西藏青年报藏文版རྩོམ་རིག་དགའ་ཚལ། ༄༅། །ཨ་མ་ལགས། ༄༅། །སྙིང་སྟོབས། ༄༅། །བཅུ་དྲུག་ལང་ཚོའི་དུས་བཟང་དེ་ཇི་ལྟར་བྱས་ནས་བསྐྱལ་དགོས། ༄༅། །ལྔ་བཞིའི་དུས་ཆེན། ༄༅། །དགྲ་བོ།

放大 缩小 默认

༄༅། །དགྲ་བོ།

□ 作者 ཆུང་མཚོ་སྐྱིད།

མི་མང་དག་ཞིག་གི་ངོས་ནས་བཤད་ན། དགྲ་བོ་ནི་མེ་དང་ཆུ་བཞིན་མཉམ་དུ་གཤིབ་ཐབས་བྲལ་བ་ཞིག་རེད། དེང་སང་གྲོང་པ་ཁྱིམ་མཚེས་དང་གཉེན་ཉེ་ཕན་ཚུན་རང་ཉིད་ཀྱི་དགྲ་བོར་ངོས་འཛིན་བྱེད་ཅིང་དེ་ལས་རྣམ་པར་རྒྱལ་བ་བྱ་རྒྱུ་ནི་མི་ཚེ་གཅིག་གི་ཕུགས་འདུན་དུ་རྩི་མཁན་མང་ནའང་ལྟ་བ་དེར་ང་མོས་མཐུན་མེད།

ང་ཚོ་ཚང་མར་ཕྲག་དོག་དང་ཞེ་སྡང་ཡོད་སྲིད། འོན་ཀྱང་དོན་དངོས་སུ་དེ་ནི་གདུག་རྩུབ་དང་གཡོ་སྒྱུ་ཆེ་བའི་དགྲ་བོ་མ་ཡིན་པར་རང་ཉིད་མདུན་སྐྱོད་བྱེད་སྐབས་སུ་འགྱེལ་ལ་ཁད་ཀྱི་ལག་རྟེན་དང་། ཐོག་ཁར་འཛེགས་པའི་ཐེམ་སྐས་ལྟ་བུ་ཡིན། གལ་སྲིད་ཁྱེད་ཀྱིས་ངོས་ནས་བཤད་པའི་དགྲ་བོ་དག་མེད་ན་མདུན་སྐྱོད་ཀྱི་བསམ་པ་ཞིག་དང་རང་ཉིད་ཀྱི་ཕུགས་འདུན་མངོན་འགྱུར་ཡོང་རྒྱུའི་འདུན་པ་ཞིག་གང་ན་ཡོད་སྲིད། ཁྱེད་ཀྱིས་བཤད་པའི་དགྲ་བོ་ནི་ཁྱེད་ལ་སེམས་ཤུགས་སྤྲོད་མཁན་དེ་ཡིན། གུས་མོའི་ངོས་ནས་བཤད་ན། དགྲ་བོ་ངོ་མ་ནི་རང་ཉིད་སོ་སོ་རེད་འདུག ངའི་ལུས་དང་ངའི་བསམ་བློ་ནི་དགྲ་བོའི་ནང་ནས་དགྲ་བོ་རེད་འདུག སེམས་ནང་དྲིན་ཆེན་ཕ་མ་གཉིས་ཀྱི་ཞལ་ལ་ཉན་པོ་བྱས་ཨང་བསམ་དུས་ངའི་ལུས་ཀྱིས་དེ་ལས་ལྡོག་པར་བྱེད་ཀྱི་འདུག སེམས་ནང་དུ་ངས་སློབ་སྦྱོང་ཡག་པོ་བྱེད་ཨང་བསམ་དུས་ངའི་ལུས་སྒྱིད་ལུག་དང་གཉིད་ལ་ཡུར་ཏེ་བདེ་བ་ཆུང་ཆུང་ལ་འདོད་པ་ཆགས་ནས་སྡོད་ཀྱི་འདུག ཡང་ངའི་སེམས་ཀྱིས་ངེས་པར་དུ་ཤར་ཕྱོགས་ལ་འགྲོ་དགོས་ཟེར་དུས། ངའི་ལུས་ཀྱི་ཡིན་གཅིག་མིན་གཅིག་གིས་ནུབ་ཕྱོགས་ལ་འགྲོ་བར་བྱེད།

གལ་སྲིད་མི་ཞིག་གིས་རང་ཉིད་ཀྱི་བསམ་པའི་མྱོང་ཚོར་དང་ལུས་ཀྱི་བྱ་སྤྱོད་གཉིས་ལམ་གཅིག་གི་སྟེང་དུ་མྱུར་ཚད་མཚུངས་པ་མ་ཟད། ཁ་ཕྱོགས་ཀྱང་མཚུངས་པར་བྱེད་ཐུབ་ན་དེ་ནི་དགྲ་བོ་ལས་རྒྱལ་བའི་གཏམ་བཟང་ཞིག་རེད། དེ་ནི་རང་ཉིད་ལས་རང་ཉིད་རྒྱལ་བ་བྱེད་རྒྱུའི་སྔ་ལྟས་ཤིག་ཀྱང་རེད། མདོར་ན་ཁྱེད་ཀྱི་བསམ་པའི་མྱོང་ཚོར་དང་ལུས་ཀྱི་བྱ་སྤྱོད་གཉིས་མཐུན་པར་བྱེད་རྒྱུ་ནི་གལ་འགངས་ཆེ་བ་ཞིག་རེད་ཨང་། །

ལྷ་ས་ཅང་སུའུ་ཚོད་ལྟའི་སློབ་འབྲིང་ལོ་རིམ༡(༡༤)

ཟུར་ཁྲིད་དགེ་རྒན། ཚེ་བརྟན་རྒྱལ་པོ།

放大 缩小 默认
西藏青年报社出版  |  国内统一刊号:CN54—0006  |  邮发代号:67—11
制作单位:中国西藏青年报  |  所有内容为中国西藏青年报版权所有,未经授权不得复制转载或建立镜像  |  藏ICP备2022000062号
声明