི་གོ་སྐབས་བཟང་པོ་ཞིག་ཡིན། ད་ལྟ་ང་ཚོ་སློབ་གྲྭ་ཐོན་ལ་ཉེ། དམའ་འབྲིང་ལོ་ངོ་གསུམ་གྱི་མཐའ་མའི་གཞོན་ནུའི་དུས་ཆེན་དེ་ཡིན་པས། ངའི་ངོས་ནས་བརྗོད་ཚེ། ཐེངས་འདིའི་ལུས་རྩལ་འགྲན་ཚོགས་ནི་ཆེས་གལ་འགངས་ཆེ་བ་ཞིག་ཏུ་མཐོང་།

ངའི་དྲན་གསལ་ལ། ལོ་རིམ་བརྒྱད་པའི་ལྔ་བཞིའི་དུས་ཆེན་ནི། སློབ་འབྲིང་དུས་ཀྱི་ཆེས་བརྗེད་དཀའ་ཤོས་ཤིག་སྟེ། བསམ་གཞིག་གི་ཤོག་ལྷེ་ཁ་སང་ལ་སློག་ཚེ། ལྔ་བཞི་ཐུག་ལ་ཉེ་བའི་གཟའ་འཁོར་གཅིག་གི་སྔོན་ལ། ང་ཚོས་ཞབས་བྲོ་སྦྱངས་ཏེ། ཞོགས་ཚོགས་ཕུད་སློབ་ཚན་ཕལ་ཆེར་ཚོགས་ཀྱི་མེད། ལྔ་བཞི་སང་ཉིན་ཡིན་ན། ང་ཚོ་དེ་རིང་ཚོད་ལྟ་ཐེངས་གཉིས་གསུམ་བྱེད་དུ་འཇུག ཏག་ཏག་ལོ་རིམ་བརྒྱད་པར་ང་ཚོའི་འཛིན་གྲྭར་གཟེངས་བསྟོད་ཧ་ཅང་མང་པོ་རག་སྟེ། ཕུལ་བྱུང་འཛིན་གྲྭའི་མཚན་སྙན་ཐོབ། འཛིན་བདག་གཟེངས་བསྟོད་ལེན་དུ་འགྲོ་སྐབས། གདོང་གི་འཛུམ་མདངས་ནི་གསེར་རྙེད་པ་ལས་ཀྱང་དགའ་མདོག་ཆེ། དགོང་ཚོགས་སྐབས་སུའང་ང་ཚོས་དགའ་སྤྲོའི་ངང་ནས། བཟའ་རྒྱུ་འཐུང་རྒྱུ་མང་པོ་བསྒྲིགས་ཏེ་རྩེད་མོར་རོལ། དེ་ཉིན་ནི་ངའི་ངོས་ནས་བརྗོད་ཚེ། སློབ་འབྲིང་ལ་སླེབས་རྗེས་ཀྱི་སྐྱིད་ཤོས་ཉིན་མོ་ཞིག་ཡིན།

ད་ལོའི་ལྔ་བཞིའི་དུས་སྟོན་སྔོན་མ་དང་བསྡུར་ཚེ། འགྲན་བསྡུར་གྱི་སྣ་ཁ་ཉུང་། འོན་ཀྱང་ང་ཚོའི་འཛིན་གྲྭར་བུ་མོའི་སྨི་བརྒྱད་བརྒྱའི་རྒྱུག་ཤར་གློད་མཁན་དང་ལེན་མཁན་གཅིག་ཀྱང་མེད་ཅིང་། ཚང་མས་སྨི་བརྒྱད་བརྒྱར་སྐྲག་སྣང་གིས་ཁེངས། ང་ནི་ལུས་རྩལ་སློབ་ཚན་སྐབས་རྟག་ཏུ་རྗེས་སུ་ལུས། བཤད་མི་དགོས་པར་ལྔ་བཞིའི་སྐབས་སུ་རྒྱུག་མཁན་ནི་འཛིན་གྲྭའི་ཁྲོད་རྒྱུག་རྒྱུ་ཡག་གྲས་ཤ་སྟག་ཡིན་པས། ང་གང་འདྲ་རྒྱུག་ཕོད་ཨང་། འཛིན་བདག་གིས་ཐུན་མོང་ཆེད་དུ་རྒྱུག་མཁན་མེད་ན། ང་ཚོ་རྒྱུག་གི་མིན་ཟེར་མིང་ཐོ་བློས་གཏོང་ཟེར། ང་རང་ནི་མགོ་བོ་སྒུར་ཏེ་རྒན་ལགས་ལ་ལྟ་མ་ཕོད། སྟབས་ལེགས་པར་བུ་མོ་གཞན་ཞིག་གིས་རྒྱུག་རྒྱུའི་ཁས་བླངས།

རྒན་ལགས་ཀྱིས་མཐའ་མཇུག་གི་ལུས་རྩལ་འགྲན་ཚོགས་འདིར་རང་ནུས་ཡོད་རྒུ་འདོན་དགོས་ཟེར། སློབ་གྲོགས་རྣམས་ཀྱང་མཐུན་སྒྲིལ་དང་རོགས་རེས་ཀྱིས་རང་རང་ནུས་པ་གང་ལེགས་འདོན་སྤེལ་བགྱིས། འགྲན་བསྡུར་ལ་མཐའ་མའི་མཇུག་འབྲས་ཅི་ཞིག་བྱུང་རུང་གཙོ་བོ་ནི་བརྒྱུད་རིམ་ཡིན་པས། ངས་མཐའ་མཇུག་གི་དུས་འདིར་རང་ཉིད་ལ་བག་ཆགས་ཟབ་མོ་འཇོག་ཆེད། འགྲན་བསྡུར་ལ་ཞུགས་མ་ཐུབ་ནའང་གཙང་སྦྲ་བྱེད་རྒྱུ་སོགས་ནས་འཛིན་གྲྭའི་མིང་གྲགས་བརྩོན་ལེན་བྱས་པ་ཡིན། །

འབྲི་རུ་རྫོང་སློབ་འབྲིང་དང་པོའི་ལོ་རིམ༩(༡༤)

ཟུར་ཁྲིད་དགེ་རྒན། རྒྱ་ལོད།

西藏青年报

↑ TOP


按日期搜索
12 2022
 
 
 
 

西藏青年报藏文版

分享到

微信

QQ

QQ空间

微博