http://zw.xzqnb.cn/Content/weixinlogo.png
གྲང་ངར་ལྡན་པའི་དགུན་ཁ་སླེབས་སོང་ཨང་། ད་ལོ་ནི་ནམ་རྒྱུན་གྱི་དགུ
http://zw.xzqnb.cn/m/content/2023-12/28/000431.html
《汉文版》 《藏文版》

第04版:རྩོམ་རིག་དགའ་ཚལ།

༄༅། །ཁ་བ་བབས་པའི་ཕ་ཡུལ།

༄༅། །ཁ་བ་བབས་པའི་ཕ་ཡུལ།

༄༅། །དགུན་དུས་ཀྱི་གནམ་གཤིས།

༄༅། །ཁ་བ་བབས་པའི་ཕ་ཡུལ།

༄༅། །ཁ་བྱང་གཅིག་པའི་རྩོམ་ཡིག་གི་རིན་ཐང་།

等待处理…

༄༅། །ཁ་བ་བབས་པའི་ཕ་ཡུལ།

作者 བསོད་ནམས་ཟླ་བ།
2023年12月28日

གྲང་ངར་ལྡན་པའི་དགུན་ཁ་སླེབས་སོང་ཨང་། ད་ལོ་ནི་ནམ་རྒྱུན་གྱི་དགུན་ཁ་དང་མི་འདྲ་བར་གྲང་ངར་ཆེ། ཡིན་ན་ཡང་ད་ལོའི་དགུན་ཁའི་ཁ་བ་འབབ་ཚད་ནི་ནམ་རྒྱུན་ལས་ཉུང་། ནམ་རྒྱུན་ཧ་ལམ་ཉིན་རེར་ཁ་བ་ཐེངས་རེར་འབབ་ཀྱི་ཡོད། ན་ནིང་དགུན་ཁ་ང་རང་ཞང་པོས་ལྟ་སྐྱོང་བྱས་ནས་བསྡད་པ་རེད། ཞང་པོས་སྦག་སྦག་ཐོག་སློབ་གྲྭར་སྐྱེལ་དུས། ཁ་བ་ཆེ་དྲགས་པས་སྦག་སྦག་གི་འཁོར་ལོ་འདྲེད་བརྡར་ཤོར་ནས་ང་རང་སྦག་སྦག་ཐོག་ནས་ལྷུང་། ང་ལ་མཚོན་ན་དེ་ནི་ན་ནིང་དགུན་ཁར་བྱུང་བའི་བརྗེད་དཀའ་བའི་འདས་དོན་ཞིག་ཡིན་ནོ། །

དེ་རིང་ནི་གཟའ་སྤེན་པ་ཡིན། ཞོགས་པ་ཨ་མས་ང་མལ་ལས་བསླངས་ནས། “བུ། ཁ་བ་བབས་འདུག །ཁྱོད་གཅིག་ལྟོས་དང”ཞེས་ཟེར། ངས་གོས་གྱོན་ནས་གཉིད་སད་མ་མོག་གིས་མིག་ཡ་བཙུམས་ཤིང་མིག་ཡ་གདངས་ནས་བལྟས་པས། ནམ་གསལ་པོ་མ་ལངས་རྐྱེན་ཕྱི་རུ་ནག་ཐིང་ངེ་ལས་ཅི་ཡང་མཐོང་གི་མི་འདུག །དེ་ནས་ང་རང་ཁྲུས་བརྒྱབ་ནས་ལྟོ་ཟོས་པ་དང་སློབ་གྲྭར་ཕྱིན་པ་ཡིན།

སློབ་གྲྭར་འགྲོ་བའི་ལམ་བར་ནི་ཁ་བ་མཁྲེགས་པོ་དང་འཁྱགས་པས་བསྡམས་ཤིང་། ང་ཐེངས་མང་པོ་འདྲེད་དེ་རྡེབ་ལ་ཁད་བྱས་བྱུང་། སློབ་གྲྭའི་སྒོ་ནས་ཡར་འཛུལ་མ་ཐག་ངའི་སློབ་གྲོགས་མང་པོ་ཞིག་ཁ་བའི་དམག་རྒྱག་པ་དང་། སློབ་གྲོགས་ཁ་ཤས་འཁྱགས་ནས་ལག་པ་དམར་པོར་གྱུར་རུང་ད་དུང་བཟོད་བསྲན་བྱས་ནས་རྩེད་མོ་རྩེ་བཞིན་འདུག །ཁོ་ཚོའི་གདོང་ལས་ཉོབ་སྣང་དང་སུན་སྣང་གང་ཡང་མེད་པར་འཛུམ་དམུལ་ལེར་མཆིས།

ཕྱི་དྲོ་ང་ཚོས་ཁ་བ་འཕྱག་པར་ཕྱིན་པ་དང་ཁ་བ་འཕྱག་པའི་བརྒྱུད་རིམ་ནང་ངས་མི་མང་པོ་ཞིག་འདྲེད་བཞིན་པ་མཐོང་བྱུང་། གློ་བུར་དུ་ངའི་སེམས་ལ་འདི་ལྟར་འཁོར་བ་སྟེ། གལ་སྲིད་རླངས་འཁོར་ཡང་མི་ནང་བཞིན་གཞུང་ལམ་ཐོག་ལ་འདྲེད་ན་གང་འདྲ་ཞིག་ཆགས་ཨང་སྙམ་བྱུང་། དེར་བརྟེན། ང་ཚོས་ཁ་བ་འབབ་སྐབས་རྩེད་མོ་རྩེ་བའི་ཞོར་ལ་བདེ་འཇགས་ལ་ཡང་ཡིད་གཟབ་བྱེད་དགོས་ཀྱི་འདུག་གོ །

འབྲི་རུ་རྫོང་སློབ་འབྲིང་དང་པོའི་ལོ་རིམ༧(༣)

ཟུར་ཁྲིད་དགེ་རྒན། དགའ་བཟང་།

西藏青年报

↑ TOP


按日期搜索
12 2022
 
 
 
 

西藏青年报藏文版

分享到

微信

QQ

QQ空间

微博