བློས་གཏོང་ནི་རང་གི་བསམ་ཚུལ་ཞིག་ཡིན་ལ། རྒྱུན་འཁྱོངས་ནི་དད་སེམས་ཤིག་རེད།
རྒྱུན་གཏན་གྱི་འཚོ་བའི་ཁྲོད་སྐྱེ་བོ་མི་ཉུང་བ་ཞིག་གིས་དཀའ་ངལ་འཕྲད་ཚེ་བློས་གཏོང་བྱེད་པའི་བསམ་པ་སྐྱེས་པས་རང་བཞིན་གྱིས་ལས་དོན་དེ་ལེགས་འགྲུབ་མི་ཐུབ། འོན་ཀྱང་སྐྱེ་བོ་འགའ་ཞིག་གིས་དཀའ་ངལ་ལས་རྣམ་པར་རྒྱལ་ནས་གང་བསམ་ལས་ལ་རེ་བའི་འབྲས་བཟང་སྨིན་གྱི་ཡོད། དེ་ལྟར་འབྲས་བཟང་སྨིན་པ་དེ་ནི་དུས་རྟག་ཏུ་རྒྱུན་འཁྱོངས་བྱེད་པ་དང་བརྒྱ་ཆ་བརྒྱ་ཐམ་པའི་སྙིང་རུས་ལྡན་པས་སོ། །
ངའི་དྲན་འཆར་དུ་ང་རང་སློབ་ཆུང་ལོ་རིམ་ལྔ་པའི་སློབ་ཚན་ནོ་པེལ་ཞེས་པའི་ཁྲོད་ནོར་པེལ་གྱིས་སྐུ་ཚེ་གང་པོར་འཕྲུལ་ཆས་དང་རྫས་འགྱུར་གྱི་གསར་གཏོད་ཧ་ཅང་མང་པོ་གནང་ཡོད། ཐེངས་ཤིག་གི་ཚོད་ལྟའི་སྐབས་འབར་གས་ཀྱི་ལྡིར་སྒྲ་དྲག་པོའི་ཁྲོད་དུ་ནོར་པེལ་གྱི་ཚོད་ལྟ་ཁང་དེ་ཐལ་བར་གྱུར་ཅིང་གཅུང་པོའི་ཚེ་སྲོག་ཤོར་བ་དང་ཡབ་ཀྱི་ལུས་པོར་རྨས་སྐྱོན་ཚབ་ཆེན་ཕོག འོན་ཀྱང་རྐྱེན་ངན་དེས་ནོར་པེལ་གྱི་དམ་བཅར་གཡོ་འགུལ་སྤུ་ཙམ་ཡང་མ་ཐེབས་པར་མུ་མཐུད་ཚོད་ལྟ་ཞིབ་འཇུག་གནང་བས་མཐར་འཛམ་གླིང་ཐོག་གི་མིའི་རིགས་ལ་བླ་ན་མེད་པའི་མཛད་རྗེས་བཞག་གནང་ཡོད།
དེ་ལྟར་ནོར་པེལ་ལ་ཡི་རང་གོང་བཀུར་ཞུ་བ་དང་ཁོང་གི་བླ་ན་མེད་པའི་སྙིང་རུས་དང་ཞུམ་པ་མེད་པའི་སྙིང་སྟོབས་ལ་ང་ཚོས་ནམ་ཡང་སློབ་སྦྱོང་དང་མིག་དཔེ་བལྟ་འོས་པ་ཞིག་ཡིན། དེས་ན་ང་ཚོས་དུས་ད་ལྟ་ནས་བཟུང་སྟེ་སློབ་སྦྱོང་ལ་འབད་པ་བྱས་ནས་གོམ་པ་རེ་ལ་རྐང་རྗེས་རེ་བཞག་སྟེ་རང་གི་ལས་འགན་སྒྲུབ་དགོས་ལ་དཀའ་ངལ་འཕྲད་སྐབས་དེ་ལས་རྣམ་པར་རྒྱལ་ཐུབ་པའི་སྙིང་རུས་དང་སྙིང་སྟོབས་ལྡན་པའི་སྐྱེ་བོ་ཞིག་བྱེད་དགོས་སོ། །
ལྷ་ས་སློབ་འབྲིང་གསུམ་པའི་ལོ་རིམ༨(༤)
ཟུར་ཁྲིད་དགེ་རྒན། དབང་གྲགས།