西藏青年报藏文版རྩོམ་རིག་དགའ་ཚལ། ༄༅། །ཁ་བ་བབས་པའི་ཕ་ཡུལ། ༄༅། །ཁ་བ་བབས་པའི་ཕ་ཡུལ། ༄༅། །དགུན་དུས་ཀྱི་གནམ་གཤིས། ༄༅། །ཁ་བ་བབས་པའི་ཕ་ཡུལ། ༄༅། །ཁ་བྱང་གཅིག་པའི་རྩོམ་ཡིག་གི་རིན་ཐང་།

放大 缩小 默认

༄༅། །ཁ་བྱང་གཅིག་པའི་རྩོམ་ཡིག་གི་རིན་ཐང་།

□ 作者 བསོད་བསྟན།

ད་ཐེངས་བོད་ལྗོངས་གཞོན་ནུའི་ཚགས་པར་ཐོག་ད་ལོའི་དགུན་དུས་འདི་མ་རྫོགས་སྔོན་ལ་ཆེད་དུ་དམིགས་ནས་ཁ་བྱང་གཅིག་པའི་རྩོམ་ཡིག་འགའ་སྤེལ་ནས་རྒྱ་ཆེའི་ཀློག་པ་པོ་རྣམས་ལ་ཁ་བྱང་གཅིག་པའི་རྩོམ་ཡིག་གི་རིན་ཐང་དང་ཁ་བྱང་གཅིག་པའི་རྩོམ་ཡིག་གི་ཕན་ནུས་ཙམ་མ་ཟད། ཁ་བྱང་གཅིག་པའི་རྩོམ་ཡིག་འགའ་སྤེལ་བར་བྱས་ནས་གཅིག་ནས་ཁ་བྱང་གཅིག་ལ་རྩོམ་ཡིག་ནང་མི་འདྲ་བའི་བར་གྱི་ཁྱད་བར་དང་རྩོམ་ཡིག་གཅིག་གིས་གཅིག་ལ་སློབ་སྦྱོང་བྱེད་པའི་དམིགས་བསལ་གྱི་ནུས་པ་ངེས་ཅན་ཞིག་ཐོན་པར་བྱས་ཏེ། མ་འོངས་སློབ་མ་རྣམས་རྩོམ་ཡིག་ལ་རོལ་བའི་སྐབས་སུ་སྐབས་འགར་ཁ་བྱང་གཅིག་ལ་སྐབས་ཁེལ་བའི་དུས་སུ་ནང་དོན་ཐད་ཡིད་གཟབ་བྱེད་ཐུབ་ལ། ད་དུང་ཡིག་རྒྱུགས་སྐབས་སུ་མང་ཆེ་བའི་ཁ་བྱང་འདྲ་པོ་འདྲ་ཡིན་པའི་སྐབས་ལ་ནང་དོན་གཅིག་མཚུངས་མི་འཁེལ་བའི་ནུས་པ་ཐོན་གྱི་ཡོད་པ་རེད།

དེ་བས་ཀྱང་སློབ་ཁྲིད་དགེ་རྒན་བདག་གིས་ཀྱང་སློབ་མར་རྩོམ་ཡིག་སློབ་ཁྲིད་གནང་སྐབས་ཁ་བྱང་གཅིག་ཡིན་པ་ལས་ཁ་བྱང་ཐ་དད་ཡིན་པ་མི་སྲིད་པས། སློབ་མ་གཅིག་འགྱུར་ཐོག་རྩོམ་ཡིག་བྲིས་དུས་ནང་དོན་ཐད་གཡོལ་ཐུབ་པའི་ནུས་པ་ལྡན་པར་བྱ་ཐུབ། ད་དུང་ད་ཐེངས་ཀྱི་རྩོམ་ཡིག་འདི་རྣམས་དགུན་དུས་ཀྱི་རྣམ་པ་རྐྱང་ཡིན་པས། དུས་གཅིག་རྣམ་པའི་རྩོམ་ཡིག་འབྲི་བར་དེ་བས་ཕན་ནུས་ངེས་ཅན་ཐོན་ནུས་པས་ང་ཚོས་ཁ་བྱང་གཅིག་པའི་རྩོམ་ཡིག་འབྲི་བར་མུ་མཐུད་འབད་བརྩོན་བྱས་ནས་ཁ་བྱང་གཅིག་པའི་རྩོམ་ཡིག་འབྲི་བར་འབད་དོ། །

放大 缩小 默认
西藏青年报社出版  |  国内统一刊号:CN54—0006  |  邮发代号:67—11
制作单位:中国西藏青年报  |  所有内容为中国西藏青年报版权所有,未经授权不得复制转载或建立镜像  |  藏ICP备2022000062号
声明