http://zw.xzqnb.cn/Content/weixinlogo.png
༡བོད་ཟླ་བརྒྱད་པའི་རླུང་བུ། སྟོན་ལོ་སེར་པོའི་གཤོག་སྒྲོ་དང་ལྷན་
http://zw.xzqnb.cn/m/content/2023-09/08/000248.html
《汉文版》 《藏文版》

第04版:རྩོམ་རིག་དགའ་ཚལ།

༄༅། །མདང་ནུབ་ཀྱི་རྨི་ལམ།

༄༅། །ཕ་ཡུལ་གྱི་སྟོན་ཁ།

༄༅། །ཁོར་ཡུག་ལ་སྲུང་སྐྱོབ་བྱེད་དགོས།

༄༅། །འུར་གཏམ་ལ་འུར་ལན་བསློགས་པ།

མཛེས་སྡུག་དང་བདེ་སྐྱིད་ལྡན་པའི་བོད་ཀྱི་ལེའུ་གསར་པ་ཧུར་ཐག་རྩོམ་པ།

མཛེས་སྡུག་དང་བདེ་སྐྱིད་ལྡན་པའི་བོད་ཀྱི་ལེའུ་གསར་པ་ཧུར་ཐག་རྩོམ་པ།

等待处理…

༄༅། །ཕ་ཡུལ་གྱི་སྟོན་ཁ།

作者 གཉལ་གཞུང་བཀྲ་རྣམ།
2023年09月08日

བོད་ཟླ་བརྒྱད་པའི་རླུང་བུ། སྟོན་ལོ་སེར་པོའི་གཤོག་སྒྲོ་དང་ལྷན་དུ་ལིང་ལིང་ངང་གར་ལ་རོལ། འབྲུ་རིགས་སྣ་ལྔའི་དྲི་བསུང་གིས་བསྐྱིལ་བའི་མཁའ་རླུང་སྲབ་མོ། ཤོ་ཕོ་སྟག་ལའི་རྩེ་མོ་ནས་ཞིང་ཐང་གྲུ་བཞིའི་རྣང་མ་བར་ཡུག་གཅིག་ཏུ་ཁྱབ། ཕ་ཡུལ། ན་སོ་དར་ལ་བབས་པའི་གཞོན་ནུ་མ་བཞིན། མཉེན་འཇམ་རླུང་བུའི་འགྱུར་ཁུག་ལ་བཞོན་ནས་ལང་ཚོའི་ཁ་དོག་ཅི་གར་ངོམས།

ཨ་མའི་སྐྲ་དཀར་དང་རྒས་གཉེར། སྐྱ་ཐེར་ཐེར་གྱི་ཕ་ཡུལ་གྱི་རི་བོ་དང་མཉམ་དུ་ལོ་ཟླའི་རླུང་ཁ་ན་བསྒྲེངས། གསེར་ཞུན་གྱིས་ལན་བརྒྱར་བྱུགས་འདྲའི་ཞིང་ཐང་ན། གཞོན་ནུ་སོ་ནམ་པས་སྤོབས་སེམས་ཀྱིས་བླངས་པའི་སྙན་འཇེབས་གླུ་དབྱངས། འབྲས་བུའི་དོ་ཤལ་གྱིས་བརྒྱན་པའི་སྙེ་རླབས་ཁྲོད་ན་འཕྱོ་ཞིང་རྩེན། ཨ་མས་མུ་ཁ་རུ་ལངས་ཏེ་ཐག་རིང་གི་བུ་ཆུང་ལ་དྲན་སེམས་ཀྱི་མཆི་མ་བོར། ཕ་ཡུལ། གཅེན་མོའི་རྔུལ་ཆུ་དང་ཨ་མའི་མིག་ཆུས་བསྐྲུན་པའི་ངའི་བྱིས་དུས་ཀྱི་རྩེད་ར་ལྗང་ཁུ།

ཁྲུང་ཁྲུང་དཀར་མོ། འཕྲེང་ཞེན་གྱི་ཕྱིར་མིག་འཕན་གྱིན་རུ་སྟར་འགྲིག་འགྲིག་ངང་ལྷོ་ཕྱོགས་སུ་འཕུར། མཁའ་དབུགས་ཁྲོད། ཟོར་བ་ལོ་ཏོག་འཐབ་པའི་ཚག་སྒྲ། འགྱུར་ཁུག་སྙན་མོ་ཞིག་དང་ལྷན་དུ་ལྷང་ལྷང་གྲགས། གཡུལ་ཁ་རུ་འཕྲུལ་འཁོར་དང་ཡུལ་མི་ཚོའི་རྩོལ་བ་ལས། འབྲུ་སྣའི་བུ་ཆུང་སྙེ་མའི་རུམ་ལས་འཁྲུངས། ཁྱིམ་འཛིན་ཨ་མ། གཡུལ་ཁ་དང་འབྲུ་མཛོད་ཀྱི་བར་ན་བྲེལ་འཚུབ་ཀྱིས་བརྒྱུགས། ཕ་ཡུལ། ལང་ཚོ་ཐལ་རྡུལ་གྱི་ཁྲོད་ན་ཟད་ཅིང་འབྲུ་རྡོག་རེ་རེས་དཔྲལ་སྟེང་ན་རྒས་གཉེར་རེ་རེ་འཐེན།

西藏青年报

↑ TOP


按日期搜索
12 2022
 
 
 
 

西藏青年报藏文版

分享到

微信

QQ

QQ空间

微博