西藏青年报藏文版རྩོམ་རིག་དགའ་ཚལ། ༄༅། །ལྷ་ས་ནས་ཉིང་ཁྲིར་ཡུལ་སྐོར་ལ་བསྐྱོད་པ། ༄༅། །སྙིང་ཉེ་བའི་སྐྱེད་མ། ༄༅། །མེ་ཤིང་། ༄༅། །ངའི་སྨྱུག་སྒམ།

放大 缩小 默认

༄༅། །སྙིང་ཉེ་བའི་སྐྱེད་མ།

□ 作者 ཚེ་རིང་དོན་གྲུབ།

གནའ་ནས་ད་ལྟའི་བར་ངའི་ཡིད་སེམས་ཀྱི་ངོས་སུ་རྡོ་བརྐོས་རི་མོ་ལྟར་བྲིས་པ་དེ་ནི་ཨ་མ་ ཁྱེད་ཀྱིས་བུ་ཕྲུག་ལ་བཅངས་པའི་བརྩེ་སེམས་དེ་ཡིན། གལ་ཏེ་ལྷ་མོ་ལྟ་བུའི་ཨ་མ་ཁྱེད་མེད་ན། མཛེས་སྡུག་ལྡན་པའི་འཇིག་རྟེན་འདི་ངས་མཐོང་མི་སྲིད་ཅིང་། ད་ལྟའི་བདེ་སྐྱིད་ཀྱི་འཚོ་བར་རོལ་ག་ལ་ཐུབ། ད་ལྟའི་འཚོ་བ་སྐྱིད་པོ་འདི་ནི་ཁྱེད་ཀྱིས་རྔུལ་ཆུ་ལས་བསགས་པའི་འབྲས་བུ་ལགས།

ངའི་ཡུམ་ཆེན་ནི་མཚོ་བོད་ས་མཐོ་ནས་འཁྲུངས་པའི་མཛངས་མ་ཞིག་ཡིན། རྒྱུན་དུ་ནོར་གནག་གི་རྗེས་སུ་སྙེག་བཞིན་ཁོང་གི་མིག་ནང་ནོར་གནག་ནི་རིན་བྲལ་གྱི་ནོར་བུ་རྩ་ཆེན་དེ་ལགས། ཁོང་གིས་ནོར་གནག་དེ་དག་ལ་རང་གི་བུ་ཕྲུག་ལྟར་བྱམས་ཀྱིས་སྐྱོང་། དུས་རྒྱུན་ཁོང་གིས་བོད་ལྭ་མནབས་པས་ཉམས་འགྱུར་གྱིས་ཕྱུག །སྐུ་ཤ་ནི་དེ་ཙམ་འབྱོར་པོ་མེད་ཅིང་། འདྲེན་བྱེད་ཟུང་ནི་ཐོ་རེངས་སྐར་ཆེན་དང་འདྲ་བས། ངའི་སེམས་ནང་ཁོང་ནི་མཛེས་མ་ཞིག་ཡིན།

དབྱར་དུས་ཀྱི་ཞོགས་པ་ཞིག་ལ། ང་རང་རྨི་ལམ་གྱི་ཞིང་ཁམས་སུ་མྱུལ་བཞིན་པའི་སྐབས། ཨ་མ་ལགས་ཀྱིས་ཡར་ལངས་ནས་རོགས་པར་ཤོག་གསུངས་ཀྱང་ང་ནི་གཏི་མུག་གཉིས་ཀྱིས་ཟིན་ནས་ལངས་མ་ཐུབ། དེ་ཉིན་ཏག་ཏག་ནོར་ཕྱུགས་རྩྭ་ཆུ་བཟང་ས་ཞིག་ལ་འདེད་རྒྱུ་ཡིན་མོད། ཁོང་གཅིག་པུས་ངལ་བ་དང་དུ་བླངས་ཏེ་རི་ལ་དེད། ང་རང་མལ་ལས་ལངས་དུས་ནོར་རྫིར་སོང་ཟིན་འདུག་པས། དགོང་མོ་ང་རང་ཨ་མའི་གམ་དུ་བསྐྱོད་ནས་དགོངས་དག་ཞུས་པ་ཡིན། ཁོང་གིས་ང་ལ་བྱམས་དང་སྙིང་རྗེའི་འཛུམ་གྱིས། ཨ་བུ། འདི་འདྲ་ཟེར་དགོས་དོན་གང་ཡོད། སྤྱིར་བཏང་གཉིད་ཀྱི་དབང་དུ་ཚུད་ཚེ་རྗེས་སུ་ལས་ཀ་མང་པོར་འཐུས་ཤོར་འགྲོ་སྲིད་པས། དོན་དེ་ངེས་པར་སེམས་ལ་ངེས་ཅེས་སྨྲས། སྐད་ཆ་འདི་བདག་གི་སེམས་ལ་ཡང་ཡང་འཁོར་བཞིན་འདུག །རེད་ཨང་། གཉིད་དང་ལེ་ལོའི་དབང་དུ་སོང་ན། དོན་དག་ཅི་འདྲ་ཞིག་ཡིན་རུང་ལེགས་གྲུབ་བྱུང་དཀའ།

ཨ་མ་ནི་འཇིག་རྟེན་ཐོག་བཀའ་དྲིན་ཆེ་ཤོས་དང་། ཆེས་རླབས་ཆེ་ཤོས་ཀྱི་མི་སྣ་ཞིག་ཡིན་ལ། ཨ་མ་ནི་ཁྱིམ་ཚང་གི་གདུང་འདེགས་ཀ་བ་ཡིན། ཨ་མ་དང་ང་ཡི་བརྩེ་བ་ནི་འོ་ཆུ་བཞིན་དུ་འདྲེས།

ཨ་མ་ནི་ལྷ་མོ་མ་རེད། ཀླུ་མོ་ཡང་མ་རེད། ཨ་མ་ནི་སྙིང་རྗེའི་སེམས་རྒྱུད་ཀྱིས་བརླན་པའི་འབྲོག་པའི་བུད་མེད་དཀྱུས་མ་ཞིག་རེད་དོ། །

འབྲི་རུ་རྫོང་སློབ་འབྲིང་དང་པོའི་ལོ་རིམ༩(༡༣)

ཟུར་ཁྲིད་དགེ་རྒན། རྒྱ་ལོད།

放大 缩小 默认
西藏青年报社出版  |  国内统一刊号:CN54—0006  |  邮发代号:67—11
制作单位:中国西藏青年报  |  所有内容为中国西藏青年报版权所有,未经授权不得复制转载或建立镜像  |  藏ICP备2022000062号
声明