西藏青年报藏文版རྩོམ་རིག་དགའ་ཚལ། ༄༅། །ཨ་མ་ལགས། ༄༅། །སྙིང་སྟོབས། ༄༅། །བཅུ་དྲུག་ལང་ཚོའི་དུས་བཟང་དེ་ཇི་ལྟར་བྱས་ནས་བསྐྱལ་དགོས། ༄༅། །ལྔ་བཞིའི་དུས་ཆེན། ༄༅། །དགྲ་བོ།

放大 缩小 默认

༄༅། །ཨ་མ་ལགས།

□ 作者 ཚེ་རིང་སྒྲོལ་མ་ཆེ་བ།

འཇིག་རྟེན་འདིའི་ཐོག་རླབས་ཆེ་ཤོས་ནི་རང་ཉིད་ལ་རྩ་ཆེའི་མི་ལུས་སྦྱིན་མཁན་གྱི་ཡུམ་ཆེན་ཡིན་ལ། བཀའ་དྲིན་ཆེ་ཤོས་དང་བྱམས་སྐྱོང་ལྷད་མེད་གནང་མཁན་ཡང་བྱམས་ལྡན་གྱི་ཡུམ་ཆེན་ལས་མ་འདས།

བདག་གི་ཨ་མ་ལགས་ལ་ཙ་རིའི་སྨྱུག་མ་ལྟར་གྱི་སྐུ་གཟུགས་མེད་ལ། དཀར་གསལ་ཟླ་བ་འདྲ་བའི་བཞིན་རས་ཀྱང་མེད། ཕུན་སུམ་ཚོགས་པའི་ཤེས་ཡོན་ནི་དེ་བས་ཀྱང་ག་ལ་མཆིས། ཡིན་ནའང་ཨ་མ་ལགས་ལ་ཚེས་ཆེན་བཅོ་ལྔའི་ཟླ་བ་ལྟར་སྒོར་ལ། དམར་མདངས་ལྡན་པའི་བཞིན་རས་ཤིག་ཡོད། ལས་ལ་བརྩོན་ཞིང་དཀའ་སྡུག་བཟོད་ནུས་པའི་ཕྱག་ཟུང་ཞིག་ཡོད། རིང་ལ་སྣུམ་པའི་དབུ་སྐྲའི་གསེང་ན་སྐྲ་དཀར་གྱི་བ་མོ་འགའ་བབས་ཡོད་མོད། དར་མ་ཞིག་གི་སྐུ་ལུས་ལས་ཆེས་སྤྱིར་བཏང་གི་འབྲོག་མོ་ཞིག་གི་མཛེས་མཉམ་མངོན་ཡོང་།

ཨ་མ་ལགས་ཉིན་ལྟར་ཞོགས་སྔ་ལངས་དང་དགོང་འཕྱི་ཉལ་གྱིས། ཕྱི་ནང་གི་ལས་ཀ་ཐམས་ཅད་འགན་གཙང་ལེན་ཞིང་། ངེད་ཚོའི་ཁྱིམ་ལ་མཚོན་ན། ཕྱི་ཡི་ལྕགས་རི་དང་ནང་གི་ནོར་བུ་ནི་ཨ་མ་ལགས་ཉིད་ལས་མ་འདས། དཀའ་ཚེགས་ཀྱི་མདུན་དུ་བུ་ཕྲུག་ལ་ཚིག་ངན་ཚིག་གཅིག་བཤད་མ་མྱོང་། སྐབས་རེ་དགོང་མོར་སྐུ་ཐང་ཆད་དེ་དགྱེ་སྒུར་བྱེད་པར་ཡང་དཀའ་ངལ་ཡོད་མོད། ང་ཚོ་བུ་ཕྲུག་ལ་དྲི་ཞིམ་རོ་བཅུད་ལྡན་པའི་ཟ་མ་བཟོ་བ་སོགས་ལོ་ཡི་ཉག་མ་དེ་དག་རིང་འཁང་ར་གནང་བ་ཐོས་མ་མྱོང་། ཁོང་གིས་དཀའ་ངལ་ཡོད་རྒུ་ཁྱད་དུ་བསད་ནས། ང་ཚོ་བུ་ཕྲུག་དེ་དག་ཤེས་བྱའི་རྒྱ་མཚོའི་དེད་དཔོན་བཤེས་གཉེན་གྱི་དྲུང་དུ་བསྐྱལ་ནས། ཤེས་རབ་ཀྱི་ཕ་རོལ་དུ་ནོར་བུ་དགོས་འདོད་ཀུན་འབྱུང་ལེན་པར་མངགས་ཤིང་། ནར་སོན་རྗེས་རང་གཞན་གཉིས་ཀར་ཕན་པའི་སྐྱེ་བོ་བཟང་པོ་ཞིག་བྱེད་རྒྱུར་བསྐུལ། ངས་ཀྱང་བརྩོན་པ་ཆེན་པོས་དུས་ཚོད་གཅེས་འཛིན་གྱིས་འབད་བཞིན་ཡོད་པས། ནམ་ཞིག་ཁོང་གི་བཀའ་དྲིན་གཞལ་བའི་རེ་བ་དེ་འགྲུབ་ངེས་ལགས།

ང་ཚོ་མིང་སྲིང་བདུན་པོར་མི་ལུས་རིན་ཆེན་དང་། རྩ་ཆེའི་བཀའ་སློབ་སྦྱིན་པའི་ཨ་མ་ལགས། རང་གི་ཡོད་ཚད་བློས་བཏང་སྟེ། ང་ཚོར་ལྷད་མེད་ཀྱིས་བྱམས་སྐྱོང་དང་ཐུགས་ཁུར་གནང་མཁན་གྱི་ཨ་མ་ལགས། ཁྱེད་ནི་ངེད་གཅེན་གཅུང་ཚོ་མུན་ནག་ནས་འདྲེན་མཁན་ཡིན་པས། ང་ཚོས་རང་ནུས་གང་ཡོད་ཀྱིས་ཁྱེད་ཀྱི་བཀའ་དྲིན་འཇལ་ལོས་དགོས་ཨང་། ཨ་མ་ལགས། ཁྱེད་སྐུ་ལས་ཁག་སོང་། །

འབྲི་རུ་རྫོང་སློབ་འབྲིང་དང་པོའི་ལོ་རིམ༩(༡༣)

ཟུར་ཁྲིད་དགེ་རྒན། རྒྱ་ལོད།

放大 缩小 默认
西藏青年报社出版  |  国内统一刊号:CN54—0006  |  邮发代号:67—11
制作单位:中国西藏青年报  |  所有内容为中国西藏青年报版权所有,未经授权不得复制转载或建立镜像  |  藏ICP备2022000062号
声明