http://zw.xzqnb.cn/Content/weixinlogo.png
ང་ཡི་རྒན་ལགས་ནི་དབུ་སྐྲ་ནག་ཅིང་སྣུམ་ལ་སུ་ལུ་ཡིན། སྤྱན་གཉིས་ནི
http://zw.xzqnb.cn/m/content/2023-12/01/000385.html
《汉文版》 《藏文版》

第04版:རྩོམ་རིག་དགའ་ཚལ།

༄༅། །ཤེས་རབ་དང་བརྩོན་འགྲུས།

༄༅། །མཛའ་གྲོགས་ལ་བསྐུར་བའི་ཡི་གེ

༄༅། །ང་ཡི་རྒན་ལགས།

༄༅། །བྱམས་བརྩེ་བཀའ་དྲིན་ཆེ་བའི་ཨ་མ།

བརྗོད་དོན་གཙོ་བོའི་སློབ་གསོའི་རིགས་པའི་གཞུང་ལུགས་སློབ་སྦྱོང་གཏིང་ཟབ་དང་ཏན་ཏིག་བྱས་པ།

等待处理…

༄༅། །ང་ཡི་རྒན་ལགས།

作者 བསྟན་འཛིན་འཇིགས་མེད།
2023年12月01日

ང་ཡི་རྒན་ལགས་ནི་དབུ་སྐྲ་ནག་ཅིང་སྣུམ་ལ་སུ་ལུ་ཡིན། སྤྱན་གཉིས་ནི་ཆུང་ཞིང་ལུས་སྟོབས་ཆེ་བ། དཀའ་བ་དང་དུ་ལེན་ནུས་པའི་དགེ་རྒན་བཟང་པོ་ཞིག་ཡིན།

མ་གཞི་བྱས་ན་རྒན་ལགས་ཁོང་གི་ཆེད་ལས་ནི་ལུས་རྩལ་དགེ་རྒན་ཞིག་ཡིན་ཀྱང་ཁོང་གིས་ང་ཚོའི་འཛིན་གྲྭའི་འཛིན་བདག་འགན་དང་བསམ་བློ་ཀུན་སྤྱོད་ཀྱི་སློབ་ཁྲིད་གནང་། ཆབས་ཅིག་ཏུ་ལུས་རྩལ་སྦྱོང་བརྡར་སྤྲད་པ་སོགས་ཀྱི་ལས་འགན་མང་པོ་འཁུར་བ་མ་ཟད། ང་ཚོ་སློབ་མ་ཚོར་རང་ཉིད་ཀྱི་བུ་ཕྲུག་ལྟར་བྱམས་སྐྱོང་ཚད་མེད་གནང་གི་ཡོད།

ང་རང་རྒན་ལགས་ཁོང་གི་བྱ་སྤྱོད་ལས་སེམས་འགུལ་ཆེན་པོ་ཐེབས་བྱུང་བ་ནི། རྒན་ལགས་ཁོང་གིས་ངལ་གསོའི་དུས་ཚོད་བེད་སྤྱད་ནས་སློབ་མ་རྣམས་ཁོང་གི་ཉལ་ཁང་གི་སྒོ་འགྲམ་དུ་ཁྲིད་ནས་སློབ་ཕྲུག་བུ་རྣམས་ཀྱི་སྐྲ་བཞར་བ་དང་གཟུགས་པོ་འཁྲུ་བ། སློབ་ཕྲུག་བུ་མོ་རྣམས་ཀྱི་སྐྲ་འཁྲུ་བ་དང་སྐྲ་བཤད་བརྒྱག་པ་སོགས་གནང་བ་དང་། ད་དུང་ང་ཚོར་འཐུང་ཆ་དང་བཟའ་ཆ་སྣ་ཚོགས་ཉོས་ནས་སྐྱིད་པའི་གླིང་ཁ་གཏོང་བ་ནང་བཞིན་གྱི་སྤྲོ་སྣང་སྦྱིན་གནང་གི་ཡོད།

རྒན་ལགས་ཁོང་གིས་ཉིན་ལྟར་ཞོགས་པ་སྔ་པོ་ནས་འཛིན་གྲྭའི་ནང་ཕེབས་ནས་ང་ཚོར་སློབ་སྦྱོང་བྱེད་དུ་བཅུག་པ་དང་། རྒྱུགས་ཤར་གློད་སྐབས་སློབ་མ་ཚོའི་བདེ་འཇགས་ལ་ཐུགས་ཁྲལ་གནང་སྟེ་མཉམ་དུ་ཕེབས་ཀྱི་ཡོད།

རྒན་ལགས་ཁོང་ནི་སྒེར་སེམས་མེད་པར་གཞན་ཕན་ལྷག་བསམ་གྱི་བསམ་པ་ཤུགས་ཆེ་ལྡན་པའི་མི་སྣ་ཞིག་ཡིན་པ་ནི། སྐུ་གཟུགས་ལ་སྙུང་གཞི་བཞེས་ཀྱང་དགོངས་པ་མ་ཞུས་པར་སྡུག་རུས་གནང་ཏེ་སློབ་ཁྲིད་ལ་འཇུག་པས་འཛིན་གྲྭའི་སློབ་གྲོགས་ཚོས་ཀྱང་སེམས་འགུལ་ཆེན་པོ་ཐེབས་ནས་སྦྱངས་འབྲས་ལ་ཡར་རྒྱས་ཆེན་པོ་ཕྱིན། དེ་ནི་ངའི་གུས་པར་འོས་པའི་རྒན་ལགས་ཡིན་ལ། བྱམས་སྐྱོང་ཆེ་བའི་ཕ་མ་གཉིས་པ་ལྟ་བུ་ཡིན་ལ་ཤེས་བྱའི་གཟིགས་མོ་འབུལ་མཁན་གྱི་སྒྱུ་རྩལ་འཁྲབ་སྟོན་པ་གཙོ་བོ་ཞིག་ཀྱང་ཡིན་ནོ། །

西藏青年报

↑ TOP


按日期搜索
12 2022
 
 
 
 

西藏青年报藏文版

分享到

微信

QQ

QQ空间

微博