西藏青年报藏文版རྩོམ་རིག་དགའ་ཚལ། ༄༅། །སློབ་སྦྱོང་ནི་རྒྱུན་རིང་གི་འབད་བརྩོན་ལ་བརྟེན་དགོས། ༄༅། །བཤེས་གཉེན་བཀའ་དྲིན་ཡིད་ནས་དྲན། དགེ་རྒན་གྱི་ལས་རོགས་ཆུང་ཆུང་། འཛིན་གྲྭའི་ཉི་མ་ཆུང་ཆུང་། དུས་རབས་ལས་བྱུང་བའི་བདེ་སྐྱིད།

放大 缩小 默认

༄༅། །བཤེས་གཉེན་བཀའ་དྲིན་ཡིད་ནས་དྲན།

□ 作者 ཀུན་བཟང་དབང་མོ།

དཀའ་ལས་བྱས་པ་ཅན་གྱི་བཤེས་གཉེན་ལགས། །

ཁ་ལ་ཉན་པའི་སློབ་ཕྲུག་ཁྱེད་ལ་གུས། །

ག་དུས་ཡིན་ཡང་ང་ཚོར་རིག་གནས་བསླབ། །

ང་ཚོ་ཚང་མ་ཁྱེད་ལ་དགའ་ཞིང་གུས། །

ཅ་ལག་སྤུས་དག་ཚང་མ་ང་ཚོར་གནང་། །

ཆ་རྒྱུས་མེད་པའི་སློབ་མར་སེམས་ཁུར་ཆེ། །

ཇ་ཤིང་འཁྱོག་པོའི་རང་གཤིས་རབ་སྤངས་ཏེ། །

ཉ་ཆུ་ལྟ་བུའི་བརྩེ་བ་ང་ཚོར་བཅངས། །

ཏ་མ་ལ་བཞིན་ང་ཚོའི་ཚ་ཟེར་འཇོམས། །

ཐ་མལ་ང་ཚོར་རིག་གནས་ཀུན་སྤྱོད་སློབ། །

ད་གཟོད་བཤེས་གཉེན་བཀའ་དྲིན་ཡིད་ལ་ཚོར། །

ན་སོ་ལོན་དུས་སེམས་ན་ཇེ་གསལ་རེད། །

པ་ཕ་བཞིན་དུ་ང་ཚོར་སློབ་གསོ་བསྐྱོན། །

ཕ་མ་བཞིན་དུ་ང་ཚོར་བྱམས་སྐྱོང་གནང་། །

བ་མོའི་འོ་མ་བཞིན་དུ་ཐུགས་སེམས་དཀར། །

མ་མ་གཉིས་པར་གྲགས་པའི་བཤེས་གཉེན་རང་། །

ཙ་ཀོ་ར་བཞིན་ང་ཚོར་གཟིགས་སྐྱོང་དང་། །

ཚ་གྲང་བཀྲེས་སྐོམ་ཉིན་མཚན་ལྟ་སྐྱོང་གིས། །

ཛ་དྲག་ལས་འབྲེལ་ཆེ་ཡང་ང་ཚོར་བསྟུན། །

ཝ་ལེར་བསམ་ན་ཁྱེད་ནི་དྲིན་རང་ཆེ། །

ཞྭ་གོས་ལྷམ་བཞིན་ང་ཚོར་སྲུང་སྐྱོབ་ཀྱིས། །

ཟ་དུས་ཉལ་དུས་ལུས་དང་བྲལ་མེད་སྲུང་། །

འ་འུར་ཁྲལ་སེལ་གོམས་གཤིས་གཏན་ནས་མེད། །

ཡ་རབས་མིག་དཔེ་བཟང་པོ་ཁྱེད་ལས་སུ། །

ར་མ་ལུག་གི་ཆ་ལུགས་དོར་དགོས་གསུངས། །

ལ་ལུང་གང་དུའང་དཔེ་ཆར་ཞེན་དགོས་གསུངས། །

ཤ་ཚའི་སྙིང་གིས་ཉིན་མཚན་བརྩེ་བས་བསྐྱངས། །

ས་ཐག་རྒྱང་དུ་གྱེས་ཀྱང་ཐུགས་ཀྱིས་སྐྱོང་། །

ཧ་ཅང་སྙན་ཚིག་མིན་ཡང་སེམས་གཏམ་རང་། །

ཨ་ཙི་ང་ཡི་བཤེས་གཉེན་དྲིན་རང་དྲན། །

ལྷ་ས་ཅང་སུའུ་ཚོད་ལྟའི་སློབ་འབྲིང་ལང་ཚོའི་མེ་ཏོག་རྩོམ་རིག་ཚོགས་པ།

ཟུར་ཁྲིད་དགེ་རྒན། བོན་བསྟན་འཛིན།

放大 缩小 默认
西藏青年报社出版  |  国内统一刊号:CN54—0006  |  邮发代号:67—11
制作单位:中国西藏青年报  |  所有内容为中国西藏青年报版权所有,未经授权不得复制转载或建立镜像  |  藏ICP备2022000062号
声明