http://zw.xzqnb.cn/Content/weixinlogo.png
ལྷོ་ཁ་གྲོང་ཁྱེར་སློབ་ཆུང་གསུམ་པའི་ལོ་རིམ་ལྔ་པའི་འཛིན་གྲྭ་གཉི
http://zw.xzqnb.cn/m/content/2023-09/15/000266.html
《汉文版》 《藏文版》

第04版:རྩོམ་རིག་དགའ་ཚལ།

༄༅། །སློབ་སྦྱོང་ནི་རྒྱུན་རིང་གི་འབད་བརྩོན་ལ་བརྟེན་དགོས།

༄༅། །བཤེས་གཉེན་བཀའ་དྲིན་ཡིད་ནས་དྲན།

དགེ་རྒན་གྱི་ལས་རོགས་ཆུང་ཆུང་། འཛིན་གྲྭའི་ཉི་མ་ཆུང་ཆུང་།

དུས་རབས་ལས་བྱུང་བའི་བདེ་སྐྱིད།

等待处理…

དགེ་རྒན་གྱི་ལས་རོགས་ཆུང་ཆུང་། འཛིན་གྲྭའི་ཉི་མ་ཆུང་ཆུང་།

2023年09月15日

ལྷོ་ཁ་གྲོང་ཁྱེར་སློབ་ཆུང་གསུམ་པའི་ལོ་རིམ་ལྔ་པའི་འཛིན་གྲྭ་གཉིས་པའི་སློབ་མ་པ་སངས་དོན་གྲུབ་ནི་སྙིང་རུས་ཆེ་ཞིང་སློབ་སྦྱོང་ལ་དགའ་བ་དང་། སྤྱི་ཕན་གྱི་བྱ་བ་སྒྲུབ་པར་དགའ་བ། གཞན་ལ་རོགས་རམ་བྱེད་པར་དགའ་བའི་གྲོགས་པོ་ཆུང་ཆུང་ཞིག་ཡིན་ལ། དགེ་རྒན་གྱི་ལས་རོགས་ཆུང་ཆུང་དང་འཛིན་གྲྭའི་ཉི་མ་ཆུང་ཆུང་ཞིག་ཀྱང་ཡིན་པས། “བཟང་པོ་གསུམ་ལྡན་གྱི་སློབ་མ”དང་། “སྦྱངས་འབྲས་ཕུལ་བྱུང་གི་སློབ་མ” “རྩལ་ནུས་མཁས་པ”སོགས་ཀྱི་གཟི་བརྗིད་མཚན་སྙན་ཐེངས་མང་འཐོབ་མྱོང་།

འཛིན་གྲྭའི་ཀྲུའུ་རེན་རིག་འཛིན་སྒྲོལ་དཀར་གྱིས། པ་སངས་དོན་གྲུབ་ཀྱིས་སེམས་རྩ་འཁོལ་པོས་འཛིན་གྲྭའི་དོན་དག་ཚང་མ་སྒྲུབ་ཀྱི་ཡོད་པས། ཉིན་ལྟར་ལས་ལ་བྲེལ་བའི་ཁོ་པའི་གཟུགས་བརྙན་གང་སར་མཐོང་རྒྱུ་ཡོད། དགེ་རྒན་གྱིས་སློབ་སྦྱོང་ཞན་པའི་སློབ་གྲོགས་ཁོ་པ་དང་སྒྲོག་ཙེ་མཉམ་དུ་འཇོག་གི་ཡོད་ལ། སློབ་གྲོགས་སུ་ལ་དཀའ་གནད་ཕྲད་ཚེ་ཁོ་པས་ངང་རྒྱུད་རིང་པོས་འགྲེལ་བཤད་བརྒྱབ་ནས་དོགས་གནད་སེལ་གང་ཐུབ་བྱེད་ཀྱི་ཡོད། ཁོ་པའི་སྣེ་ཁྲིད་དང་རོགས་རམ་འོག་སློབ་གྲོགས་གསུམ་གྱི་སྦྱངས་འབྲས་ལ་ཡར་རྒྱས་མངོན་གསལ་དོད་པོ་བྱུང་ཡོད་ཅེས་ངོ་སྤྲོད་བྱས།

