西藏青年报藏文版རྩོམ་རིག་དགའ་ཚལ། ༄༅། །ཁ་བ་བབས་པའི་ཕ་ཡུལ། ༄༅། །ཁ་བ་བབས་པའི་ཕ་ཡུལ། ༄༅། །དགུན་དུས་ཀྱི་གནམ་གཤིས། ༄༅། །ཁ་བ་བབས་པའི་ཕ་ཡུལ། ༄༅། །ཁ་བྱང་གཅིག་པའི་རྩོམ་ཡིག་གི་རིན་ཐང་།

放大 缩小 默认

༄༅། །ཁ་བ་བབས་པའི་ཕ་ཡུལ།

□ 作者 བསྟན་འཛིན་ནམ་མཁའ།

དགུན་དུས་ཀྱི་ཞོགས་པ་ཞིག་ལ། ངས་རང་རབ་རིབ་ཀྱི་མིག་གཉིས་ཕུར་ཕུར་བྱེད་བཞིན་སྒེའུ་ཡོལ་ཕྱེས་པ་ཡིན། ཁ་བ་ཆེན་པོ་ཞིག་བབས་འདུག་ཅིང་སྒེའུ་ཁུང་ཕྱི་རོལ་ནི་དཀར་མདོག་གི་འཇིག་རྟེན་ཞིག་ཏུ་གྱུར། ཕྱི་ལོགས་ཀྱི་རི་བོ་དང་རྩི་ཤིང་ཚང་མ་དཀར་པོ་ཡིན་ལ། ཁང་པ་དང་གཞུང་ལམ། དེ་བཞིན་གཞུང་ལམ་འགྲམ་གྱི་སྡོང་པོ་ཡང་སྐྱ་ཐོར་རེར་གནས། ཞག་གཅིག་གི་ནང་ཕལ་ཆེར་འཛམ་གླིང་སྟེང་གི་དངོས་པོ་ཡོད་ཚད་དཀར་པོར་བསྒྱུར་འདུག །

ངའི་ཕ་ཡུལ་ནི་ནག་ཆུའི་ཤར་རྒྱུད་ཀྱི་འབྲི་རུ་རྫོང་ཡིན་ཞིང་། འབྲི་རུ་རྫོང་ལ་ལོ་རེའི་སྤྱི་ཟླ་བཅུ་གཉིས་གཡས་གཡོན་ལ་ཁ་བ་འབབ་གྲངས་ཅུང་ཟད་མང་བ་ཡོད། ད་ལོའི་སྤྱི་ཟླ་བཅུ་གཉིས་པའི་ཚེས་གཉིས་ཀྱི་ཞོགས་པར། ང་རང་རྒྱུན་ལྡན་དང་འདྲ་བར་སློབ་གྲྭར་འགྲོ་བའི་གྲ་སྒྲིག་བྱེད་བཞིན་ཡོད། ངས་སྒེའུ་ཡོལ་ཕྱེ་ནས་ཕྱི་ལོགས་སུ་བལྟས་པས། ནམ་རྒྱུན་དང་མི་འདྲ་བར་ཕྱི་རོལ་ནི་དཀར་མདོག་གི་འཇིག་རྟེན་ཞིག་ཏུ་གྱུར། མཛེས་སྡུག་གི་ཡུལ་ལྗོངས་དེས་ངའི་ཡིད་དབང་འཕྲོག་ཅིང་། བསམ་ཡུལ་ལས་འདས་པ་ཞིག་ནི། ཉིན་དེའི་ཁ་བ་ཤིན་ཏུ་མཐུག་པས་ཧ་ལམ་ལྷམ་གྱི་ཡུ་བ་དང་མཉམ་པ་འདུག །ངས་ལམ་སེང་གཙང་སྦྲ་བྱས་ནས་སློབ་གྲྭ་ལ་ཕྱིན། གོམ་པ་སྤོ་བའི“ཧྲག་ཧྲག”གི་སྒྲ་ཡིས་ངའི་སེམས་སུ་བརྗོད་མི་ཤེས་པའི་དགའ་སྤྲོ་ཞིག་སྦྱིན།

སློབ་གྲྭའི་སྒོ་འགྲམ་དུ་ཟང་ཟིང་གི་རྣམ་པས་ཁེངས་ཤིང་། དེ་རུ་ཁྱིམ་བདག་དང་སློབ་མ། ད་དུང་མོ་ཊ་དང་སྦག་སྦག་སོགས་ཀྱི་སྐད་སྒྲས་ཡོངས་སུ་ཁེངས། སློབ་གྲྭའི་ནང་ལ་སླེབས་སྐབས་སློབ་མ་མང་པོ་ཞིག་གངས་རྒྱག་རེས་བྱེད་པ་དང་། གངས་ཤུད་གློད་པ་སོགས་ཀྱི་རྩེད་མོའི་རྣམ་པས་ཡོངས་སུ་ཁྱབ། ཡིན་ཡང་བསམ་ཡུལ་ལས་འདས་པ་ཞིག་ལ། ང་ཚོའི་སློབ་ཁང་ནང་དུ་དེབ་ལྟ་མཁན་གྱི་སློབ་མ་མི་ཉུང་བ་ཞིག་འདུག །ཁ་བ་འབབ་པའི་དུས་སྐབས་ནི་བྱིས་པ་ཚོའི་ངོས་ནས་སྤྲོ་སྣང་ལྡན་ཤོས་ཀྱི་དུས་ཚོད་ཅིག་སྟེ། རྩེད་མོ་སྣ་ཚོགས་ཀྱི་དབྱིངས་སུ་ཚུད་སྲིད་ན་ཡང་། སློབ་མ་འདི་རིགས་ཀྱི་བྱེད་སྟངས་ནི་དངོས་གནས་ཧ་ལས་དགོས་པ་ཞིག་རེད། མ་འོངས་པའི་རྒྱལ་ཁ་ཁོང་ཚོར་ཐོབ་རྒྱུ་གཏན་འཁེལ་རེད།

ཞོགས་ཚོགས་གྲོལ་རྗེས། ང་དང་ངའི་གྲོགས་པོ་མཉམ་དུ་སློབ་གྲྭའི་བྱང་ངོས་ཀྱི་རི་ལྡེབས་སུ་ཡོད་པའི་གསང་སྤྱོད་ལ་ཕྱིན་པས། ཁ་བས་གཡོགས་པའི་ཕ་ཡུལ་དང་མ་ཡུམ་སློབ་གྲྭའི་མཛེས་སྡུག་གི་རྣམ་པ་ཡོངས་སུ་ལོངས་སུ་སྤྱོད་རྒྱུ་བྱུང་། ངའི་སེམས་སུ་གློ་བུར་དུ་རང་ཉིད་འབྱུང་འགྱུར་ཕ་ཡུལ་འཛུགས་སྐྲུན་དང་ཕན་པ་འདོགས་མཁན་གྱི་མི་སྣ་ཞིག་བྱེད་འདོད་པའི་ཆོད་སེམས་ཤིག་སྐྱེས་བྱུང་ངོ་། །

འབྲི་རུ་རྫོང་སློབ་འབྲིང་དང་པོའི་ལོ་རིམ༧(༤)

ཟུར་ཁྲིད་དགེ་རྒན། དགའ་བཟང་།

放大 缩小 默认
西藏青年报社出版  |  国内统一刊号:CN54—0006  |  邮发代号:67—11
制作单位:中国西藏青年报  |  所有内容为中国西藏青年报版权所有,未经授权不得复制转载或建立镜像  |  藏ICP备2022000062号
声明