http://zw.xzqnb.cn/Content/weixinlogo.png
ངའི་ཉལ་ཁང་ནང་སྒྲོག་རྩེ་ཆུང་ཆུང་ཞིག་ཡོད་པ་དེ་ནི་བདག་ཤིན་ཏུ་དག
http://zw.xzqnb.cn/m/content/2023-06/30/000144.html
《汉文版》 《藏文版》

第04版:རྩོམ་རིག་དགའ་ཚལ།

༄༅། །མཛེས་པའི་ཕ་ཡུལ།

༄༅། །ང་ཡི་སློབ་གྲོགས།

༄༅། །ང་དང་རྩོམ་ཡིག །

༄༅། །གཅེས་སྤྲས།

等待处理…

༄༅། །ང་དང་རྩོམ་ཡིག །

作者 ལྷ་མོ་ཚེ་རིང་།
2023年06月30日

ངའི་ཉལ་ཁང་ནང་སྒྲོག་རྩེ་ཆུང་ཆུང་ཞིག་ཡོད་པ་དེ་ནི་བདག་ཤིན་ཏུ་དགའ་བའི་དཔེ་དེབ་རྣམས་འཇོག་ས་ཡིན། ང་རང་སྒྲུང་དེབ་བལྟ་རྒྱུར་དེ་ཙམ་དགའ་པོ་མེད་པས་དེབ་དེ་ཚོའི་ནང་ནས་བརྒྱ་ཆ་བརྒྱ་བཅུ་རྩོམ་ཡིག་དང་རྩོམ་འབྲིའི་ཤེས་བྱའི་དེབ་ཡིན། དགོང་དྲོ་སྦྱོང་ཚན་བྲིས་ཚར་རྗེས་ལམ་སེང་མ་ཉལ་བར་རྩོམ་ཡིག་བཞི་ལྔ་བལྟ་རྒྱུ་རྒྱུན་འཁྱོངས་བྱེད་ཀྱི་ཡོད། ངས་དེ་འདྲ་བྱས་ཀྱང་རྩོམ་འབྲིའི་ནུས་པ་དེ་ཙམ་ཡར་རྒྱས་སུ་འགྲོ་ཐུབ་ཀྱི་མིན་འདུག

དེའི་རྒྱུ་མཚན་གང་ཡིན་མིན་དེ་ངས་ཟླ་བ་གཉིས་ཀྱི་གོང་དུ་རེས་གཟའ་ཉི་མ་ཞིག་ལ་གཞི་ནས་ཤེས་རྟོགས་བྱུང་སྟེ། ཉིན་དེར་པཱ་ལགས་དང་མཉམ་དུ་ཁྲོམ་ལ་བསྐྱོད་པས་དཔེ་དེབ་ཚོང་ཁང་ཞིག་ལ་སླེབས་སྐབས་ངས་པཱ་ལགས་ང་ལ་དཔེ་དེབ་འདི་ཉོས་དང་ཞེས་ཞུས་པ་ཡིན། པྰ་ལགས་ཀྱིས་ནང་ལ་དཔེ་དེབ་ཧ་ཅང་མང་པོ་ཡོད་པ་མ་ཡིན་ནམ་ཞེས་གསུངས། ངས་དཔེ་དེབ་དེ་ཚོ་ཚང་མ་བལྟས་ཟིན་ཞེས་བཤད་པས་ཁོང་གིས་ངའི་མགོ་ལ་ཕྱག་གིས་བྱིལ་བྱིལ་གནང་བཞིན་དུ་བུ་མོ་ཁྱོད་དཔེ་དེབ་བལྟ་རྒྱུར་དགའ་བས་ཨ་ཕའང་ཤིན་ཏུ་དགའ། འོན་ཀྱང་ཁྱོད་ཀྱིས་བལྟས་ཟིན་པའི་རྩོམ་ཡིག་ནང་གི་སྙིང་དོན་ཤེས་སམ། ཞེས་བཀའ་འདྲི་གནང་བྱུང་། ངས་མགོ་བོ་ཡར་བཏེགས་ཏེ་སྐད་ཤུགས་ཆེན་པོས་ཤེས་ཀྱི་ཡོད་ཅེས་སྤོབས་པ་ཆེན་པོས་ཞུ་སྐབས་པཱ་ལགས་ཀྱིས་འོ་ན་ཁ་བྱང་དུ་གནས་ཚུལ་དེས་ང་ལ་སློབ་གསོ་ཆེན་པོ་ཐེབས་བྱུང་ཞེས་པའི་རྩོམ་ཡིག་དེའི་སྙིང་དོན་གང་བཤད་ཡོད་དམ། ཞེས་དྲིས་གནང་བྱུང་བས་ང་ཅི་ཤོད་འདི་ཤོད་མེད་པར་འགྱུར། །

西藏青年报

↑ TOP


按日期搜索
12 2022
 
 
 
 

西藏青年报藏文版

分享到

微信

QQ

QQ空间

微博