http://zw.xzqnb.cn/Content/weixinlogo.png
ཆེ་ཆེ་རླབས་པོ་ཆེ་བའི་ཐོན་མི་ཡི་རིག་གཞུང་། །བཟང་བཟང་ཕན་ཡོན་ཆེ་
http://zw.xzqnb.cn/m/content/2023-12/01/000384.html
《汉文版》 《藏文版》

第04版:རྩོམ་རིག་དགའ་ཚལ།

༄༅། །ཤེས་རབ་དང་བརྩོན་འགྲུས།

༄༅། །མཛའ་གྲོགས་ལ་བསྐུར་བའི་ཡི་གེ

༄༅། །ང་ཡི་རྒན་ལགས།

༄༅། །བྱམས་བརྩེ་བཀའ་དྲིན་ཆེ་བའི་ཨ་མ།

བརྗོད་དོན་གཙོ་བོའི་སློབ་གསོའི་རིགས་པའི་གཞུང་ལུགས་སློབ་སྦྱོང་གཏིང་ཟབ་དང་ཏན་ཏིག་བྱས་པ།

等待处理…

༄༅། །མཛའ་གྲོགས་ལ་བསྐུར་བའི་ཡི་གེ

作者 དབང་ཆེན་དབང་མོ།
2023年12月01日

ཆེ་ཆེ་རླབས་པོ་ཆེ་བའི་ཐོན་མི་ཡི་རིག་གཞུང་། །བཟང་བཟང་ཕན་ཡོན་ཆེ་བའི་ཤེས་རབ་ཀྱི་བདུད་རྩི། །སྙན་སྙན་ཚིག་གི་བསྟོད་པ་ཏམ་བུ་རའི་སྐད་སྙན། །བདེན་བདེན་ལྷག་བསམ་བཅོས་མིན་དཀྲོལ་བས་མནའ་བྱས་སོ། །ཉི་འོད་སྒོ་ཁར་གཟིམ་པའི་བསིལ་ལྡན་གྱི་རླུང་བུས། །ཁེར་རྐྱང་བུ་མོའི་སེམས་པ་མཛའ་གྲོགས་ཀྱི་དྲུང་དུ། །བུང་བ་མེ་ཏོག་འཁོར་བའི་སྣང་ཚུལ་དེ་འདྲ་བ། །ལྷད་མེད་དྭངས་གཙང་འབྲེལ་འདྲིས་ཆུ་རྒྱུན་བཞིན་གནས་ཚེ། །ཁྱེད་གཉིས་བར་ལ་གནས་སའི་དབྱེ་བ་དེ་མ་མཆིས། །ཁོ་མོའི་སྣང་བརྙན་བདག་བློའི་འཆར་ཡན་གྱི་ཁྲོད་དུ། །བརྗོད་པར་མི་གསལ་ནམ་མཁའི་ཟླ་བ་ཡི་ལྷ་མོ། །མངོན་སུམ་མི་ཡུལ་སླེབས་པ་ཐེ་ཚོམ་རང་མ་འགོག །གཞན་ཕན་ལས་ལ་འབད་པ་བུང་བ་བཞིན་བྱས་ཚེ། །ནམ་མཁའི་དྲི་ཟའང་ཕྲག་དོག་སྒྲོ་སྤུ་དེ་ཟིང་འོང་། །རྟག་ཏུ་མི་སྡོད་ཁ་པར་ཁུག་མའི་ནང་བླུགས་ནས། །རྒྱུ་འབྲས་ལས་ལ་ལྷད་མེད་ས་བོན་དེ་བཏབ་དུས། །ནམ་ཞིག་འབྲས་བུས་རྫུན་གཏམ་ཐེ་ཚོམ་ཅིས་མི་དགོས། །ཚིག་གི་ཕྲེང་བ་མང་ཡང་བཅུད་མེད་ཀྱི་སྙིགས་རོ། །དོན་གྱི་སྙིང་པོ་བརྗོད་པ་ཁྱོད་སེམས་ལ་འཇོག་རོགས། །སླད་ཕྱིན་མ་མཇལ་རིང་ལ་མཛའ་གྲོགས་ཡིད་མ་སྐྱོ། །ངས་ཀྱང་འབད་པའི་ལམ་ལ་བགྲོད་པའི་དམ་བཅས་ནས། །ཁོ་མོའི་ལྷན་དུ་མཛེས་པའི་རི་ཆུ་ལ་བསྟོད་ཕྱིར། །ཕ་ཡུལ་ཕྱོགས་ལ་མཇལ་བའི་སྨོན་ལམ་ཡང་ཞུས་ཆོག །

ལྷ་ས་ཅང་སུའུ་ཚོད་སློབ་ལང་ཚོའི་མེ་ཏོག་རྩོམ་རིག་ཚོགས་པ།

ཟུར་ཁྲིད་དགེ་རྒན། ཚེ་བརྟན་རྒྱལ་པོ།

西藏青年报

↑ TOP


按日期搜索
12 2022
 
 
 
 

西藏青年报藏文版

分享到

微信

QQ

QQ空间

微博