西藏青年报藏文版རྩོམ་རིག་དགའ་ཚལ། ༄༅། །མདང་ནུབ་ཀྱི་རྨི་ལམ། ༄༅། །ཕ་ཡུལ་གྱི་སྟོན་ཁ། ༄༅། །འུར་གཏམ་ལ་འུར་ལན་བསློགས་པ། ༄༅། །ཁོར་ཡུག་ལ་སྲུང་སྐྱོབ་བྱེད་དགོས། མཛེས་སྡུག་དང་བདེ་སྐྱིད་ལྡན་པའི་བོད་ཀྱི་ལེའུ་གསར་པ་ཧུར་ཐག་རྩོམ་པ།

放大 缩小 默认

༄༅། །འུར་གཏམ་ལ་འུར་ལན་བསློགས་པ།

གནའ་སྔ་མོ་དབུས་ཀྱི་མི་འུད་ཤོབ་ཚ་པོ་གཅིག་དང་། ཕྱོགས་གཞན་ནས་ཡོང་བའི་མི་གཅིག་ཐུག་པ་རེད། མི་གཞན་དེས་དབུས་པའི་མི་དེར། ཁྱོད་ཚོའི་ལུང་པར་ད་ལོ་སྟོན་ཐོག་ཡག་ཉེས་གང་འདྲ་འདུག་ཅེས་དྲིས་པར། དབུས་པའི་མི་དེས། ད་ལོ་སྟོན་ཐོག་ཚང་མ་ཡག་པོ་ཡོད། ལྷག་པར་དུ་ཙོང་སྐྱེས་དྲགས་ནས་ལྷ་སའི་སྐྱིད་ཆུར་འཕྲེད་ཉལ་བྱས་ནས་དེང་སང་སྐྱིད་ཆུར་ཀོ་གྲུ་གཏོང་དགོས་ཀྱི་མེད། འགྲུལ་པ་དང་སྒོ་ཕྱུགས་ཚང་མ་ཙོང་གི་སྦུག་ནས་འགྲོ་ཡི་ཡོད་ཅེས་བརྗོད། མི་གཞན་དེས་ཧ་ལས་མདོག་མ་བྱས་པར་ཁོའི་འུར་གཏམ་དེ་ལ་ཡ་ལན་ནན་པོ་ཞིག་སློག་དགོས་འདུག་བསམས་ནས་བསམ་བློ་གཏོང་སྐབས། དབུས་པའི་མི་དེས་མི་གཞན་དེ་ལ། ཁྱོད་ཚོའི་ལུང་པར་མི་འདྲ་བ་གང་ཡོད་ཅེས་དྲིས་པར། མི་གཞན་པ་དེས། ང་ཚོའི་ལུང་པར་དེང་སང་ཟངས་ཆེན་པོ་དཔེ་མི་སྲིད་པ་ཞིག་རྡུང་གིན་ཡོད། ཟངས་དེ་ཆེ་དྲགས་པས་མགར་བ་མི་གྲངས་ཁྲི་ཕྲག་མང་པོ་འདུག བཟོ་བཀོད་བྱེད་མི་དབུ་ཆེན་བརྒྱ་ཕྲག་མང་པོས་རྟ་རྒྱུག་བཏང་ནས། ཤར་ལྷོ་ནུབ་བྱང་སོ་སོར་བཀོད་པ་གཏོང་བར་ཕྱིན་ན་མ་གཏོགས། གོམ་པ་སྤོས་ནས་སླེབས་ཐབས་བྲལ་ཞེས་བཤད། དབུས་པའི་མི་དེས་ཧ་ལས་པའི་ངང་། དེ་འདྲའི་ཟངས་ཆེན་པོ་བརྡུངས་ནས་ག་རེ་བཙོ་བྱེད་རེད་ཅེས་དྲིས་པར། ཕྱོགས་གཞན་ནས་ཡོང་བའི་མི་དེས། ཁྱོད་རང་ཚོའི་དབུས་ཀྱི་ཙོང་ཆེན་པོ་དེ་བཙོ་བྱེད་རེད་ཅེས་ལན་བཏབ་བོ། །

放大 缩小 默认
西藏青年报社出版  |  国内统一刊号:CN54—0006  |  邮发代号:67—11
制作单位:中国西藏青年报  |  所有内容为中国西藏青年报版权所有,未经授权不得复制转载或建立镜像  |  藏ICP备2022000062号
声明