http://zw.xzqnb.cn/Content/weixinlogo.png
དགུན་རླུང་སྒོ་ཆུང་གི་བར་གསེང་ནས་ལྡང་འོང་ཞིང་། ཆུ་ཚོད་ཀྱི་སྐར་
http://zw.xzqnb.cn/m/content/2023-12/28/000433.html
《汉文版》 《藏文版》

第04版:རྩོམ་རིག་དགའ་ཚལ།

༄༅། །ཁ་བ་བབས་པའི་ཕ་ཡུལ།

༄༅། །ཁ་བ་བབས་པའི་ཕ་ཡུལ།

༄༅། །དགུན་དུས་ཀྱི་གནམ་གཤིས།

༄༅། །ཁ་བ་བབས་པའི་ཕ་ཡུལ།

༄༅། །ཁ་བྱང་གཅིག་པའི་རྩོམ་ཡིག་གི་རིན་ཐང་།

等待处理…

༄༅། །ཁ་བ་བབས་པའི་ཕ་ཡུལ།

作者 གཡུ་ཆུང་སྒྲོལ་དཀར།
2023年12月28日

དགུན་རླུང་སྒོ་ཆུང་གི་བར་གསེང་ནས་ལྡང་འོང་ཞིང་། ཆུ་ཚོད་ཀྱི་སྐར་ཆའི་སྒྲ་ཚག་ཚག་ཏུ་གྲགས། ཉིན་མོ་དེ་ནི་ཁ་བ་བབས་པའི་ཞོགས་པ་ཞིག་རེད།

ང་རང་མཛེས་སྡུག་ལྡན་པའི་རྨི་ལམ་རྨིས་བཞིན་པའི་སྐབས་སུ་གཅེན་པོས་བྲེལ་འཚུབ་ངང་ནས་ངའི་ཉལ་ཁང་གི་སྒོ་ཆུང་དེ་ཤུགས་ཆེན་པོས་ཕྱེ་སྟེ། “གཅུང་མོ་ལགས། མགྱོགས་པོ་ཡར་ལོངས། སློབ་གྲྭ་འཕྱིས་རན་འདུག”ཅེས་བོས་བྱུང་། ངས་དང་ཐོག་མིག་གདངས་ནས་གྱང་ངོས་ཀྱི་ཆུ་ཚོད་ལ་ལྟ་སྐབས་ཆུ་ཚོད་དྲུག་པ་སྐར་མ་ལྔ་བཅུ་ཟིན་འདུག །ངའི་སེམས་སུ་དཔེ་བསགས་སོང་བསམས་ཏེ་སྐྲག་སྣང་སྐྱེས་པ་དང་། མགྱོགས་པོ་མལ་ལས་ལངས་ཏེ་སློབ་གོས་གྱོན་རྗེས་ཁྲུས་ཀྱང་མ་བརྒྱབ་པར་དཔེ་ཁུག་ཁུར་ཏེ་སྒོར་ཐོན་པ་ཡིན། སྒོ་རུ་ཐོན་རྗེས་མིག་མདུན་གྱི་དངོས་པོ་ཡོངས་རྫོགས་ཁ་བས་བཀབ་ཏེ་སྐྱ་ཐིང་ངེར་གནས། མཛེས་ལྗོངས་དེས་ངའི་ཡིད་དབང་འཕྲོག་པར་བྱས་ཤིང་ད་གིན་གྱི་སྐྲག་དངངས་དེ་ཡང་མེད་པར་གྱུར།

ངས་ལུས་སྟོབས་ཡོད་རྒུ་བཏོན་ནས་རྒྱུག་ཤར་གློད་དེ་སློབ་གྲྭའི་ཕྱོགས་སུ་བསྐྱོད། ལམ་བར་གྱི་རྒྱལ་མོ་རྔུལ་ཆུའི་གསོལ་མགྲོན་ཁང་གི་མདུན་ལ་སླེབས་སྐབས་ཐག་རིང་དུ་འགྲོ་མཁན་གྱི་མི་རྣམས་ཀྱང་ང་ཚོ་ལྟར་བྲེལ་འཚུབ་ཀྱིས་ཟས་གོས་སྣ་ཚོགས་བླུགས་པའི་རས་ཁུག་འགའ་ཁུར་ནས་མགྲོན་ཁང་གི་སྒོ་ནས་ཐོན་བཞིན་འདུག །ཁོང་ཚོ་ནི་ཕར་བལྟས་པ་ཙམ་གྱིས་མཛའ་མཐུན་དང་སྤྲོ་སྣང་གིས་ཁེངས་པའི་སྐྱེ་བོ་ཤ་སྟག་རེད་འདུག །

