http://zw.xzqnb.cn/Content/weixinlogo.png
གལ་ཏེ་སའི་གོ་ལ་ནི་སྔོ་ལྗང་ཅན་ཞིག་ཡིན་ན། མི་རྣམས་རྟག་ཏུ་བདེ་སྐ
http://zw.xzqnb.cn/m/content/2023-09/08/000249.html
《汉文版》 《藏文版》

第04版:རྩོམ་རིག་དགའ་ཚལ།

༄༅། །མདང་ནུབ་ཀྱི་རྨི་ལམ།

༄༅། །ཕ་ཡུལ་གྱི་སྟོན་ཁ།

༄༅། །ཁོར་ཡུག་ལ་སྲུང་སྐྱོབ་བྱེད་དགོས།

༄༅། །འུར་གཏམ་ལ་འུར་ལན་བསློགས་པ།

མཛེས་སྡུག་དང་བདེ་སྐྱིད་ལྡན་པའི་བོད་ཀྱི་ལེའུ་གསར་པ་ཧུར་ཐག་རྩོམ་པ།

མཛེས་སྡུག་དང་བདེ་སྐྱིད་ལྡན་པའི་བོད་ཀྱི་ལེའུ་གསར་པ་ཧུར་ཐག་རྩོམ་པ།

等待处理…

༄༅། །ཁོར་ཡུག་ལ་སྲུང་སྐྱོབ་བྱེད་དགོས།

作者 སྤྱང་མོ།
2023年09月08日

གལ་ཏེ་སའི་གོ་ལ་ནི་སྔོ་ལྗང་ཅན་ཞིག་ཡིན་ན། མི་རྣམས་རྟག་ཏུ་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་ནས་བདེ་ཐང་གི་ལུས་པོ་ཞིག་ཡོང་ངེས་ཡིན། ཐ་ན་འཇིག་རྟེན་འདིའི་སྟེང་དུ་གནས་པའི་སྲོག་ལྡན་ཡོངས་ཀྱི་བདེ་ཐང་དང་། སྐྱེ་དངོས་ཀྱི་འཚར་ལོངས་ལའང་ཕན་ཐོགས་ཡོད་སྲིད། དེར་བརྟེན་ང་ཚོས་ད་ལྟ་ནས་ཁོར་ཡུག་ལ་སྲུང་སྐྱོབ་བྱ་ཆེད། རང་ཉིད་ལ་སྟོབས་ཤུགས་ཆུང་ངུ་ཞིག་ལས་མེད་ཀྱང་ལེགས་སྐྱེས་འབུལ་དགོས།

ཁོར་ཡུག་སྲུང་སྐྱོབ་བྱེད་པ་ནི་མི་སོ་སོའི་འོས་འགན་ཡིན། ང་ཚོས་རྒྱུན་དུ་གང་སར་མེ་ཏོག་བཏབ་ན། མཁའ་རླུང་གཙང་དུ་འགྲོ་བ་མ་ཟད། མི་རྣམས་ཀྱིས་རྒྱུན་དུ་དབུགས་འབྱིན་རྔུབ་བྱེད་པར་ཡང་ཕན་བདེ་ཡོང་རྒྱུ་རེད།

ང་ཚོ་སློབ་མ་ཞིག་གི་ངོས་ནས་བརྗོད་ན་ཡང་དགོང་ཚོགས་དང་ཞོགས་ཚོགས་སྐབས། གློག་བེད་སྤྱོད་གང་བྱུང་དུ་གཏོང་རྒྱུ་མེད། དེ་ལྟར་བྱས་ན། གཅིག་ནས་གློག་འཕྲོ་བརླག་ཏུ་མི་འགྲོ་བ་དང་། གཉིས་ནས་ཁོར་ཡུག་སྲུང་སྐྱོབ་ཀྱི་ལས་བཟང་བྱས་པ་དང་འདྲ། ལོ་རེའི་ཟླ་༣པའི་ཚེས་༡༢ཉིན་ནི་ལྕང་འཛུགས་དུས་ཆེན་ཡིན་པས་ཉིན་དེར་མི་རྣམས་ཀྱིས་གང་སར་ལྕང་མ་འཛུགས་འདེབས་བྱེད་ཀྱི་ཡོད།

རྒྱལ་ཁབ་ཀྱིས་ཀྱང་ཁོར་ཡུག་ལ་སྲུང་སྐྱོབ་བྱེད་པ་ནི་དོན་ཆེན་ཞིག་ལ་བརྩིས་ནས། འབྲེལ་ཡོད་ཤེས་བྱ་ཁྱབ་བསྒྲགས་དང་། རྒྱབ་སྐྱོར་ཤུགས་ཆེན་གནང་གི་ཡོད། སྲིད་གཞུང་གི་བཀོད་སྒྲིག་གཞིར་བཟུང་རི་ཀླུང་གང་སར་ལྕང་མ་བཙུགས་ནས། སྔོ་ལྗང་བཟོ་ཡི་ཡོད། གལ་ཏེ་མི་ཚང་མས་ཁོར་ཡུག་ལ་སྲུང་སྐྱོབ་བྱས་ན། འཇིག་རྟེན་འདི་བདེ་ཞིང་སྐྱིད་པ་ཞིག་ཏུ་འགྱུར་རྒྱུ་ནི་སུས་ཀྱང་སྨོས་མི་དགོས་པ་ཞིག་རེད། །

西藏青年报

↑ TOP


按日期搜索
12 2022
 
 
 
 

西藏青年报藏文版

分享到

微信

QQ

QQ空间

微博