http://zw.xzqnb.cn/Content/weixinlogo.png
ཁྱེད་ཀྱིས་ཡོད་ཚད་བློས་གཏོང་བཞིན་སྐམ་ཞིང་མཁྲེགས་པའི་ལུས་པོ་ཡོ
http://zw.xzqnb.cn/m/content/2024-04/19/000605.html
《汉文版》 《藏文版》

第04版:རྩོམ་རིག་དགའ་ཚལ།

༄༅། །ལྷ་ས་ནས་ཉིང་ཁྲིར་ཡུལ་སྐོར་ལ་བསྐྱོད་པ།

༄༅། །སྙིང་ཉེ་བའི་སྐྱེད་མ།

༄༅། །མེ་ཤིང་།

༄༅། །ངའི་སྨྱུག་སྒམ།

等待处理…

༄༅། །མེ་ཤིང་།

作者 བསྟན་འཛིན་ཕུན་ཚོགས།
2024年04月19日

ཁྱེད་ཀྱིས་ཡོད་ཚད་བློས་གཏོང་བཞིན་སྐམ་ཞིང་མཁྲེགས་པའི་ལུས་པོ་ཡོངས་རྫོགས་བསྲེགས་ཤིང་ཐལ་རྡུལ་དུ་འགྱུར་བར་བྱེད། མཐོང་སྣང་ཆུང་ཞིང་གཞན་གྱིས་ཁྱད་གསོད་ཇི་ལྟར་བྱས་ཀྱང་། ད་དུང་སེམས་ཆུང་གིས་ཁུ་སིམ་མེར་གཞན་ལ་ལེགས་སྐྱེས་གང་མང་འབུལ།

རེད་ལགས། མ་གཞི་གནས་བབས་མེད་ལ་ཀུན་གྱི་མཐོང་ཆུང་གི་མིག་མདའ་འཕེན་སའི་གནས་ཤིག་ཏུ་འགྱུར་ནས་ཡོད་ཀྱང་། ད་དུང་གཉའ་མི་ཞུམ། བག་མི་འཁུམ་པར་སྤྲོ་སྣང་གི་ངང་ནས་འཚོ་བ་མ་ཟད། དམར་པོའི་མེ་ལྕེ་ལ་བརྟེན་ནས་དམིགས་བསལ་གྱི་དྲོ་སྐྱིད་སྟེར་བར་བརྩོན།

དབྱིག་འཛིན་སྒེག་མོས་གོས་དཀར་བཀླུབས་པའི་དགུན་ཁར་ཆུ་བོ་འཁྱགས་སུ་བཙུད་ཅིང་། གྲང་རླུང་འུར་འུར་དུ་ལྡང་བའི་སྐབས། གལ་ཏེ་མེ་ཤིང་ཆུན་པོ་ཞིག་བྱུང་ཚེ་མེ་ཁ་ཚ་སོབ་སོབ་ཤིག་གསོས་ན། འདར་བཞིན་པའི་ལག་ཟུང་ཙམ་མ་ཟད་ལུས་པོ་དང་སྙིང་དབུས་སུ་ཡང་དྲོད་ལམ་ལམ་གྱི་ཚོར་བ་འབྱིན་ནུས།

སྨག་རུམ་གྱི་མུན་པའི་ཁྲོད་ན། གལ་ཏེ་མེ་ཤིང་ཞིག་བྱུང་ཚེ། དེ་ཡི་སྣེ་མོར་སྒྲོན་མེ་སྤར་ནས་མུན་སེལ་གྱི་མགལ་མེ་ཞིག་ཏུ་འགྱུར་ཞིང་ཆེས་རྔམ་འཇིགས་ཀྱི་མུན་པ་རྣམས་བསལ་བར་བྱེད།

མེ་ཤིང་ཐུམ་སྒྲིལ་འགའ་ལ་སྒོར་མོ་རེ་འགའི་རིན་ཐང་ལས་མེད་རུང་། དེས་རེ་བའི་འོད་སྣང་མཚོན་ལ་བདེ་སྐྱིད་ཀྱི་དྲོད་སྐྱིད་མཚོན། མཐོན་པོ་ཉིན་བྱེད་ཀྱི་འོད་ཟེར་ལ་འགྲན་མི་ནུས་ཀྱང་། ལྷག་བསམ་གྱིས་རང་ནུས་ཡོད་རྒུས་གཞན་ཕན་ཁོ་ནའི་ཆེད། འོད་ཟེར་ཡོད་ཚད་འཕྲོ་བ་ནི་འཇིག་རྟེན་གྱི་ཅ་དངོས་གང་གིས་ཀྱང་ཚབ་བྱེད་མི་ཐུབ། མཚམས་དེར། ང་རང་ཡང་སྨྲ་བ་མེད་ཅིང་བབ་ཆགས་པའི་མེ་ཤིང་གི་རང་གཤིས་དང་གཞན་ཕན་གྱི་ལྷག་བསམ་ལ་ཧ་ལས་ཤིང་། འཇམ་སྙན་གྱི་བསྟོད་ཚིག་ཀློག་པ་པོའི་ཡིད་ཀྱི་བདུད་རྩིར་སྨིན་པར་འབྲི་འདོད་ཀྱི་རྦ་རླབས་ཅིག་ཅར་འཕྱོ་ནས་ཡོང་ངོ་། །

ལྷ་ས་ཅང་སུའུ་ཚོད་སློབ་ལང་ཚོའི་མེ་ཏོག་རྩོམ་རིག་ཚོགས་པ།

ཟུར་ཁྲིད་དགེ་རྒན། བོན་བསྟན་འཛིན།

西藏青年报

↑ TOP


按日期搜索
12 2022
 
 
 
 

西藏青年报藏文版

分享到

微信

QQ

QQ空间

微博