དེ་ནས་ང་རང་སློབ་གྲྭའི་ནང་དུ་སླེབས། སློབ་མ་ལ་ལས་དཔེ་དེབ་འཁྱེར་ནས་སློབ་གྲྭའི་ལྕང་མ་ཆེན་པོ་དེའི་འོག་ལ་དཔེ་དེབ་ཀློག་བཞིན་འདུག་ལ། ལ་ལ་བརྩེ་བ་འོ་ཆུ་གཅིག་འདྲེས་ལྟར་གྱི་གྲོགས་ཕོ་མོ་དང་མཉམ་དུ་གངས་རྒྱག་རེས་བྱེད་ཀྱི་འདུག །ཡང་ལ་ལ་དྲོ་སྐྱིད་ལྡན་པའི་འཛིན་གྲྭའི་ནང་དུ་མདང་དགོང་མ་བྲིས་པའི་སྦྱོང་ཚན་ཁ་གསབ་བྱེད་བཞིན་འདུག །ཅུང་ཙམ་ནས་ཞོགས་ཚོགས་འཚོགས་པ་དང་རིམ་བཞིན་ནམ་ལངས་སོང་། ནམ་ལངས་རྗེས་ཕ་རོལ་གྱི་རི་བོ་དེ་དག་ནི་ལུས་ལ་བཀྲ་ཤིས་མཚོན་བྱེད་ཀྱི་ཁ་བཏགས་དཀར་པོ་ཞིག་གཡོགས་པ་ལྟར་སྐྱ་ཐིང་ངེར་གནས་པ་དང་། ངའི་ཉེ་འཁོར་གྱི་ས་ཆ་ཚང་མ་ཡང་རབ་དཀར་གྱི་ན་བཟའ་གསར་པ་བཀླུབས་ནས་འདུག །

ཁ་བ་བབས་པའི་ཞོགས་པ། མཁའ་རླུང་དེ་འདྲའི་གཙང་བ་ལ་ཨང་། སློབ་གྲྭའི་སྒོ་རའི་ནང་གི་སློབ་མ་ཚོ་ནི་དེ་འདྲའི་དགའ་སྣང་ལྡན་པ་ཞིག་རེད་ཨང་། ཡུལ་ལྗོངས་ནི་ཤིན་ཏུ་ནས་ངོ་མཚར་དང་མཛེས་སྡུག་ལྡན། ཕྱི་དྲོར་སླེབས་རྗེས་དྲོ་འཇམ་ལྡན་པའི་ཉི་འོད་ས་གཞིའི་སྟེང་ལ་རྒྱག་དུས། གངས་ནི་རིན་ཆེན་གསེར་འོད་དང་ལྷན་དུ་བཀྲག་མདངས་ཀྱི་འོད་སྣང་གིས་ཁྱབ་པར་འགྱུར།

མ་གཞི་གངས་ཀྱིས་གྲང་ངར་ཁྲིད་འདུག་མོད། དེ་བས་ཀྱང་མི་རྣམས་ལ་རྫོགས་མཐའ་མེད་པའི་དགའ་སྤྲོའི་སྣང་བ་ཡང་སྟེར་བར་བྱེད་པས། ང་རང་ཁ་བ་འབབ་པའི་ཕ་ཡུལ་ལ་དགའ་འོ། །

འབྲི་རུ་རྫོང་སློབ་འབྲིང་དང་པོའི་ལོ་རིམ༧(༣)

ཟུར་ཁྲིད་དགེ་རྒན། དགའ་བཟང་།

西藏青年报

↑ TOP


按日期搜索
12 2022
 
 
 
 

西藏青年报藏文版

分享到

微信

QQ

QQ空间

微博