ཁྱིམ་མཚེས་རྨོ་བོ་འཕྲིན་ལས་ཀྱི་བུ་དང་མནའ་མ་རྫོང་དུ་ལས་ཀ་བྱེད་ཀྱི་ཡོད་པས་ཁོ་པ་གཅིག་པུས་ཚ་མོར་ལྟ་རྟོག་བྱེད་དགོས། ད་ཆ་ཚ་མོ་སློབ་གྲྭར་ཕྱིན་པས་སྦྱོང་ཚན་འབྲི་དགོས་ཀྱི་ཡོད། ཚ་མོས་སྦྱོང་ཚན་འབྲི་མི་ཤེས་པའི་སྐབས་རྨོ་བོར་སྐད་ཆ་འདྲི་གི་ཡོད་པས་ཡིག་ངོ་ཆོད་ཙམ་གྱི་རྨོ་བོ་འཕྲིན་ལས་ལ་དཀའ་ངལ་མང་པོ་འཕྲད་ཀྱི་ཡོད། ཁོ་མོ་དང་པ་སངས་དོན་གྲུབ་གླེང་མོལ་བྱེད་སྐབས་ཁོ་པས་དེའི་སྐོར་ཤེས་རྗེས་རང་འགུལ་ངང་གཅུང་མོ་ཆུང་ཆུང་དེར་སློབ་ཚན་ཟུར་ཁྲིད་བྱེད་པའི་ལས་འགན་དང་དུ་བླངས།

པ་སངས་དོན་གྲུབ་ནི་མི་གཞན་ལ་རོགས་རམ་བྱེད་པར་དགའ་བ་མ་ཟད། སྤྱི་ཕན་གྱི་བྱ་བ་སྒྲུབ་པར་ཡང་དགའ་པོ་ཡོད།

ལུས་སྦྱོང་ལ་དགའ་བའི་པ་སངས་དོན་གྲུབ་ཀྱིས་གཟའ་འཁོར་རེར་ཕ་མ་གཉིས་དང་མཉམ་དུ་རི་འཛེག་ལུས་སྦྱོང་བྱེད་ཀྱི་ཡོད་པ་དང་། མཐོ་ས་ནས་ཕ་ཡུལ་གྱི་མཛེས་སྡུག་ལ་མྱོང་རོལ་བྱེད་པར་དགའ།

ལོ་གཉིས་ཀྱི་གོང་རི་འགོ་ནས་མར་བབས་པའི་སྐབས་ཤིག་ལ་པ་སངས་དོན་གྲུབ་ཀྱིས་འགྱིག་དམ་སྟོང་པ་མང་པོ་ཞིག་སྒྲུག་པ་ཁོ་པའི་པ་ཕས་མཐོང་རྗེས་དེ་དག་གིས་གང་བྱེད་རྩིས་ཡོད་དམ་ཞེས་དྲིས་པར། པ་སངས་དོན་གྲུབ་ཀྱིས“འདི་དག་ནི་རི་འགོར་དབྱུགས་པའི་གད་སྙིགས་རེད། རི་བོ་མཐོ་པོ་ཡོད་པས་ཁོར་ཡུག་གཙང་སྦྲ་བ་སླེབས་ཐུབ་ས་མ་རེད། དེ་ལས་ངས་འཁྱེར་ཐུབ་ཚད་འཁྱེར་གྱི་ཡིན”ཞེས་ལན་བཏབ།

