http://zw.xzqnb.cn/Content/weixinlogo.png
མི་གཅིག་གི་མི་ཚེ་གང་པོར་ཆེས་མཛེས་སྡུག་ལྡན་ཞིང་ཆེས་གལ་འགངས་ཆེ
http://zw.xzqnb.cn/m/content/2024-07/12/000750.html
《汉文版》 《藏文版》

第04版:རྩོམ་རིག་དགའ་ཚལ།

༄༅། །ཨ་མ་ལགས།

༄༅། །སྙིང་སྟོབས།

༄༅། །བཅུ་དྲུག་ལང་ཚོའི་དུས་བཟང་དེ་ཇི་ལྟར་བྱས་ནས་བསྐྱལ་དགོས།

༄༅། །ལྔ་བཞིའི་དུས་ཆེན།

༄༅། །དགྲ་བོ།

等待处理…

༄༅། །བཅུ་དྲུག་ལང་ཚོའི་དུས་བཟང་དེ་ཇི་ལྟར་བྱས་ནས་བསྐྱལ་དགོས།

作者 བདེ་སྐྱིད་ལྷ་མོ།
2024年07月12日

མི་གཅིག་གི་མི་ཚེ་གང་པོར་ཆེས་མཛེས་སྡུག་ལྡན་ཞིང་ཆེས་གལ་འགངས་ཆེ་ཤོས་ནི་བཅུ་དྲུག་ལང་ཚོའི་དུས་བཟང་དེ་ཡིན།

མི་ལ་ལས་བཅུ་དྲུག་ལང་ཚོའི་དཔལ་འབར་བ་ཞེས་དུས་བཟང་དེ་ནི་ལང་ཚོའི་མེ་ཏོག་བཞད་པའི་དུས་སྐབས་ཡིན་པས་དེ་ནི་མཛེས་སྡུག་རྣམ་པར་བཀྲ་ཞིང་། སེམས་ན་ཕུགས་བསམ་གྱིས་སྦྲུམ་པའི་དུས་སྐབས་ཤིག་དང་། ངོ་མཚར་འབུམ་གྱིས་ཕྱུག་ཅིང་སྐྱེ་སྟོབས་དཔལ་གྱིས་འབར་བའི་དུས་སྐབས་ཤིག་ཀྱང་ཡིན་པར་འདོད་ལ། དུས་སྐབས་དེར་བླང་དོར་བྱ་བའི་འཇུག་ལྡོག་ཐད་ལ་སེམས་ཀྱིས་ཡོངས་སུ་ཆོད་དཀའ་ནའང་ཕུགས་བསམ་མི་འདོར་ཞིང་། གང་བྱས་ལས་ལ་ཕྱིར་ལྡོག་ཅིག་གཏན་ནས་བྱེད་མི་རུང་ཟེར།

ཡང་ཁ་ཤས་ཀྱིས་གཞོན་ནུའི་ལང་ཚོའི་དུས་ཚོད་དེ་ཧ་ཅང་གལ་ཆེ་བས། འདི་ཆུད་ཟོས་སུ་མ་བཏང་བར་ཉིན་ལྟར་སློབ་དེབ་ཀྱི་ཤེས་བྱ་ཁོ་ནར་སློབ་སྦྱོང་བྱེད་དགོས་པར་ཡང་འདོད་བཞིན་འདུག

བློ་དམན་ང་རང་གིས་བསམ་ན། བཅུ་དྲུག་ལང་ཚོའི་དུས་བཟང་དེ་སློབ་དེབ་ཁོ་ནའི་ནང་དུ་མགོ་བཅུག་དེ་བསྡད་ན། དུས་བཟང་དེ་འཕྲོ་བརླག་ཏུ་བཏང་བ་དང་གཅིག་མཚུངས་རེད་སྙམ། རེད་ལགས། དུས་ཚོད་ཀྱི་འགྱུར་བ་དང་བསྟུན་ནས་ང་ཚོའི་བསམ་བློ་ལ་ཡང་འགྱུར་ལྡོག་གཏོང་དགོས་པས། དུས་རབས་གསར་པར་ང་ཚོས་རང་ཉིད་ལ་ཕྱོགས་གང་ས་ཅི་ཐད་ནས་འཇོན་ནུས་སྦྱོང་དགོས་ལ། སློབ་སྦྱོང་གི་ཞོར་ལ་རང་ཉིད་ཀྱི་སྤྲོ་སྣང་དང་དགའ་ཕྱོགས་ལ་འཕེལ་རྒྱས་གཏོང་དགོས་སྙམ། དུས་རབས་གསར་པ་ནི་སློབ་སྦྱོང་གྲུབ་འབྲས་ཁོ་ནའི་གར་སྟེགས་མ་ཡིན་པར། ཕྱོགས་བསྡུས་ཀྱི་གར་སྟེགས་ཆེན་པོ་ཞིག་ཡིན་པས། ང་ཚོས་རྒྱུན་གཏན་འཚོ་བའི་ཁྲོད་དུ་དུས་ཚོད་བཀོད་སྒྲིག་ཡག་པོ་བྱས་ཏེ་རང་ཉིད་ཀྱི་ཕྱོགས་གང་ཅིའི་ཐད་ལ་ཡར་ཐོན་ཡོང་བ་བྱེད་དགོས།

ལང་ཚོ་དར་ལ་བབས་པའི་དུས་རབས་ཀྱི་གཞོན་ནུ་ཞིག་གི་ངོས་ནས། ང་ཚོས་དུས་རབས་ཀྱིས་བཅོལ་བའི་ལས་འགན་ལྕི་པོ་དེ་འཁུར་དགོས་པ་དང་། དུས་དང་མཐུན་པའི་བསམ་བློས་རང་གཞན་ལ་མཁོ་བའི་བསམ་སྤྱོད་བཟང་པོར་འབད་འཐབ་བྱ་རྒྱུ་དེ་ནི་ཁ་ཚ་དགོས་གཏུག་གི་གནས་ཤིག་ཏུ་མཐོང་ངོ་། །

ལྷ་ས་ཅང་སུའུ་ཚོད་སློབ་ལང་ཚོའི་མེ་ཏོག་རྩོམ་རིག་ཚོགས་པ།

ཟུར་ཁྲིད་དགེ་རྒན། བོན་བསྟན་འཛིན།

西藏青年报

↑ TOP


按日期搜索
12 2022
 
 
 
 

西藏青年报藏文版

分享到

微信

QQ

QQ空间

微博