http://zw.xzqnb.cn/Content/weixinlogo.png
ལོ་རྒྱུས་ཀྱི་གླེགས་བམ་གྲུ་བཞིའི་གསེང་དུ། །དགེ་ཆོས་ཀྱི་རྐང་རྗེ
http://zw.xzqnb.cn/m/content/2023-06/30/000145.html
《汉文版》 《藏文版》

第04版:རྩོམ་རིག་དགའ་ཚལ།

༄༅། །མཛེས་པའི་ཕ་ཡུལ།

༄༅། །ང་ཡི་སློབ་གྲོགས།

༄༅། །ང་དང་རྩོམ་ཡིག །

༄༅། །གཅེས་སྤྲས།

等待处理…

༄༅། །གཅེས་སྤྲས།

作者 དབང་ཆེན་དབང་མོ།
2023年06月30日

ལོ་རྒྱུས་ཀྱི་གླེགས་བམ་གྲུ་བཞིའི་གསེང་དུ། །

དགེ་ཆོས་ཀྱི་རྐང་རྗེས་གསལ་ལེར་མངོན་བྱུང་། །

ལོ་ཟླ་ཡི་འཁོར་ལོ་སྒོར་མོའི་སྲུབས་ནས། །

རྔུལ་ཆུ་ཡི་ཕྲེང་བས་བཏབ་པའི་ས་བོན། །

གསེར་མདོག་གི་འབྲས་བུ་ག་ལ་ཐོན་ཡོད། །

ཁུངས་མེད་ཀྱི་གཏམ་འཆལ་འགའ་ཞིག་གྲགས་ནས། །

དགོས་མེད་ཀྱིས་གསེར་གྱི་བུམ་པ་བཅག་དུས། །

ཕངས་སེམས་ཀྱི་ཕྱིར་མིག་ཅིས་ཀྱང་མེད་རུང་། །

གློ་བུར་གྱི་འགྱོད་པ་ཁྱོད་ལ་ཨེ་ཡོད། །

ད་གཟོད་ན་སྐྱོ་བ་ཆང་གིས་གསོས་ཤིང་། །

མཐའ་མཇུག་གི་རེ་བ་བཟི་ལ་བཅོལ་དགོས། །

སྤྱན་ཟུང་ལས་ཐོན་པའི་ཆུ་ཐིགས་རེ་རེས། །

སེམས་ཕམ་པའི་ཉམས་འགྱུར་མངོན་པར་བྱས་དུས། །

ཡིད་སྐྱོ་བའི་ཚོར་བ་ཁྱོད་ལ་བྱུང་ངམ། །

ཉི་གཞོན་གྱིས་བསྲིངས་པའི་འཚོ་བའི་མངར་ཁས། །

དགེ་ཆོས་ཀྱི་རྔུལ་ཆུ་དལ་གྱིས་སྐམ་འདྲ། །

དོན་མེད་ཀྱི་ཅ་ཅོ་ཐལ་བ་མ་ཡིན། །

དོན་དངོས་ཀྱི་མཛུབ་རྗེས་དཔྱད་པར་འགྲོ་འོས། །

དྲན་པ་ནས་འཐུལ་བའི་གཏམ་ཞིག་གླེང་དུས། །

སུན་སྣང་གི་ཚོར་བ་ཁྱོད་ལ་སྟེར་ཚེ། །

རྨོངས་གཉིད་ལས་མ་སད་གུས་མོས་ལན་ནའང་། །

མ་འཇོན་པའི་སྙན་ངག་ཁྱོད་ཀྱིས་གཟིགས་རོགས། །

ལྷ་ས་ཅུང་སུའུ་ཚོད་ལྟའི་སློབ་འབྲིང་ལོ་རིམ༢(11)

ཟུར་ཁྲིད་དགེ་རྒན། ཚེ་བརྟན་རྒྱལ་པོ།

西藏青年报

↑ TOP


按日期搜索
12 2022
 
 
 
 

西藏青年报藏文版

分享到

微信

QQ

QQ空间

微博