http://zw.xzqnb.cn/Content/weixinlogo.png
མདང་ནུབ་ལ་མཚོན་ན། ཤག་ཤག་ཏུ་འབབ་པའི་ཆར་པས་སྙན་འཇེབས་ཀྱི་གླུ་དབ
http://zw.xzqnb.cn/m/content/2023-09/08/000247.html
《汉文版》 《藏文版》

第04版:རྩོམ་རིག་དགའ་ཚལ།

༄༅། །མདང་ནུབ་ཀྱི་རྨི་ལམ།

༄༅། །ཕ་ཡུལ་གྱི་སྟོན་ཁ།

༄༅། །ཁོར་ཡུག་ལ་སྲུང་སྐྱོབ་བྱེད་དགོས།

༄༅། །འུར་གཏམ་ལ་འུར་ལན་བསློགས་པ།

མཛེས་སྡུག་དང་བདེ་སྐྱིད་ལྡན་པའི་བོད་ཀྱི་ལེའུ་གསར་པ་ཧུར་ཐག་རྩོམ་པ།

མཛེས་སྡུག་དང་བདེ་སྐྱིད་ལྡན་པའི་བོད་ཀྱི་ལེའུ་གསར་པ་ཧུར་ཐག་རྩོམ་པ།

等待处理…

༄༅། །མདང་ནུབ་ཀྱི་རྨི་ལམ།

作者 དབང་ཆེན་དབང་མོ།
2023年09月08日

མདང་ནུབ་ལ་མཚོན་ན། ཤག་ཤག་ཏུ་འབབ་པའི་ཆར་པས་སྙན་འཇེབས་ཀྱི་གླུ་དབྱངས་ལེན་བཞིན་ང་རང་གཉིད་དུ་བཅུག མིག་ལམ་དུ་འཆར་འོང་བ་ནི་རྒྱུས་མངའ་ཤིན་ཏུ་ཆེ་བའི་གྲིབ་གཟུགས་རེད་འདུག ཉིན་དགུང་གི་ཁ་ལག་བཟས་ཚར་རྗེས་ཁོང་གིས་འཐེན་གཞོང་ནས་འགྱིག་སྐུད་དང་གྲི་ཞིག་ཁྱེར་ཏེ་སྒོ་རའི་ནང་དུ་ཕྱིན། མཚར་སྣང་གི་སྐུལ་འདེད་འོག་རྗེས་སུ་རྒྱུགས་པ་ནི་བྱིས་པ་སུས་ཀྱང་བྱེད་སྲིད་པའི་བྱ་བ་ཞིག་མིན་ནམ། ནམ་མཁའ་ལ་སྤྲིན་བྱིའུའི་མགོ་ཙམ་ཡང་མེད་མོད་ཁོང་ནི་སྒོ་འགྲམ་གྱི་ཉི་མ་སྲོ་སའི་པང་ལེབ་སྟེང་དུ་བསྡད་འདུག ལག་ཏུ་སྨྱུག་མ་ཞིག་བཟུང་ཡོད་པ་གསལ་ལེར་མཐོང་ཐུབ། ཨ་ཕའི་ལག་པ་འགུལ་ཐེངས་འགའ་ཞིག་ལ་རྫིག་ཉམས་དོད་པའི་མདའ་གཞུ་དངོས་སུ་ལེགས་འགྲུབ་བྱུང་འདུག ཁོང་གིས་སྒོ་རའི་ནང་གི་ཁྱི་ལ་ཚད་ནས་མདའ་ལན་གསུམ་འཕངས་སོང་། ཤུགས་ཆེན་པོ་མ་བྱས་པའི་བཀའ་དྲིན་མ་གཏོགས་མིག་མདུན་དུ་ཡོད་པ་ནི་བེམ་རོ་ཡིན་སྲིད་པ་གོར་མ་ཆག མདའ་རྩལ་ལ་བལྟས་པ་ཙམ་གྱིས་སྔོན་ཆད་ཁོང་ནི་རྔོན་པ་ཞིག་ཡིན་པ་ཤེས་མི་ཚོར་བའི་རྒྱུ་མི་འདུག

