http://zw.xzqnb.cn/Content/weixinlogo.png
དུས་རབས་ཀྱི་བརྒྱུད་རིམ་ཁྲོད་སྤྱི་ཚོགས་འཕེལ་རྒྱས་གོམ་གང་མདུན་
http://zw.xzqnb.cn/m/content/2023-09/15/000267.html
《汉文版》 《藏文版》

第04版:རྩོམ་རིག་དགའ་ཚལ།

༄༅། །སློབ་སྦྱོང་ནི་རྒྱུན་རིང་གི་འབད་བརྩོན་ལ་བརྟེན་དགོས།

༄༅། །བཤེས་གཉེན་བཀའ་དྲིན་ཡིད་ནས་དྲན།

དགེ་རྒན་གྱི་ལས་རོགས་ཆུང་ཆུང་། འཛིན་གྲྭའི་ཉི་མ་ཆུང་ཆུང་།

དུས་རབས་ལས་བྱུང་བའི་བདེ་སྐྱིད།

等待处理…

དུས་རབས་ལས་བྱུང་བའི་བདེ་སྐྱིད།

作者 བསོད་བཀྲ། བསོད་བསྟན།
2023年09月15日

དུས་རབས་ཀྱི་བརྒྱུད་རིམ་ཁྲོད་སྤྱི་ཚོགས་འཕེལ་རྒྱས་གོམ་གང་མདུན་སྤོས་ཕྱིན་པས་རང་རྒྱལ་འདི་ཉིད་ཀྱང་དབྱར་མཚོ་རྒྱས་པ་ལྟར་གང་སྤྱིར་འཕེལ་རྒྱས་དང་། འཕོ་འགྱུར་གྱི་ལེའུ་མང་པོ་བརྩམས་ཡོད་ལ། ཚན་རིག་དང་། ཚན་རྩལ། དཔལ་འབྱོར། རིག་གནས་སོགས་གང་ཅིར་འཕེལ་རྒྱས་བྱུང་ནས་མི་དམངས་དུང་ཕྱུར་མང་པོ་ཉམ་ཐག་དབུལ་ཕོངས་དང་། རྗེས་ལུས་ཀྱི་ཡ་ང་བའི་ལོ་ཟླ་ཕ་མཐར་བསྐྲད་དེ་དུས་རབས་གསར་པའི་བདེ་སྐྱིད་ཀྱི་འཚོ་བར་རོལ་ཐུབ་པ་བྱུང་ཡོད།

ལྷག་པར་དུ་ཏང་གི་ཡང་དག་པའི་མཛད་ཕྱོགས་སྲིད་ཇུས་འོག་རྒྱ་ཆེའི་ཞིང་གྲོང་མང་ཚོགས་ཀྱི་ཐོན་ལས་དཔལ་འབྱོར་འཕེལ་རྒྱས་འགྲོ་མགྱོགས་པ་མ་ཟད། མང་ཚོགས་ཀྱི་ཐོན་སྐྱེད་ཐོན་འཕར་ལེགས་བཅོས་ཐོག་འཚོ་གོས་ཉིན་རེ་བཞིན་ཡར་རྒྱས་བྱུང་ནས། འཕེལ་རྒྱས་ཀྱི་གནམ་ས་བླ་འོག་ཏུ་བསྒྱུར་བའི་འགྱུར་ལྡོག་དང་འཕེལ་རྒྱས་ཀྱི་སྒོ་འཕར་ཡངས་པོར་གཏོད་ཡོད། དམངས་ཡོངས་ཀྱིས་ཐོག་མའི་བསམ་འདུན་མ་བརྗེད་པ་དང་། འགན་འཁྲི་ཡིད་ལ་བརྟན་པོར་ངེས་ནས་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་ཡོང་ཆེད་སློབ་གསོ་དང་། འཕྲོད་བསྟེན། ཁྲིམས་སྐྱོང་། བརྟན་ལྷིང་། གཞི་མཐུན། དཔལ་ཡོན་སོགས་ལྡན་པའི་དེང་རབས་ཀྱི་ལམ་ཆེན་ཐོག་གོམ་ཞེང་ཆེན་པོས་བསྐྱོད་བཞིན་ཡོད། ཕྱོགས་མཚུངས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་དང་ཏང་གི་ཚོགས་ཆེན་བཅུ་དགུ་པ། ཏང་གི་ཚོགས་ཉི་ཤུ་པ་བཅས་ཚོགས་ཚུན་དངོས་ཐོག་བདེན་འཚོལ་གྱི་རང་རྒྱལ་འདི་ཉིད་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་ཀྱི་ལམ་བུའི་ཐོག་དངོས་སུ་བསྐྱོད་ཐུབ་པ་བྱུང་ནས་མི་དམངས་རྣམས་ལ་བདེ་སྐྱིད་འཐོབ་ཚོར་ཆེན་པོ་བྱུང་ཡོད།

འདས་པའི་ལོ་ཟླ་ཕར་ལ་སྐྱེལ། མ་འོངས་འོད་སྟོང་ཚུར་ལ་བསུས་ཤིང་གང་སྤྱིར་དུས་རས་གསར་པའི་སྤྱི་ཚོགས་རིང་ལུགས་ཀྱི་རྒྱལ་ཁབ་སྟོབས་ལྡན་དང་བོད་ལྗོངས་གསར་པ་འཛུགས་སྐྲུན་བྱ་ཆེད། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་། ལག་ལེན་མཐའ་འཁྱོངས། འཛུགས་སྐྱོང་མཐའ་འཁྱོངས་བཅས་ཀྱི་འོད་སྟོང་འཕྲོ་བའི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་དང་། དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་བསྐྲུན་བཅས་ཀྱི་དམིགས་ཡུལ་མངོན་འགྱུར་ཡོང་ཆེད། མ་འོངས་ཀྱི་ལོ་ཟླའི་ནང་ཏང་གི་བཀའ་དྲིན་བློ་ལ་བརྟན་པོར་ངེས་ནས་མེས་རྒྱལ་གྱི་རེ་བ་དང་མི་དམངས་ཀྱི་མངགས་བཅོལ་དག་ལ་འབྲས་བཟང་ཐོབ་ཆེད། རང་ཉིད་ཀྱི་སྟོབས་ཤུགས་ལེགས་སྐྱེས་སུ་འཕུལ་ནས་མིང་དོན་མཚུངས་པའི་གཞོན་ནུ་བཟང་པོ་ཞིག་བྱེད་དགོས།

西藏青年报

↑ TOP


按日期搜索
12 2022
 
 
 
 

西藏青年报藏文版

分享到

微信

QQ

QQ空间

微博