པ་སངས་དོན་གྲུབ་ཀྱི་སྐུལ་སློང་འོག་ཕ་བུ་གཉིས་ཀྱིས་རི་འགོར་འཛེག་ཐེངས་རེར་འགྱིག་ཤོག་རེ་འཁྱེར་འགྲོ་བ་དང་། རི་འགོ་ནས་མར་འབབ་དུས་རི་རྩེ་དང་རི་རྐེད་དུ་ཡོད་པའི་གད་སྙིགས་བསྒྲུགས་ཏེ། བྱ་སྤྱོད་དངོས་ཀྱིས་རྐང་འོག་གི་ས་གཞིར་སྲུང་སྐྱོང་བྱེད་ཀྱི་ཡོད། བྱ་སྤྱོད་དེས་རི་འཛེག་མཁན་མི་ཉུང་བ་ཞིག་ལ་ཤུགས་རྐྱེན་ཡག་པོ་ཐེབས་ནས་མི་དེ་བས་མང་བ་ཞིག་གིས་རང་འགུལ་ངང་གད་སྙིགས་རི་གཤམ་དུ་ཁྱེར་ནས་སྙིགས་གཞོང་དུ་བླུག་གི་ཡོད།

ན་ནིང་ཟླ་བརྒྱད་པར་ལྷོ་ཁར་རིམས་ནད་ཚབས་ཆེ་བའི་སྐབས་པ་སངས་དོན་གྲུབ་དང་ཕ་མ་གཉིས་ཀ་ཁྱིམ་དུ་ལུས་ཡོད། དང་བླངས་པ་རྣམས་ཀྱིས་རང་ཉིད་ཀྱི་བདེ་སྡུག་ལ་མ་འཛེམས་པར་ཁོ་ཚོར་ཤིང་འབྲས་དང་སྔོ་ཚལ་སོས་པ་སྐྱེལ་ཡོང་སྐབས་པ་སངས་དོན་གྲུབ་ལ་སེམས་འགུལ་ཆེན་པོ་ཐེབས། ཁོ་པས་སློབ་གྲྭའི་འབོད་སྐུལ་དང་ལེན་ཞུས་ནས“མི་ཁྱིམ་དུ་ཡོད་ཀྱང་སེམས་པ་རྒྱལ་ཁབ་ལ་བཅངས་ནས་རིམས་ནད་ཚོད་འཛིན་བྱེད་པ”སོགས་ཀྱི་བྱེད་སྒོ་སྣ་ཚོགས་ལ་ཧུར་ཐག་ཞུགས་ནས། “དམངས་སེམས་གཅིག་མཐུན་གྱིས་རིམས་ནད་འགོག་བཅོས་བྱེད་པ”དང“ནད་ཡམས་ལ་འགོག་བཅོས་བྱེད་པར་མི་ཚང་མར་འགན་འཁྲི་ཡོད་པ”སོགས་ཀྱི་ལག་བྲིས་དེབ་བཟོས་པ་དང་། “མཉམ་དུ་རིམས་འགོག་བྱས་ནས་ཁྱིམ་གཞིས་སྲུང་བ”སོགས་ཀྱི་ཡིག་གཟུགས་དང་ཐུགས་རྗེ་ཆེ་ཞུ་བའི་ཡི་གེ་བྲིས་པ་རེད། “ཨ་ཁུ་ལགས་དང་ཨ་ཅག་ལགས། ཁྱེད་ཚོས་སྐུ་གཟུགས་ལ་ཐུགས་ཅག་གནང་རོགས”ཞེས་པ་སངས་དོན་གྲུབ་ཀྱིས་ལས་གནས་བརྟན་སྲུང་བྱེད་མཁན་གྱི་དང་བླངས་པ་ཚོར་སྙིང་དབུས་ནས་སྨོན་འདུན་དང་གུས་འདུད་ཞུས་པ་རེད།

པ་སངས་དོན་གྲུབ་ཀྱིས་གཞན་ལ་སེམས་རྩ་འཁོལ་པོས་རོགས་རམ་བྱས་པས་རང་ཉིད་ལ་སྤྲོ་སྣང་དང་ཡིད་ཆེས་མང་པོ་ཞིག་ཐོབ་བྱུང་ཞེས་བཤད།

西藏青年报

↑ TOP


按日期搜索
12 2022
 
 
 
 

西藏青年报藏文版

分享到

微信

QQ

QQ空间

微博