ངས་མྱུར་དུ་ཁོང་གི་ལག་ནས་མདའ་གཞུ་བླངས་ཏེ་འཁྲབ་སྟོན་བྱེད་རྩིས་བྱས། གྲ་སྒྲིག་བྱས་ནས་ཕ་རོལ་པོའི་གྱང་ལ་ཚད་སྐབས་གོ་མེད་ཚོར་མེད་ངང་མགོ་བོ་གཞུའི་ནང་དུ་བཅུག་ཟིན། མདའ་འཕེན་པ་དང་ཆབས་ཅིག་གློ་བུར་དུ་བྱུང་བའི་ན་ཚས་སྡུག་སྐད་ཅིག་དབང་མེད་དུ་ཤོར། ཡུད་ཙམ་སོང་རྗེས་ངས་ཁོང་ལ་བལྟས་པ་ན། འཛུམ་མདངས་ཀྱིས་ངོ་གདོང་ཡོངས་སུ་ཁེབས་འདུག དཔྲལ་བའི་གཉེར་མ་རེ་རེས་བུ་ཕྲུག་ལ་བཅངས་པའི་བརྩེ་དུང་ཟབ་མོ་མཚོན་པ་དང་དབུ་སྐྲ་དཀར་པོའི་ཉག་མ་རེ་རེའི་ནང་དུ་ཚེ་གང་པོར་ལྷག་བསམ་རྣམ་དག་གིས་རང་གི་བུ་ཕྲུག་གསོ་སྐྱོང་བྱས་པའི་ང་རྒྱལ་དང་གཟི་བརྗིད་ཀྱི་ཉམས་འགྱུར་འདུས་ཡོད།

གཞི་ནས་གཉིད་སད། ཆར་པ་ནི་སྔར་བཞིན་འབབ་ཀྱི་འདུག ཨ་ཕའི་འཛུམ་མདངས་ཀྱང་ངའི་སྙིང་དབུས་སུ་རྡོ་བརྐོས་རི་མོ་བཞིན་བསུབ་ཐབས་བྲལ་ཡང་འདས་པའི་དོན་ལ་ཞེན་ཆགས་བྱ་རྒྱུ་ཅི་ཡོད། ལོ་ཟླས་དལ་གྱིས་བཅོམ་པའི་ཨ་མའི་སྐུ་གཟུགས་ལ་ལྟ་སྐྱོང་བྱ་རྒྱུ་ནི་བུ་མོ་ངའི་འོས་འགན་ཡིན་མོད། གོམས་གཤིས་སུ་གྱུར་པའི་ཀ་བ་ལྟ་བུའི་ངའི་རྣམ་འགྱུར་དང་གཤིས་ཀ་ངན་པ་དེས་ཁོང་ལ་བུ་མོའི་བརྩེ་བ་མེད་པའི་སེམས་སྡུག་དང་རྨ་ཁ་འབའ་ཞིག་སྟེར་བ་རེད། ད་ཆ་ངས་ཕ་མའི་བཀའ་དྲིན་ཤེས་ལ་གཤིས་རྒྱུད་ཀྱང་འགྱུར་བ་སོང་ཡོད། ཕྱིན་ཆད་ཀྱང་ཡག་ནས་ཡག་ཏུ་བྱེད་པའི་དམ་བཅའ་ནི་ངའི་མ་འོངས་པའི་ལས་ཀའི་རྩ་དོན་ཞིག་ཀྱང་ཡིན་ནོ། །

ལྷ་ས་ཅང་སུའུ་ཚོད་སློབ་ལང་ཚོའི་མེ་ཏོག་རྩོམ་རིག་ཚོགས་པ།

ཟུར་ཁྲིད་དགེ་རྒན། ཚེ་བརྟན་རྒྱལ་པོ།

西藏青年报

↑ TOP


按日期搜索
12 2022
 
 
 
 

西藏青年报藏文版

分享到

微信

QQ

QQ空间

微博